དགེ་འདུན་སྒང་དགོན།
སྤེལ་དུས 2019-10-30
ཡོང་ཁུངས། ཡོངས་འཛིན།
རྩོམ་པ་པོ།
དགོན་པ་དེའི་མིང་གཞན་ལ་འབྲས་དགེ་འདུན་སྒང་ཡང་འབོད། དེ་ནི་རྒྱ་མདའ་རྫོང་རྒྱ་ཤིང་ཤང་འབོལ་ནང་སྲིད་འཛིན་གྲོང་ཚོའི་ཁོངས་སུ་ཡོད་པ་དང་། གྲོང་ཚོའི་བྱང་ཤར་གྱི་རི་ལྡེབས་སུ་ཆགས་ཡོད། དགོན་སྡེའི་གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། དུས་རབས་བཅོ་ལྔ་བའི་ནང་ཕྱག་བཏབ་པའི་རི་ཁྲོད་རྙིང་པ་ཞིག་ཡིན། རླངས་འཁོར་བགྲོད་སའི་སྣུམ་ནག་ལམ་བུ་ཞིག་ཡོད།