ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

རྐྱང་ཚའི་ཆབ་ཚན་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2019-06-28 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཤིས་ཚང་ཚུལ་ཁྲིམས།
             ༄༅། ། རྐྱང་ཚའི་ཆབ་ཚན་ནི་ད་ལྟའི་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མཛོད་དགེ་རྫོང་ཁོངས་སུ་ཡོད་ལ།  དེ་ནི་འབྲུག་དཀར་གཙང་བོའི་འབབས་ཡུལ་བརྒྱུད་ནས་རྐྱང་ཚ་ཡུལ་ཚོའི་མར་འགྲམ་ནས་འབྲུག་དཀར་གཙང་བོའི་ཟམ་པ་བརྒྱུད་ནས་སྤྱི་ལེ་དྲུག་ཙམ་གྱི་ས་ན་གནས་ཡོད།ལོ་རེ་བཞིན་ས་ག་ཟླ་བ་དང་ཧོར་ཟླ་བརྒྱད་པའི་སྐར་མ་རི་ཥི་ཤར་བའི་དུས་གཙོ་བོ་ཡིན་པ་དང་།དུས་རྒྱུན་དུ་ཕྱོགས་བཞིའི་སྐུ་མགྲོན་གང་མང་ཞིག་ཁྲུས་ལ་འཇུག་པར་འོང་བཞིན་མཆིས། ཆབ་ཚན་འདི་ནི་དྲན་པ་གེ་སེར་ཞུ་བས་བཏོན་པ་ནས་བཟུང་ལོ་ངོ་མང་བོའི་ལོ་རྒྱུས་ལྡན་ཞིང་།གནས་ཆུ་འདིས་འགྲོ་བ་ནད་པ་མང་བོར་ཕན་པ་རྒྱ་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད། གནས་འདི་ན་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ཆབ་ཚན་དང་།སྒྲོལ་མའི་ཆབ་ཚན། གདུགས་དཀར་གྱི་ཆབ་ཚན། ཕྱག་རྡོར་དང་དུག་སེལ་མའི་ཆབ་ཚན། རྟ་མགྲིན་ཡང་གསང་གི་ཆབ་ཚན།  རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཆུ། དེ་དང་ཉེ་བར་བྲན་པ་གེ་སེར་གྱི་སྒྲུབ་ཕུག ཚེ་རིང་མཆེད་ལྔའི་གནས་རི།ལྷ་མོའི་ཁྲག་མཚོར་གྲགས་པའི་མཚོ་གཉན་ཆ་ཅན། བག་ཙེའི་གནས་རི་བཅས་ཀྱང་ཡོད་དོ།  །ཆབ་ཚན་གྱི་ཉེ་འཁོར་ན་ངག་རྒྱུན་དུ་སེང་གེ་དཀར་མོའི་འོ་ཡིན་ཟེར་བའི་ཁྲུས་ཞུགས་པའི་འཐུང་ཆུ་དྭངས་ཤིང་གསལ་ལ་དྲི་ང་བ་མེད་པའི་རྫ་ཆུ་བསིལ་ལྷུང་ལྷུང་དུ་འབབ་བཞིན་མཆིས།མདོ་སྨད་ཆོས་འབྱུང་ལས། ཀུན་མཁྱེན་གོང་མ་(ཀུན་མཁྱེན་འཇམ་དབྱངས་བཞད་པ)གཉན་འོ་མ་ལུང་དུ་ཡུན་རིང་བཞུགས་ཞེས་པ་ལུང་ཁོག་དོག་མོ་འདི་ཡིན་ནམ་སྙམ།
             ཆབ་ཚན་གྱི་གྲུབ་ཆ་གཙོ་བོ་ནི་ཅོང་ཞི་དང་སིནྡྷུ་ར། མུ་ཟི་སོགས་སྨན་སྣ་དུ་མ་ལས་གྲུབ་པས་བྱང་ཁོག་གི་ནད་དང་།རུས་པའི་ནད།  ཤའི་ནད། རྩའི་ནད། པགས་ནད། འབྲས་སྐྲན། གཞང་འབྲུམ་སོགས་ནད་རིགས་མང་བོར་ཕན་པར་གསུངས།གནས་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་དང་། གུང་ཐང་བསྟན་པའི་སྒྲོན་མེ།ཀིརྟི་བློ་བཟང་འཕྲིན་ལས། ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་བཅུ་བ་ཆེན་མོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་བོ་ཟམ་མ་ཆད་པར་ཕེབས་ནས་བྱིན་རླབས་ཀྱི་མེ་ཏོག་གཏོར་མྱོང་བ་དང་།ཀུན་མཁྱེན་འཇིགས་མེད་དབང་བོ་དང་གུང་ཐང་བསྟན་པའི་སྒྲོན་མེ།  