ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཏ་ཝེ་དགོན་པ།

སྤེལ་དུས 2019-11-25 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
1 ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ།
             དགོན་སྡེ་འདི་ཡང་སྔོན་ཆད་ཆིན་ལུང་ཁྲི་ལོ་ལྔ་བཅུ་ང་གཅིག་པའི་སྐབས་ཏེ་སྤྱི་ལོ1786ལོར་དགེ་ལུགས་པའི་དགོན་སྡེ་རུ་གསར་དུ་ཕྱག་བཏབས་གནང་ནས་བླ་རབས་རིམ་བྱོན་གྱིས་ཕྱག་སྐྱོང་ལེགས་པོ་གནང་། ད་ལྟ་དགོན་པ་འདིའི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ650ཡོད། དགོན་པ་འདིའི་ནང་གི་རྟེན་གསུམ་ལ་གཙོ་བོ་རྗེ་ཡབ་སྲས་གསུམ་དང་ཚེ་དཔག་མེད་སོགས་དང་། སྲུང་མ་ནི་དམ་ཅན་མགར་བ་ནག་པོ་ཡིན་ནོ།།
2 བླ་རབས་རིམ་བྱོན།
             དགོན་པ་འདིའི་བླ་རབས་རིམ་བྱོན་ནི་སྐུ་ཕྲེང་དང་བོ་པག་ཕེ་ཐར་དང་སྐུ་ཕྲེང་གཉིས་པ་བསྟན་འཛིན་འཇམ་དབྱངས་བཅས་ཀྱིས་དགོན་འདི་ཕྱག་སྐྱོང་གནང་བ་ཡིན།
3 དུས་མཆོད།
             དཔྱིད་ཟླ་དང་བོའི་ཚེས་བཅོ་ལྔའི་བར་སྨོན་ལམ་ཆེན་མོ་དང་། ཟླ་བ་བཞི་བའི་ཚེས་བཅུ་གསུམ་དང་བཅོ་ལྔའི་བར་སྨྱུང་གནས། ཟླ་བཅུ་པའི་ཚེས་ཉེར་གསུམ་དང་ཚེས་ཉེར་དྲུག་བར་ལྔ་མཆོད་བཅས་ཡིན།
4 ལྷ་སྡེ།
             ཏ་ཝེ་དགོན་པའི་ལྷ་སྡེ་ནི་བཙན་ལྷ་རྫོང་གི་ཧ་ཉུང་དང་ཕར་ངོའམ་ཨན་དང་འོག་ཏུ་ཡུལ་ཚོ་བཅས་ཡིན།