ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།

སྤེལ་དུས 2019-11-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— ཚད་གཞི་དང་ཡང་ཡང་བསྡུར་ནས་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུའི་སྐོར་གླེང་བ།
            གྲོལ་མ་ཐག་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་ལེན་བསྟར་བ་དང་། ཐོན་ཁུངས་ནུས་ཆེའི་སྒོ་ནས་སྤྱོད་པའི་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ། སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བ་སོགས་ཐད་ནས། སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་ཏེ། ང་ཚོར་སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གང་མགྱོགས་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། 
            འདི་ལོ་ཤར་ཚུན་དུ་སྣོད་བཅུད་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པའི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འགོ་འཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི“དོན་ཆེན་གསུམ”ནང་ཏན་ཏིག་བཅུག་སྟེ། སྔར་བྱུང་མྱོང་མེད་པའི་སྣང་ཆེན་བྱེད་ཚད་དང་། ཤུགས་སྣོན་རྒྱག་ཚད། ལས་དོན་སྤེལ་ཤུགས། དམངས་ཕན་ཁྱབ་རྒྱ་བཅས་ལ་བརྟེན་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་བཏང་ཡོད། ཆབ་མདོ་གྲོང་ཁྱེར་དང་འདམ་གཞུང་རྫོང་གཉིས་ཁག་གསུམ་པའི་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་དུ་བདམས་པ་རེད། 
            གཙང་པོ་དང་མཚེའུ་གཙོ་བོའི་ཆུ་སྤུས་ཁྱོན་ཡོངས་ནས་ཡག་པོ་ཡོད་པ་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྤུས་ཚད་དུ་སླེབས་ཡོད་པ་དང་། རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ནས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%ཟིན་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་98.2%ཟིན་པ་སོགས་ཕུལ་དུ་བྱུང་བའི“གྲུབ་འབྲས་གསལ་ཐོ”ནི་མི་རྣམས་སྤོབས་པ་སྐྱེ་འོས་པ་དང་མདུན་སྐྱོད་ལ་སྐུལ་མ་ཐེབས་འོས་པ་ཞིག་ཡོད་པ་དེ་ལས་བོད་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་སྐྱོད་བཞིན་པ་མཚོན་གྱི་ཡོད་པ་དང་། རེ་བས་ཁེངས་པ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་མཛེས་སྡུག་ལྡན་པའི་བོད་ཀྱི་འཆར་གཞི་གསར་པ་ཞིག་ས་མཐོའི་ས་གཞི་ཆེན་པོར་འགོད་བཞིན་ཡོད། 
            མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་སྲ་བརྟན་མཐོར་གཏོང་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ནི་ཕུགས་འཕེར་གྱི་ཐབས་ཇུས་ཤིག་ཡིན་པ་ལས་གནས་སྐབས་ཀྱི་ཐབས་ཤེས་ཤིག་མིན་པས། ངེས་པར་དུ་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་དྲག་ཆར་རླུང་འཚུབ་བརྒལ་ནས་མདུན་དུ་སྐྱོད་དགོས། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམངས་འཚོའི་ངོ་བོར་དམ་པོར་དམིགས་ནས། ལྗང་མདོག་འཕེལ་རྒྱས་མང་ཙམ་དོན་གཉེར་དང་ལྗང་མདོག་གི་ལས་དོན་སྒྲུབ་མཁས་པོ་བྱེད་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཐུན་འཕྲོད་གཙོ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སུ་འགྱུར་བ་དང་སྔོ་ཞིང་དྭངས་བའི་རི་ཆུ་མང་ཚོགས་ཕྱུག་འགྱུར་གྱི་བརྟེན་སར་འགྱུར་བ་བྱེད་དགོས། སྤྱི་དམངས་ཧུར་བརྩོན་ངང་ཞུགས་པའི་སྣོད་བཅུད་རིག་གནས་ཧུར་ཐག་བཏོད་དེ། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པར་མི་ཚང་མར་འགན་འཁྲི་ཡོད་པ་དང་། ཚང་མས་རྒྱབ་སྐྱོར། ཚང་མ་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ་མ་ཟད། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་དེ་བས་འགྱུར་བ་བྱེད་དགོས། 
            མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་རྒྱག་དགོས། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་འབུར་དུ་ཐོན་པ་དང་། དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་པ། ཤུགས་ཇེ་ཆེར་རྒྱག་པ། གཅིག་སྡུད་འགག་སྒྲོལ་བཅས་བྱས་ཏེ། དགུང་སྔོན་སྲུང་སྐྱོང་དམག་འཐབ་དང་། ཁྲའེ་ཡིའུ་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་དང་འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས། མི་སེར་འཁྲིས་ཀྱི་སྣོད་བཅུད་ཁོར་ཡུག་གནད་དོན་ཏན་ཏིག་སེལ་དགོས། “ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་དམ་ཤོས་སྤྱད་དེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང”གི་ཐབས་ལམ་ཁོང་དུ་ཆུད་པ་བྱས་ཐོག ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ། རྩ་འཛིན་རང་བཞིན་གྱི་གཅུན་འདོམས་དང་རེག་མི་ཆོག་པའི་གློག་ཆེན་གྲུབ་པ་བྱས་ནས། གངས་ལྗོངས་ས་མཐོར་སྔོ་ལྗང་རི་བོ་ཡུན་གནས་དང་། དྭངས་གཙང་ཆུ་བོ་རྒྱུན་བཞུར། མཁའ་རླུང་ནམ་ཡང་སོས་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། 
            མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་བསྐྲུན་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། འབྲེལ་ཡོད་ཚན་པས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས་ཧེ་བག་འཚོལ་བ་དང་། དཀའ་གནད་སེལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ནན་ཏན་བྱས་ཏེ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་སྲ་བརྟན་དུ་གཏོང་དགོས་པ་མ་ཟད། སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་གསར་གཏོད་འབུར་དུ་ཐོན་པར་བྱེད་པ། ཁྲིམས་བཞིན་ལྟ་འདོམས་ལ་སྣང་ཆེན་བྱེད་པ། དམངས་ཡོངས་ཀྱི་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་མུ་མཐུད་ལག་ལེན་གཏིང་ཟབ་བསྟར་དགོས། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྲིད་འཛིན་དང་། ཁྲོམ་ར། ཁྲིམས་སྐྱོང་། ཚན་རྩལ་སོགས་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འཐུས་སྒོ་ཚང་བའི་ལམ་ལུགས་དང་། དམ་ཞིང་ནན་པའི་བཅའ་ཁྲིམས། ནུས་ལྡན་གྱི་བྱེད་ཐབས་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་བསྐྲུན་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།