ཀིརྟི་བློ་བཟང་འཕྲིན་ལས། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན།  རྔ་རྒོད་བྱམས་པ་རབ་རྒྱས།  ཆོས་རྫོང་སྤྲུལ་སྐུ་སོགས་ཀྱིས་གནས་བསྟོད་དང་ཡུལ་འདིའི་གནས་བདག་གི་འཕྲིན་བཅོལ་སོགས་ལྗགས་རྩོམ་མང་བོ་མཛད་ཡོད།ལྷག་པར་དུ་ཀུན་གཟིགས་སྣང་བ་མཐའ་ཡས་བཅུ་བ་ཆེན་མོ་མཆོག་གིས་གནས་འདི་ནི་གནས་ཙ་རི་དང་ཁྱད་པར་མེད་པ་དང་།ཆབ་ཚན་འདིར་ཁྲུས་ལ་ཞུགས་ན་དམྱལ་བ་ཚ་གྲངགི་སྡུག་བསྔལ་སེལ་ཞེས་གསུངས།  ཁོ་བོ་གནས་འདིར་སོང་བའི་དུས་ནི་ཧོར་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་ཡིན་ལ། ལོ་འདིའི་ཧོར་ཟླ་བརྒྱད་པའི་ཚེས་ལྔའི་ཉིན་ནི་སྐར་མ་རི་ཥི་འཆར་བའི་ཉིན་ཡིན་པས།དེ་དང་བསྟུན་ནས་ཁྲུས་ཞུགས་པ་སྟོང་ཕྲག་འགའ་འགྲོ་འོང་བྱེད་བཞིན་མཆིས། 
             རྒྱུས་ལོན་བྱས་པ་ལྟར་ན།  ལོ་རེ་བཞིན་ཁྲུས་ཞུགས་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད།  ཁོར་ཡུག་འཛུགས་སྐྲུན་དང་གཙང་སྦྲ་སོགས་ཀྱང་ཡར་རྒྱས་གཏོང་བཞིན་མཆིས་ནའང་། མགྲོན་པོ་སྣེ་ལེན་དང་།ཁོར་ཡུག་གཙང་སྦྲ། བདེ་འཇགས་སོགས་ཀྱི་ཐད་ནས་དེ་འདྲའི་ཞབས་ཞུ་ལེགས་པོ་སྒྲུབ་ཐུབ་ཀྱི་མེད་པ་འདྲ།ཁྲུས་ཞུགས་པའི་ཁྲོད་ནས་བླ་སྤྲུལ་དང་གྲྭ་བཙུན། ཇོ་མོ། མི་སྐྱ་ཕོ་མོ་སོགས་གཙོ་བོ་བོད་རིགས་དང་།རྒྱ་དང་སོག་པོ་སོགས་མི་རིགས་གཞན་པའང་འགའ་རེ་ཡོད་པར་སྣང་།འདི་དག་གི་ཡོང་ཁུངས་གཙོ་བོ་སི་ཁྲོན་གྱི་རྔ་བ་རྫོང་དང་མཛོད་དགེ་རྫོང་། ཁྱུང་མཆུ་རྫོང་།འབར་ཁམས་རྫོང་། ཛམ་ཐང་རྫོང་། མཚོ་སྔོན་གྱི་དགའ་བདེ་རྫོང་། གཅིག་སྒྲིལ་རྫོང་། རྨ་ལྷོ་བོད་སོག་རྫོང་།རེབ་གོང་རྫོང་།  རྩེ་ཁོག་རྫོང་། ཀན་སུའུ་ཡི་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་། བསང་ཆུ་རྫོང་། ཅོ་ནེ་རྫོང་།གཙོས་གྲོང་ཁྱེར་སོགས་ནས་ཕེབས་པ་དག་ཡིན་ལ།  མི་རེར་ཉིན་གཅིག་གིས་ཁང་གླ་སྒོར་དྲུག་དང་ཁྲུས་ཞུགས་ཀྱི་གླ་དངུལ་སྒོར་བཞི་སྤྲོད་དགོས།གཞན་ཡང་ཡུལ་འདིའི་བོད་མི་ཚོས་གོ་སྐབས་འདི་དང་བསྟུན་ནས་ཚོང་ལས་ཀྱང་འོས་འཚམ་བྱེད་བཞིན་མཆིས་ཏེ།ཟ་ཁང་དང་ཚོང་ཁང་། མགྲོན་ཁང་། ཇ་ཁང་སོགས་གཉེར་བཞིན་པ་དང་།  ཉིན་རེ་བཞིན་ཡུལ་འདིའི་ཉེ་ཁོར་ན་ཡོད་པའི་བོད་མི་རྣམས་ཀྱིས་འབུད་ཤིང་དང་བོད་རང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་དང་མཐུན་པའི་ཅ་ལག་དང་ཡོ་བྱེད་སོགས་ཐོན་རྫས་ཁ་ཤས་ཚོང་གཉེར་བྱེད་བཞིན་པས།དུས་ཚིགས་འདི་ནི་ཁོ་ཚོར་མཚོན་ན་དཔལ་འབྱོར་གྱི་ཡོང་འབབ་བཙལ་བའི་དུས་ཚིགས་ཤིག་ཏུ་ངོས་གཟུང་ཆོག་གོ།   ། ༢༠༡༢.༨.༡ ཉིན་གནས་དེ་རུ་བྲིས།