ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་བརྗིད་ཆེའི་ལེའུ་བརྩམས་པ།

སྤེལ་དུས 2019-05-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་རེ་བརྒྱད་འཁོར་བར་དྲན་གསོ་ཞུ་བའི་དཔྱད་གཏམ་གཉིས་པ།
          དེང་བལྟས་སྔ་དྲན་བྱེད་སྐབས། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་བོད་སྐྱོབ་མི་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་བོད་འཕེལ་རྒྱས་གཏོང་མི་ཐུབ་པ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལམ་བུ་ལས་སྔ་ས་ནས་རྩོད་ཐབས་བྲལ་བའི་ངང་ར་འཕྲོད་ཐུབ་ཡོད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དུས་དེ་ནས་བཟུང་བོད་ལྗོངས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་བོད་ས་གནས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད། དེ་རྗེས་ཀྱི་ལོ་68རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་དང་། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད་ལ། ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་ལམ་བུའང་བརྒྱུད་ཡོད།
          “ཡར་ལངས་པ”ནི་ཉེ་རབས་ཀྲུང་གོ་མི་དམངས་ཀྱི་གསར་བརྗེའི་འཐབ་རྩོད་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་ཞིང་། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་གཉའ་གནོན་གྱི་མདུན་དུ་བོད་རིགས་ཚུད་པའི་ཀྲུང་ཧྭ་མི་རིགས་ཀྱིས་རྒྱལ་ཁབ་རང་བཙན་དང་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་ཆེད་དང་། ཀྲུང་ཧྭ་མི་རིགས་ལ་བཅིངས་འགྲོལ་ཐོབ་ཆེད་རང་སྲོག་བློས་གཏོང་བར་མ་འཛེམས་པར་དུས་ཡུན་ལོ་100ལྷག་ཙམ་གྱི་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་སྤེལ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དཀའ་སྤྱད་ཚད་མེད་ཀྱིས་འཐབ་རྩོད་བྱས་པ་བརྒྱུད། 
          ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་འཐབ་རྩོད་ལ་རྒྱལ་ཁ་ཡོངས་སུ་ཐོབ་ཡོད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་བརྒྱུད་བོད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་དེའི་ཆབ་སྲིད་དང་དཔལ་འབྱོར་གྱི་འཆིང་རྒྱ་ལས་ཐར་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ཐུབ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་བོད་ནང་ཁུལ་མཐུན་སྒྲིལ་ཐུབ་ནས་བོད་དང་རྒྱལ་ཡོངས་མཉམ་དུ་ཐུན་མོང་ཐོག་ཡར་རྒྱས་དང་འཕེལ་རྒྱས་འགྲོ་ཆེད་གཞི་རྩའི་ཆ་རྐྱེན་བཏོད་ཡོད།
          “ཕྱུག་པོ་ཆགས་པ”ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ཞིང་། དུས་རབས་20པའི་ལོ་རབས་80པར། རྒྱལ་ཡོངས་དང་མཉམ་དུ་བོད་ལ་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་ཡོད། རབ་ཏུ་ལྡང་བའི་དཔྱིད་རླུང་ས་མཐོའི་ས་གཞི་ཆེ་མོར་ལངས་པ་དང་བསྟུན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ནས་བོད་ལ་འཕུར་མཆོང་ཡོང་ཆེད་འཕེལ་རྒྱས་ཀྱི་གཤོག་ཟུང་བསྒར་བ་དང་། ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་ལག་ལེན་ལ་ཞུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བྱས་རྗེས་བཏོད་ཡོད་ལ། མེས་རྒྱལ་ཁྱིམ་ཚང་ཆེ་མོར་སླར་ཡང་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་སྙན་ངག་ཅིག་བརྩམས་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100ནས་སྒོར་དུང་ཕྱུར་500དང་དེ་ནས་སྒོར་དུང་ཕྱུར་1000འཕར་བའི་མཆོང་སྐྱོད་ཆེན་པོ་གསུམ་བྱུང་ཡོད། “མཆོང་སྐྱོད”འདི་བོད་ལ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་གཟེངས་སུ་ཐོན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤིག་ཏུ་གྱུར་པ་དང་། “ཕྱུག་པོ་ཆགས་པ”འདི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ནས་མེས་རྒྱལ་ཁྱིམ་ཚང་ཆེ་མོར་བོད་ལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཐད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།
          “སྟོབས་ཆེན་ཆགས་པ”ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྲིད་ལོ་གསར་པ་འབྱེད་འགོ་ཚུགས་པ་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐུ་ངོ་མས་གཙོ་སྐྱོང་གནང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་གནང་བ་དང་། བོད་ལ“ལོ་ལྔ་ཚན་བཅུ་གཉིས་པའི”སྒོར་དུང་ཕྱུར་3305དང“ལོ་ལྔ་ཚན་བཅུ་གསུམ་པའི”སྒོར་དུང་ཕྱུར་6576ཟིན་པའི་རྣམ་གྲངས་ཀྱི་སྤྱིའི་འཆར་གཞི་གཏན་འབེབས་གནང་བ་དང་ཆབས་ཅིག“བོད་ཀྱི་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འདེགས་སྐྱོར་ཤུགས་ཆེན་གནང་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ་དང་འབད་འབུངས་ཡར་བརྩོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བར་སྐུལ་འདེད་བཏང་བས། སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཆིག་ཁྲི་ལྷག་ཙམ་ཟིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་པ། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ད་ལྟའི་གནས་བབ་ལ་བློ་ཡིད་ཚིམ་ཚད་97%ལྷག་ཙམ་ཟིན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་གདེང་ཚོད་97.3%ཟིན་ཏེ་བོད་ལ་བྱུང་བའི་འཕོ་འགྱུར་ཧ་ཅང་ཆེན་པོ་འདི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།
          དུས་རབས་གསར་པར་སླེབས་པ་དང་བསྟུན་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་ཉེ་བཅར་ཐུབ་ཅིང་། གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཡར་ཐོན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རླབས་ཆེན་རྒྱང་སྐྱོད་ལམ་བུ་དང་མཉམ་འདྲེས་ཐུབ་ནས་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་ཡར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
རྩོམ་སྒྲིག་པ། རིན་ཆེན།