ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱས་ཏེ་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་དགོས།

སྤེལ་དུས 2019-11-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— ཚད་གཞི་དང་ཡང་ཡང་བསྡུར་ནས་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུའི་སྐོར་གླེང་བ།
           འདི་ལོ་ཤར་ཚུན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་སེལ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། དམག་ཧྲག་དཔུང་འཇུག་དང་ནུས་ཤུགས་ཡོད་རྒུ་བཏོན་པས། དབུལ་སྒྲོལ་འགག་སྒྲོལ་ལ་འགག་རྩའི་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་བྱུང་བ་མ་ཟད། ལོ་གསུམ་བསྟུད་མར་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་བཟང་བར”གཏན་འཁེལ་བྱས་པས། ལོའི་ནང་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་བར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། 
           “འདི་ལོ་དབུལ་པོ་མི་ཁྲི་15ཉུང་དུ་དང་རྫོང་19ཡི་དབུལ་ཞྭ་འཕུད་ཐུབ་པ་བྱས་ནས། ལོ་མཇུག་ཏུ་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་ཐུབ་པའི་འཆར་གཞི་ཡོད”འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཞག་པའི་གཟི་བརྗིད་དམ་བཅའ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད། མིག་སྔར། དབུལ་སྒྲོལ་འགག་སྒྲོལ་ལྡོག་རྩིས་དུས་དང་མཐའ་མའི་གདོང་མཆོང་དུས་སུ་སླེབས་ཡོད་པས། འགག་སྒོའི་ནང་གི་འགག་སྒོ་གཏོར་རྒྱུ་དང་། དཀའ་འགག་ནང་གི་དཀའ་འགག་སེལ་རྒྱུ། དཀའ་གནད་ནང་གི་དཀའ་གནད་སེལ་རྒྱུ་བཅས་དོན་དངོས་ཀྱིས་ང་ཚོས་ངེས་པར་དུ་བསམ་བློའི་ངོས་འཛིན་གྱི“གཅུས་ཕུར”སྔར་བས་དམ་པོར་གཅུས་ཏེ། ལས་དོན་ཁག་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་བཏང་ནས། རྣམ་པར་རྒྱལ་ཐག་ཆོད་ཀྱི་ཆོད་སེམས་བརྟན་པོ་དང་། མི་དམངས་རྩ་བར་འཛིན་པའི་ཐོག་མའི་བསམ་འདུན་བརྟན་སྲུང་། སྙིང་རུས་བརྟན་འཁྱོངས་བཅས་ལ་བརྟེན་ནས། རྒྱལ་ཁ་ཡོངས་སུ་མ་ཐོབ་བར་ཕྱིར་འཐེན་མི་བྱེད་པའི་བླང་བྱ་བཏོན་ཡོད།
           འགག་སྒྲོལ་དམག་འཐབ་རྒྱག་པར་བྱ་སྤྱོད་དངོས་སྤེལ་ན་གཞི་ནས་རྣམ་པར་རྒྱལ་ངེས་པ་དང་། མཁྲེགས་སར་གཏུག་པར་དངོས་སྒྲུབ་བྱས་ན་གཞི་ནས་རྣམ་པར་རྒྱལ་ངེས་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་བའི་སྒྲུབ་དགོས་ངེས་ཀྱི་ལས་འགན་འདིར་དམ་པོར་དམིགས་ནས། གཅིག་ནས་གདེང་ཚོད་ཡོད་པའི་དམག་ཇུས་འདིང་བ་དང་། གཉིས་ནས་མཐའ་མའི་གདོང་མཆོང་གིས་རྒྱལ་ཁ་མ་ཐོབ་བར་ཕྱིར་འཐེན་མི་བྱེད་པའི་ངར་ཤུགས་དངོས་འབྲེལ་བསྒྲིམས་ཏེ་དམིགས་ཚད་མི་འགྱུར་བ་དང་། དམིགས་འབེན་མི་འཐོར་བ། འཕྲིན་ལམ་མི་རྗེ་བ་བཅས་བྱས་ཏེ། འགོ་དམག་ཧྲག་བསྡུས་ཀྱིས་མཁྲེགས་པོའི་ནང་གི་མཁྲེགས་པོ་གཏོར་བ་དང་། དཀའ་འགག་ནང་གི་དཀའ་འགག་སེལ་བ། དཀའ་གནད་ནང་གི་དཀའ་གནད་སེལ་བ་བཅས་བྱེད་དགོས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་གཞི་རྩའི་ཐབས་ཤེས་སུ་མཐའ་འཁྱོངས་བརྩིས་ཏེ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཧུར་ཐག་སེལ་བ་དང་། “གསར་འཕར་གསུམ”ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་པ་དོན་འཁྱོལ་ནན་པོ། ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོར་གཏོང་བཅས་བྱས་ནས། འདི་ལོའི་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་དགོས། 
