ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2019ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཞེས་པའི་བོད་ཀྱི་རྟིང་རྩོད་འགྲན་སྡུར་གཟའ་སྤེན་པའི་ཉིན་སྤེལ་རྒྱུ་ཡིན།

སྤེལ་དུས 2019-05-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
QQ截图20190523154706.png
           མཐུན་སྒྲིལ་བསམ་ནས། འབྱུང་འགྱུར་ལ་གླུ་དབྱངས་ལེན། 2019ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་བོད་ཀྱི་འགྲན་ཁུལ་གྱི་རྟིང་རྩོད་འགྲན་སྡུར་མི་འགྱངས་པར་སྤེལ་རྒྱུ་རེད། ཐེངས་འདིའི་འགྲན་སྡུར་ནི་ཡན་ལག་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དང་རྟིང་རྩོད་ཕྱེད་མ། དེ་ནས་རྟིང་རྩོད་འགྲན་སྡུར་ནས། བོད་ཀྱི་འགྲན་ཁུལ་གྱི་ལེགས་བདམ་འགྲན་སྡུར་དང་རྟིང་རྩོད་ཕྱེད་མའི་བར་ཟླ་ངོ་འགའི་དུས་ཡུན་བརྒྱུད་ཅིང་། བོད་ཀྱི་རྫོང་དང་གྲོང་ཁྱེར་རིམ་པའི་འགྲན་ཁུལ་ཡོངས་ལ་ཁྱབ་པ་དང་། དྲ་བའི་ཞུགས་གཏོང་གྲངས་ཚད་ཁྲི་800ཡར་མར་ལ་སླེབས་ཡོད། རིམ་པ་མང་པོའི་ལེགས་བདམ་བརྒྱུད་དེ། 2019ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཞེས་པའི་བོད་ཀྱི་འགྲན་ཁུལ་གྱི་རྟིང་རྩོད་འགྲན་སྡུར་ཟླ་5པའི་ཚེས་25ཉིན་གྱི་ཆུ་ཚོད་15པར་ལྷ་སའི་spaceནས་སྤེལ་རྒྱུ་རེད།  
           ཐེངས་འདིའི་རྟིང་རྩོད་འགྲན་སྡུར་ལ་ཐེངས་གཉིས་པའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་དགེ་རྒན་ལེའུ་ཧྭན་རུ་ཁག་གི་སློབ་མ་ལེའུ་ཁའེ་དང་། ཀྲུང་གོའི་ཡོ་རོབ་དང་མེ་གླིང་གི་དེང་རབས་མགྲིན་དབྱངས་ཀྱི་སློབ་གསོ་བའམ་འཛམ་གླིང་རྒྱ་མིའི་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་དོན་གཅོད་པ་ཧི་པེང་ཞིན་དང་། གླུ་དབྱངས་བཅོས་སྒྲིག་པའམ་གདངས་རྩོམ་པ་པོ་གྲགས་ཅན་སྟེ།《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་གྲོང་ཁྱེར་འགྲན་ཁུལ་གྱི་ལེགས་བདམ་གླུ་གཞས་ཀྱི་སྤྱིའི་ལྟ་སྐུལ་བ་ཝུའུ་ཅན་ཕའེ་དང་། 2018-2019《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྒྱལ་ཡོངས་བོད་ལྗོངས་སི་ཁྲོན་འགྲན་ཁུལ་གྱི་ཚོགས་གཙོ་གཞོན་པ་ཧོ་ཞང་བཅས་ནས་དཔྱད་བདམ་པའི་འགན་ཁུར་ཏེ། བོད་ཀྱི་གཞས་པ་དག་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ལ་ཞུགས་པར་རོགས་རམ་བྱ་རྒྱུ་རེད།
QQ截图20190523154710.png
