ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཟས་ནི་མི་ཡི་འཚོ་རྟེན་ཡིན། དེ་ཡི་བདེ་འཇགས་ཀུན་ལས་གཙོ།

སྤེལ་དུས 2019-11-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          བཟའ་བཅའི་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་དང་འབྲེལ་བ་ཡོད་ལ། དེ་བས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དམ་དུ་འབྲེལ་ཡོད་པ་མ་ཟད། ཀྲུང་གོའི་ལན་པར་གྱི་མཚན་སྙན་དང་། དེ་བཞིན་ཏང་དང་སྲིད་གཞུང་གི་གཟུགས་བརྙན་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད། བཟའ་བཅའི་བདེ་འཇགས་ཐད་མི་སེར་ཚོར་བློ་ཡིད་ཚིམ་པའི་ལན་ཞིག་རྒྱག་ཐུབ་མིན་ནི་ཏང་གི་སྲིད་འཛིན་ནུས་པར་ཚོད་བགམ་ཆེན་པོ་བྱས་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“བཟའ་བཅའི་བདེ་འཇགས་ཀྱི་འཐབ་ཇུས་ལག་ལེན་བསྟར་ནས་མི་དམངས་ཚོ་བློ་བདེའི་ངང་ཟ་འཐུང་བྱེད་དུ་འཇུག་དགོས”ཞེས་གསལ་སྟོན་བྱས་ཡོད།
          བཟའ་བཅའི་བདེ་འཇགས་ལ་གནད་དོན་ཐོན་སྐབས་མིའི་བདེ་ཐང་ལའང་དེ་མཚུངས་སུ་འཇིགས་སྣང་ཡོང་གི་ཡོད། གནད་དོན་ནན་པོ་དེ་ལྟ་བུའི་མདུན་དུ་ད་དུང་བཟའ་བཅར་གནད་དོན་ཐོན་དོན་ཅི་ཡིན་ནམ། སྨྱུག་འཛིན་པས་རྒྱུ་རྐྱེན་གལ་ཆེ་ཤོས་ནི་ཐོན་སྐྱེད་བྱེད་མཁན་གྱིས་ཁེ་མཐོང་བདེན་སྐྱུར་བྱས་པ་མ་ཟད། ད་དུང་ཁེ་ལས་ལ་རྩ་བའི་ཡིད་རྟོན་མེད་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་མི་འཁུར་བ། ལུགས་དང་མི་མཐུན་པའི་དངུལ་བསགས་ནས་འཛད་སྤྱོད་པའི་མི་ལུས་བདེ་འཇགས་ལ་དོ་སྣང་མི་བྱེད་པ་བཅས་ཡིན་པ་ངོས་འཛིན་གྱི་ཡོད། བཟོ་གྲྭ་ནི་བཟའ་བཅར་གནད་དོན་ཐོན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ནའང་། འབྲེལ་ཡོད་སྡེ་ཚན་གྱིས་བཟའ་བཅའ་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་མི་འདང་བའི་ཁར་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་མ་ཐུབ་པ་དེས་བཟའ་བཅའི་བདེ་འཇགས་ལ་གནད་དོན་ཐོན་པའི་ཐད་ཀའི་རྒྱུ་རྐྱེན་ཞིག་ཡིན་པ་རེད།
          སྨྱུག་འཛིན་པས་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་འཛད་སྤྱོད་པའི་ངོས་ནས་བྱ་སྤྱོད་སྤེལ་དགོས་ལ། འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་དཔལ་འབྱོར་དང་སྤྱི་པའི་ཞབས་ཞུའི་རྩལ་ནུས་ལག་ལེན་བསྟར་བ་དང་ལྟ་འདོམས་ཀྱི་འགན་འཁྲི་བསྒྲུབས་པ་དང་བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་ཡང་རྒྱག་དགོས། ལག་ཁྱེར་མེད་པའི་ཐོན་སྐྱེད་བྱེད་མཁན་མེད་པར་བཟོས་ནས་བཟའ་བཅའི་སྤུས་ཚད་བདེ་འཇགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་གི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས། ཁྱབ་ཁོངས་དང་ཤུགས་ཚད་ཆེར་གཏོང་གིས་སྤྱི་ཚོགས་དང་ཁེ་ལས་ཀྱི་ཡིད་རྟོན་དར་སྤེལ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།