           དབུལ་སྒྲོལ་འགག་སྒྲོལ་མཐའ་མའི་དུས་སུ་སླེབས་རིམ་བཞིན་དེ་བས་རྩོལ་ཤུགས་ཆེར་སྐྱེད་བྱེད་པ་ལས། མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པ་དང་སྲིད་སྐྱོང་བྱས་རྗེས་རྫུན་བཟོ་བྱ་རྒྱུ་མེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་འབོར་དབུལ་པོ་དང་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་གྲོང་ཚོའི་ཕྱིར་འཐེན་ཚད་གཞི་དང་གོ་རིམ་ལག་ལེན་ནན་པོ་བསྟར་ནས། ཚད་གཞི་དང་གོ་རིམ་ལྡན་པ་དང་ཡོངས་བསྒྲགས་ཁ་གསལ་གྱི་སྒོ་ནས་དབུལ་ཞྭ་འཕུད་པར་འགན་ལེན་གྱིས“གྲངས་གཞིའི་དབུལ་སྒྲོལ”དང“འཕྲལ་སྒྲུབ་དབུལ་སྒྲོལ”མི་བྱེད་པ་མཐའ་འཁྱོངས་དང་། ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་སྙན་ཞུ་དང་ལྟ་བཤེར་ལམ་ལུགས་མཐའ་འཁྱོངས། དཔྱད་ཞིབ་དཔྱད་དཔོག་ནན་ཤོས། ལྟ་བཤེར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དབུལ་སྒྲོལ་རྫུས་མ་དང་། “རྩིས་ཁྲའི་རྣམ་པའི”དབུལ་སྒྲོལ། “སྟོན་གྲངས་རྣམ་པའི”དབུལ་སྒྲོལ། “ལྗོངས་རྒྱུ་རྣམ་པའི”དབུལ་སྒྲོལ་སོགས་ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ངོ་མ་ཡིན་པ་དང་། མི་དམངས་ཀྱི་ཁས་ལེན་བྱེད་པ། ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་པ་བཅས་ཀྱི་འགན་ལེན་བྱེད་དགོས། 
           དབུལ་སྒྲོལ་འགག་སྒྲོལ་ནི་ངེས་པར་དུ་རྣམ་པར་རྒྱལ་དགོས་པ་དང་ཡག་པོ་རྒྱག་དགོས་པའི་དམག་འཐབ་དྲག་པོ་ཞིག་ཡིན་པས། དེའི་མྱུར་ཚད་འགན་ལེན་བྱེད་དགོས་ལ། དམག་འཐབ་ཡག་པོ་རྒྱག་པའི་སྤུས་ཚད་ལའང་སྣང་ཆེན་བྱེད་དགོས་པ་མ་ཟད། དེ་བས་བརྟན་པོ་ཡོང་བའི་བླང་བྱར་དོ་སྣང་བྱེད་པ་ལས། ཕྱོགས་གཅིག་དབུལ་སྒྲོལ་དང་ཕྱོགས་གཞན་ཞིག་དབུལ་པོ་བསྐྱར་ལོག་གཏན་ནས་བྱ་མི་རུང་། དབུལ་པོའི་རྫོང་དང་ཆུས་ཀྱི་དབུལ་ཞྭ་ཕུད་པ་ལས་དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་གྱི་ཡོད་མོད། འོན་ཀྱང་དེ་ནི་མཇུག་འགྲིལ་བ་ཞིག་མིན་པར་འགོ་གསར་པ་བཙུགས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚམས་འཇོག་མི་བྱེད་པ་བཞི”ཡི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། དབུལ་ཞྭ་ཕུད་རུང་འགན་འཁྲི་འཁུར་མཚམས་མི་འཇོག་པར་རྫོང་དབུལ་པོའི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོའི་འགན་འཁྲི་རྒྱུན་མཐུད་བརྟན་པོ་ཡོང་བར་བྱེད་དགོས་པ་དང་། དབུལ་ཞྭ་ཕུད་རུང་སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པར་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་གཙོ་བོ་མུ་མཐུད་ལག་ལེན་བསྟར་དགོས་པ། དབུལ་ཞྭ་ཕུད་རུང་རོགས་སྐྱོར་བྱེད་མཚམས་མི་འཇོག་པར་དབུལ་སྐྱོར་ལས་དོན་རུ་ཁག་མུ་མཐུད་འཇོག་དགོས་པ། དབུལ་ཞྭ་ཕུད་རུང་ལྟ་འདོམས་བྱེད་མཚམས་མི་འཇོག་པར་དབུལ་པོ་བསྐྱར་ལོག་སྔོན་འགོག་གནས་བབ་གལ་ཆེན་དུ་བཞག་སྟེ་སྲིད་ཇུས་ཀྱི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་ཡག་པོ་བྱས་ནས་དབུལ་སྒྲོལ་བརྟན་པོ་ཡོང་བར“བདེ་འཇགས་ཀྱི་གཅུས་སྒོ”ཞིག་སྣོན་དགོས།
           འགན་འཁྲི་འཁུར་སེམས་ཇི་ཙམ་ཆེ་ན་བྱ་གཞག་དེ་ཙམ་གྱིས་མང་བ་སྒྲུབ་ཐུབ་པ་དང་། འགན་འཁྲི་ཇི་ཙམ་གྱིས་མང་བ་ཁུར་ན་གྲུབ་འབྲས་དེ་ཙམ་གྱིས་མང་བ་འཐོབ་སྲིད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་འགན་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། འགན་འཁྲི་འཁུར་སེམས་ཆེ་བ། མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་བཅས་ལ་བརྟེན་ནས་དབུལ་སྒྲོལ་གྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཏེ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་རིང་བློ་སེམས་གཅིག་མཐུན་དང་། ནུས་ཤུགས་གཅིག་སྒྲིལ། དོ་དོ་ཏན་ཏན། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཚེ། ལོ་མཇུག་གོང་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་བའི་དམིགས་ཚད་མངོན་འགྱུར་ཐུབ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ཐུབ་ངེས་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།