ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

བཀྲ་ཤིས་ཆོས་ལུང༌།

སྤེལ་དུས 2019-11-26 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
1 རྒྱས་འགྲེལ།
             འཕགས་པ་ལྷ་ཧོ་ཐོག་ཐུ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་འཕགས་པ་ལྷ(རབ་བྱུང་བདུན་པའི་ས་ལུག1439ནས་རབ་བྱུང་བརྒྱད་པའི་མེ་ལུག1487ལོའི་བར)དཔལ་བཟང་པོ་མཆོག་གིས་ཉང་པོ་དང༌། ཀོང་པོ། སྤོ་བོ། འཇང་ས་ཐམ་བཅས་སུ་སྒྲུབ་སྡེ་བཅུ་དང༌། དགོན་སྡེ་ཉི་ཤུ་ལྷག་ཙམ་ཕྱག་བཏབ་པ་གནང་བའི་དགོན༌སྡེ་དང་པོ་དེ་ཡིན། (དེང་སང་ཀོང་པོ་རྒྱ་མདའ་རྫོང་ཤར༌། རླུང་ཆུས་ཀྱི་ཁོངས་རི་ལྡེབས་སུ་ཡོད)གཙུག་ལག་ཐོག་མར་བཞེངས་སྐབས་འདུ་ཁང་དང་སྦུག་གི་བྱམས་ཁང་བསྡོམས་པའི་ཀ་བ་བཅོ་བརྒྱད་ཀྱི་ས་ཁྱོན་དང༌། བྱམས་ཁང་ནང་གི་བྱམས་པའི་སྐུ་རྒྱུ་ནི་ཨར་ཀ་ལྟ་བུའི་ས་རྒྱུ་ཤིན་ཏུ་མཁྲེགས་པོ་ལས་གྲུབ་པ། སྐུ་གཟུགས་ཀྱི་མཐོ་ཚད་ཁྲུ་བཞི་བཅུ་སྟེ་འདོམ་བཅུ(སྤྱི་ཁྲེ་ཉི་ཤུ)སྐུ་གཟུགས་ཧྲིལ་པོར་གསེར་བཏུལ་མས་བྱུགས་པ་བཟང་པོའི་བཞུགས་སྟངས་ཅན། གཡས་གཡོན་གཉིས་སུ་འཕགས་པ་ལྷ་སྐུ་ཕྲེང་དང་པོའི་སྐུ་དམར་གདུང་བཞུགས་པའི་གསེར་གདུང་བཀྲ་ཤིས་འོད་འབར་དང༌། ལྕགས་ར་སྐུ་ཕྲེང་དང་པོ་སངས་རྒྱས་དཔལ་འབྱོར་གྱི་སྐུ་དམར་གདུང་བཞུགས་པའི་གདུང་རྟེན་བཅས་ཡོད། དགོན་འདིར་ཐུན་མོང་མ་ཡིན་པའི་གསུང་རྒྱུན་འཕགས་པ་ལྷ་ཁྱབ་བདག་བདེ་ཆེན་རྡོ་རྗེའི་གསུང་རྩོམ་བདེ་མཆོག་ངམ་རྫོང་སྙན་བརྒྱུད་བདག་མདུན་བུམ་སྒྲུབ་དབང་ཆོག་བཅས་ཡོད་པ་ཕུད་དེ་བྱིངས་སྔགས་ཆོག་སྨད་རྒྱུད་གྲྭ་ཚང་དང་འདྲ། གྲྭ་གྲངས་བརྒྱ་དང་ཉི་ཤུ་ཡས་མས། གྲྭ་རྒྱུན་འགྲོ་ཁུངས་འབྲས་སྤུངས་བློ་གསལ་གླིང་དང༌། སེར་སྨད་གྲྭ་ཚང༌། དྭགས་པོ་གྲྭ་ཚང་བཅས་སུ་འགྲོ་སྲོལ་ཡོད།