“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

བོད་ནས་སློབ་འབྲིང་དེ་ཀྲུང་གོའི་སློབ་འབྲིང་རབ་གྲས100ཡི་ནང་ཚུད་བཞག

སྤེལ་དུས 2019-12-09 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
        ཉེ་ཆར། 2019ལོའི《ཀྲུང་གོའི་སློབ་འབྲིང་རབ་གྲས་100》ཡི་ནང་ཚུད་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། བོད་རང་སྐྱོང་ལྗོངས་ནས་སློབ་གྲྭ་གཅིག་པུ་སྟེ། ལྷ་ས་སློབ་འབྲིང“ཀྲུང་གོའི་སློབ་འབྲིང་གི་གཟི་བརྗིད་མཚན་སྙན་མཐོ་ཤོས”ཀྱི་མིང་ཐོའི་ནང་ཚུད་འདུག

        《ཀྲུང་གོའི་སློབ་འབྲིང་རབ་གྲས་100》ནི་རྒྱལ་ནང་གི་སྙན་གྲགས་ཆེ་ཤོས་ཀྱི་སློབ་འབྲིང(མཐོ་རིམ་སློབ་འབྲིང)ལ་དམིགས་ནས་སྤེལ་བའི་སྔ་ཤོས་དང་དབང་གྲགས་ཆེ་ཤོས་ལྡན་པའི་རྒྱལ་ཡོངས་རང་བཞིན་གྱི་དཔྱད་འདེམས་བྱེད་སྒོ་ཞིག་ཡིན་པ་དང་། བྱེད་སྒོ་འདི་2005ལོ་ནས་སྤེལ་འགོ་ཚུགས་པ་མ་ཟད། སྙན་གྲགས་ཆེན་པོ་ལྡན་པའི་སློབ་འབྲིང་100ཡི་མིང་ཐོ་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་རེད།
        སྐབས་འདིར་དཔྱད་འདེམས་བྱེད་སྐབས“སློབ་གྲྭའི་སྙན་གྲགས”དང“སློབ་ཁྲིད་སྦྱངས་འབྲས”“སློབ་མའི་བྱང་ཚད་གསོ་སྐྱོང”“སློབ་གྲྭའི་རིག་གནས་དང་ཁོར་ཡུག”“སློབ་མའི་འབྱུང་ཁུངས་དང་ཞབས་ཞུ”བཅས་ཁག་ལྔ་ལ་བལྟས་ཡོད་ལ། ཡོངས་བསྒྲགས་གྲངས་གཞི་དང་། ཕྱོགས་གསུམ་པའི་གྲངས་གཞིའི་བརྟག་དཔྱད། རིགས་གཅིག་མཁས་ཅན་གྱི་བསམ་འཆར། སྨྱན་སྦྱོར་གྱི་ཚད་ལེན་དཔྱད་དཔོག་སོགས་ལ་བརྟེན་ནས་མཐར་ཡོངས་བསྒྲགས་བྱས་པ་གཤམ་གསལ་ཏེ།



         དཔྱད་འདེམས་བྱེད་སྐབས་ཧ་ཅང་ནན་ཞིང་། སྐབས་ཚང་མར་དཔྱད་འདེམས་བྱ་ཡུལ་དུ་སློབ་འབྲིང་400ལས་མི་བརྒལ་བས། ཀྲུང་གོའི་སློབ་འབྲིང་ལས་རིགས་ཀྱི་གཟི་བརྗིད་མཚན་སྙན་ཆེ་ཤོས་ཤིག་རེད་ཅེས་བརྗོད་ན་མི་ཆོག་པ་མེད།

རྩོམ་སྒྲིག་པ།སྣང་རྡོར།