           《ཀྲུང་གོའི་གླུ་སྐད་སྙན་མོ》དེ་ཀྲུང་གོའི་སྙན་གྲགས་ཆེ་བའི་གཞི་ཁྱོན་ཆེན་པོའི་ཧུར་བརྩོན་གྱི་ཆེད་ལས་གླུ་གཞས་ལེ་ཚན་ཞིག་ཡིན་པའི་ཆ་ནས། 2016ལོ་ནས་བཟུང་ཐོག་མའི་གསར་རྩོམ་རྣམ་པས་ཕྱིར་བཏང་པ་དང་། རོལ་མོའི་དགའ་ཞེན་པ་རྣམས་ལ་ཕུགས་བསམ་མངོན་འགྱུར་གྱི་གར་སྟེགས་བསྐྲུན་ཏེ། ཀྲུང་གོའི་རོལ་དབྱངས་ཀྱི་སྡིངས་ཆར་རྣམ་དཔྱོད་ཆེ་བའི་རོལ་མོ་བ་ཁྱུ་དང་ཁྱུ་ཞིག་སྔོག་འདོན་བྱས། 2019ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་བོད་ཀྱི་འགྲན་ཁུལ་གྱི་རྟིང་རྩོད་འགྲན་སྡུར་ལ་བོད་ཁུལ་ཡོངས་ནས་ཐོན་པའི་གཞས་པ་ཕུལ་བྱུང་བ་དག་གིས་མཐའ་མའི་དུས་རིམ་གྱི་ཛ་དྲག་གི་འགྲན་རེས་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁ་ཐོབ་མཁན་གྱིས་བོད་ཀྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ལ་ཞུགས་ནས། རྒྱལ་ཡོངས་ཀྱི་གཞས་པ་རྩེ་གྲས་ཁྲོད་དུ་བོད་ཀྱི་གླུ་སྐད་ལེགས་མཆོག་གཏོང་རྒྱུ་རེད། 
           ཕུགས་བསམ་ལ་རྒྱལ་ཕམ་གང་ཡང་རུང་སྟེ། བརྩེ་བ་ངོ་མས་རང་གི་ཕུགས་བསམ་དེ་འཁྲབ་སྟོན་བྱས་པ་ཡིན། ས་གཞི་འདིའི་མཁའ་དབྱིངས་སུ་རོལ་མོ་བས་ཕུགས་བསམ་ལ་བཅངས་པའི་རེ་སྙེག་མཆེད་ཅིང་། ན་གཞོན་དག་གིས་རོལ་དབྱངས་ལ་བཅངས་པའི་སྤྲོ་བ་སྦྲུམ་ཡོད། ཁོ་ཚོར་ཉན་དུས། འདི་ནས་རང་དབང་དང་རེ་སྙེག ཕུགས་བསམ་དབྱངས་ལ་གྱེར་ཅིང་། ལང་ཚོས་གྲོང་ཁྱེར་འདི་ལ་གསོན་ཤུགས་གསར་པ་ཞིག་བསྩལ་སོང་།
QQ截图20190523154719.png
           བོད་ལྗོངས་རྩ་འཛུགས་ཨུ་ཡོན་ནས་རྒྱུས་ལོན་པ་ལྟར་ན། 2019ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་བོད་ཀྱི་འགྲན་ཁུལ་གྱི་བྱ་བ་བདེ་བླག་ངང་མཇུག་རྫོགས་པ་དང་མཉམ་དུ། 2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་བོད་ཀྱི་འགྲན་ཁུལ་གྱི་བྱ་བའི་མགོ་བརྩམ་རྒྱུ་རེད། ད་དུང་གླུ་སྐད་སྙན་མོའི་གར་སྟེགས་ལ་འབུད་མ་ཐུབ་པའི་རེ་སྙེག་མཁན་ནམ། བློ་ཕམ་བྱུང་མྱོང་བའི་སློབ་མ་ཡོད་ཚེ། གླུ་སྐད་སྙན་མོའི་གར་སྟེགས་ནས་གྲེ་འགྱུར་གཟེངས་སུ་བསྟོད་པའི་གོ་སྐབས་ད་དུང་ཡོད། ཀྲུང་གོའི་གླུ་སྐད་སྙན་མོའི་བོད་ཀྱི་འགྲན་ཁུལ་གྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས(singchina2019)ལ་དོ་ཁུར་བྱས་ཏེ། ཐེངས་རྗེས་མའི་འགྲན་སྡུར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱ་ཆོག