ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་བཅོས་སྒྲིག་ནན་པོ་བྱས་པ།

སྤེལ་དུས 2019-05-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
 ལྷུན་གྲུབ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།
          གསར་འགོད་པར་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ལྷུན་གྲུབ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ལ་བརྩིས་ཤིང་། འགན་འཁྲིའི་ངེས་གནས་ལ་གཞིས་ཚུགས་པ་དང་ཕྱོགས་གཏན་འཁེལ་གྱི་ལྟ་སྐུལ་ལ་དམིགས་ནས་གནད་སྨིན་ཤུགས་འདོན་དང་། སྒྲིག་བཀུར་ཐབས་འདོན། སྙིང་རུས་གཏན་འཁྱོངས་བཅས་ཀྱི་སྒོ་ནས་ཆེད་དོན་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
          ལྷུན་གྲུབ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྐྱོར་མ་དངུལ་བེད་སྤྱོད་དོ་དམ་དང་། རྣམ་གྲངས་སྐུལ་འདེད་འཛུགས་སྐྲུན། རྣམ་གྲངས་ཀྱི་ཕན་འབྲས་འདོན་སྤེལ། གཏན་འཇགས་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་དབུལ་སྐྱོར་ལས་འགན་དང་། དབུལ་སྐྱོར་སྲིད་ཇུས། དབུལ་སྐྱོར་མ་དངུལ། དབུལ་སྐྱོར་རྣམ་གྲངས། དབུལ་སྐྱོར་ལས་བྱེད་པ་བཅས“གཙོ་གནད་ལྔར”དམ་འཛིན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཁྲོད་རྫུན་ཞུ་གཡོ་ལེན་དང་བཀག་ཉར་ལྐོག་བགོས་སོགས་ཀྱི་གནད་དོན་ཐོན་མ་ཐག་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱས་ཁར། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་གྱི་ཁུངས་སྣེར་སྔོན་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་དབུལ་སྒྲོལ་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཁུངས་སྣེ་3འབྱོར་བ་དང་གྱོད་གཞི་1གྱོད་ཁོངས་སུ་བཅུག་པ་རེད།
          གནད་དོན་གྱི་ཚུར་ལན་གཅིག་སྡུད་ཆེ་བ་དང་མང་ཚོགས་ཀྱིས་ཚུར་ལན་དྲག་པོ་བྱེད་པའི་ཚན་པར་དམིགས་ཏེ་ལྷུན་གྲུབ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཤང་དང་གྲོང་རྡལ་གྱི་སྒྲིག་ཨུད་ལས་དོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྫོང་དང་ཤང་རིམ་པ་གཉིས་ཀྱིས་མཉམ་འགུལ་གྱིས་དུད་ཚང་དུ་བསྐྱོད་དེ་འདྲི་རྩད་བྱེད་པ་དང་། ཕན་ཚུན་སྣོལ་འདྲི་བྱས་ཤིང་། ཤང་དང་། གྲོང་ཚོ། ཚོགས་ཆུང་། དུད་ཚང་བཅས་ལ་བསྐྱོད་དེ་གནད་སྨིན་ལྟ་ཞིབ་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་སྤྱིར་བཏང་རང་བཞིན་གྱི་གནད་དོན་50ཤེས་རྟོགས་ཐུབ་པ་དེ་དག་རིགས་7དུ་ལེགས་སྒྲིག་བྱས་ནས་འགན་ནུས་སྡེ་ཚན་3ལ་ལན་སྤྲོད་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་1རྩིས་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།