ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཆབ་ཆའི་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་།

སྤེལ་དུས 2019-10-30 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
               དགོན་སྡེ་འདི་ནི་ཆབ་ཆ་གྲོང་རྡལ་ནས་བྱང་ཕྱོགས་སུ་སྤྱི་ལེ་བརྒྱད་ཀྱི་མཚམས་ཏེ་སོར་རྒྱག་སྡེ་བ་དང་ཁད་ཉེ་བའི་བྱང་གི་ཕྱོགས་ཀྱི་གནས་སུ། རི་བོ་གདུགས་དཀར་གྱེན་དུ་བསླངས་འདྲའི་བློན་པོ་གསེར་ཆེན་གྱི་ཕང་བར་ཆགས་ཡོད་པའི་དཔལ་རི་བོ་དགེ་ལྡན་པའི་དགོན་སྡེ་ཞིག་ཡིན། ཆོས་སྡེ་འདི་ཉིད་ཕྱག་འདེབས་མ་མཛད་གོང་དུ། གནས་འདི་རུ་ཨ་རིག་དགེ་བཤེས་ཆེན་མོ་གནས་ངེས་མེད་ཀྱི་རི་ཁྲོད་འགྲིམ་པའི་སྐབས་ཆོས་སྡེ་འདིའི་ཉེ་འདབས་མདའ་འབུ་བྲག་དཀར་ཞེས་པའི་བྲག་ཕུག་ཅིག་ཏུ་ཡུན་རིང་བཞུགས་ཤིང་འགྲོ་དོན་དཔག་མེད་མཛད།
               དེའི་རྗེས་སུ་དད་ལྡན་འགའ་ཞིག་བྱ་ཁྱུང་དུ་སོང་ནས་སྐྱབས་རྗེ་མཁན་ཆེན་དགེ་འདུན་ཆོས་འབྱོར་རྒྱ་མཚོ་ཉིད་རིང་མིན་ཕྱོགས་འདིར་ཕེབས་ནས་རྒྱུན་བཞུགས་གནང་ཐོག་ཆོས་སྡེ་ཞིག་མྱུར་དུ་ཕྱག་འདེབས་གནང་རྒྱུའི་གསོལ་བ་ནན་ཆེར་བཏབ་པ་ལ། མགོན་པོ་གང་གིས་ཀྱང་ཕུར་ལྕོག་བྱམས་པ་རིན་པོ་ཆེའི་དུས་མཆོད་ལ་དམིགས་ཏེ་མཆོད་འབུལ་རྒྱ་ཆེར་མཛད་བཞིན་པའི་སྐབས་དང་ཁེལ་བས། ཐུགས་ཤིན་ཏུ་དགྱེས་པའི་ངང་ཞལ་བཞེས་མཛད། ལོ་དེར་ཕྱོགས་འདིར་ཆིབས་ཁ་བསྒྱུར། སྐབས་དེ་ནས་ཕྱོགས་འདིར་གཉུག་མར་གནས་པའི་རྟ་བོ་སྨན་པའི་རྗེས་འཇུག་རྣམས་ཀྱང་ཉིད་ཀྱི་སློབ་མར་གྱུར་ཅིང་། དགོན་མགོ་རྗེ་ཉིད་ལ་ཕུལ་བ་གཞི་བྱས་རབ་བྱུང་བཅོ་ལྔ་བའི་ཤིང་རྟ་སྟེ་སྤྱི་ལོ1894ལོར་སྔར་རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་ལྔ་བ་ཆེན་པོ་སོགས་ཀྱི་ཞབས་ཀྱིས་བཅགས་པའི་ཆབ་ཆ་ལྷ་ཁང་ངམ་ཐེག་མཆོག་ཆོས་འཁོར་གླིང་གི་ཉེ་གནས། ད་ལྟའི་གནས་འདིར་སྤོས་ཏེ་མཚན་ལ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ཞེས་གསོལ་ཞིང་། ཡོངས་སུ་གྲགས་པའི་བསྡུས་མིང་ལ་དགོན་པ་སོ་མ་ཟེར།