ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

མཁོ་འཚོང་མཉམ་ལས་ཁང་གི་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།

སྤེལ་དུས 2019-11-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          མིག་སྔར། རང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་འཕེལ་རྒྱས་ལ། ད་དུང་འགོ་འཛུགས་འགོར་བ་དང་། དཔལ་འབྱོར་གྱི་རྨང་གཞི་ཞན་པ། ལས་དོན་གྱི་རྨང་གཞི་སྐྱོ་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད། དེར་བརྟེན་ང་ཚོས་གཤམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཏེ།
          གཅིག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཞིང་པར་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་ནས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་དགོས།
          གཉིས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་དགོས། མཁོ་འཚོང་མཉམ་ལས་ཁང་དེ་ཞིང་འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་སྣེ་ཁྲིད་སྟོབས་ཤུགས་དང་། ཞིང་འབྲོག་ཁུལ་གྱི་དེང་རབས་འཁོར་རྒྱུག་གི་གཙོ་ཁྲིད་སྟོབས་ཤུགས། ཞིང་འབྲོག་ལས་ཀྱི་སྤྱི་ཚོགས་ཅན་ལ་ཞབས་འདེགས་ཞུ་བའི་གཙོ་རྐང་སྟོབས་ཤུཌ་བཅས་ལ་འགྱུར་བར་བྱེད་དགོས། མཁོ་འཚོང་མཉམ་ལས་ཁང་གི་ཕྱོཌ་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ལག་བསྟར་དང་ཟུང་འབྲེལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་རམ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ཡོང་འབབ་འཕར་བ། ཞི་མཐུན་བརྟན་ལྷིང་བཅས་ལ་དམིགས་ནས་འགོ་འཛུཌ་ས་འཚོལ་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ཁྲོད་མཁོ་འཚོང་མཉམ་ལས་ཁང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།
          གསུམ་ནས་གཞི་རིམ་གྱི་ཞབས་འདེགས་རྨང་གཞི་བརྟན་དུ་བཏང་ནས་ཞིང་འབྲོག་པའི་ཁེ་ཕན་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། ཞིང་འབྲོག་པ་དང་རིགས་ཁག་གི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་གི་བྱེད་པོ་གསར་པ་མཁོ་འཚོང་མཉམ་ལས་ཁང་དུ་རྒྱ་ཁྱབ་ངང་བསྡུ་བ་དང་། གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་དང་ཞིང་འབྲོག་པའི་མཉམ་ལས་ཁང་གི་ཁོངས་མིའི་དབར་གྱི་ཁེ་ཕན་བགོ་བཤའི་འབྲེལ་བ་ཚད་ལྡན་དུ་བཏང་ནས་མཁོ་འཚོང་མཉམ་ལས་ཁང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་གཞི་རྟེན་ནུས་ལྡན་གྱི་གྲས་སུ་འགྱུར་བར་བྱེད་དགོས།
          བཞི་ནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་མཉམ་དུ་གཏོད་དགོས། མཁོ་འཚོང་སྤྱི་ཁྱབ་མཉམ་ལས་ཁང་དང་རྒྱལ་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་ནི་རང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་བྱ་གཞག་གི་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྒྱབ་རྟེན་སྟོབས་ཆེན་ཞིག་རེད། བོད་སྐྱོར་ལས་དོན་དང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱེད་པའི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ། ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན་བསྐྲུན་རྒྱུར་དམིགས་ནས་རང་བྱུང་འཐུང་ཆུ་དང་། ནས། འབྲི་གཡག་སོཌ་ཁྱད་ལྡན་ཐོན་ལས་འབུར་དུ་ཐོན་པར་བྱེད་པ་དང་། “དམར་ཁྲིད་དང་ཆ་སྒྲིག་རོཌ་རམ”གྱི་བྱེད་ཐབས་སྤྱོད་པ། ཕྱོགས་མང་བ་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མཉམ་ལས་བྱེད་པ། བོད་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་ཁོངས་གཏོཌ་ལ་རོགས་པ་བྱས་ཏེ་རིམ་ཁག་མཁོ་འཚོང་མཉམ་ལས་ཁང་ལ་དབང་བའི་ཁེ་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། བོད་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་ནང་གནས་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། ཞིང་པར་ཞབས་འདེགས་ཞུ་བའི་གཉེར་སྐྱོང་མ་ལག་སྐྲུན་རོགས་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།