ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“སེམས་མཐུན• ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་འོས་འགན་སྨན་བཅོས་བྱེད་སྒོ་འདམ་གཞུང་རྫོང་མི་དམངས་སྨན་ཁང་དུ་སྤེལ་བ།

སྤེལ་དུས 2019-05-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་ལྔ་པའི་ཞོགས་པར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ཉི་འོད་ཐོག་མར་འཆར་ཏེ་སྨི4200ཡོད་པའི་ས་བབ་ཀྱི་མཐོ་ཚད་འདིས་གྲོང་ཁྱེར་འདིའི་ཞོགས་པར་དེ་བས་གྲང་ངར་ཆེ་རུ་བཅུག
              ས་གནས་དེ་གའི་འབྲོག་པ་མང་ཚོགས་རྣམས་སྔ་མོ་ནས་འདམ་གཞུང་རྫོང་མི་དམངས་སྨན་ཁང་དུ་ཡོང་སྟེ་ཐག་རིང་ནས་ཡོང་བའི་མགྲོན་པོ་ཁག་གཅིག་ལ་སྒུག་ནས་བསྡད་ཡོད། 
འདི་ནི་འབྲོག་པ་མང་ཚོགས་ཀྱིས་འདམ་གཞུང་རྫོང་མི་དམངས་སྨན་ཁང་དུ་གྲལ་བསྒྲིགས་ནས་ཨང་རྟགས་ལེན་བཞིན་པའི་རྣམ་པ་རེད། 
              ཟླ5པའི་ཚེས26ཉིན“སེམས་མཐུན• ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་2019ལོའི་བོད་ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་སླེབས་ཤིང་། རྒྱལ་སའི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གར་ནད་གཞི་བརྟག་དཔྱད་དང་། སྨན་བཅོས་ཀྱི་ཆེད་ལས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་རེད། 
འདི་ནི་འདམ་གཞུང་རྫོང་མི་དམངས་སྨན་ཁང་གི་ནད་བརྟག་སྨན་བཅོས་བྱེད་པའི་ཡུལ་དངོས་རེད།
              ས་མཐོར་ཐོག་མར་སྐྱོད་མཁན་གྱི་པེ་ཅིང་གི་རིགས་གཅིག་མཁས་ཅན་ལ་མཚོན་ན་འདི་ཚང་མ་ནི་འགྲན་སློང་ཤ་སྟག་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4200ཡོད་པ་འདིས་དེ་བས་ཀྱང་རིགས་གཅིག་མཁས་ཅན་མང་པོར་ས་མཐོའི་ལ་དུག་ཚབས་ཆེན་ཕོག་ཏུ་བཅུག་ནས་མགོ་ན་བ་དང་། ཞེ་མེར་ལངས་པ། སྐྱུག་པ་ཡོང་བར་བྱེད་ཅིང་། དེ་ནས་ཁོ་ཚོས་དབྱང་དབུགས་དམ་སྣོད་དང་བཅུད་ལྡན་ཟས་རིགས་འཁྱེར་ནས་སྨན་བཅོས་བྱ་བར་ངང་སྒུག་བྱས་པའི་འབྲོག་པ་མང་ཚོགས་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་ཀྱི་ཡོད།
འདི་ནི་འབྲོག་པ་མང་ཚོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་པའི་སྒང་རེད།
              འདམ་གཞུང་རྫོང་མི་དམངས་སྨན་ཁང་གི་ཚོགས་ཁང་དེ་གནས་སྐབས་སྨན་བཅོས་ཁང་ཞིག་ཡིན་པའི་ངོས་ནས། “ཨང་ཐོ་འགོད་པ”ནས་ཁྲག་ཤེད་ལྟ་བ་དང་། ཚན་ཁག་དབྱེ་ནས་སྨན་བཅོས་བྱེད་པ་དང་། དེ་ནས་སྨན་བགོ་འགྲེམས་བྱེད་པ་སོགས་ཀྱི་མཚམས་སོ་སོར་མིས་ཁེངས་འདུག  ཕྱི་ནད་ཚན་ཁག་དང་། དབང་རྩའི་ཕྱི་བཅོས་ཚན་ཁག དབང་རྩའི་ཁོག་ནད་ཚན་ཁག ཁོག་ནད་ཚན་ཁག རུས་ནད་ཚན་ཁག སྤྱིའི་ཚན་ཁག་སོ་སོ་ཆེ་རྒྱུ་མེད་པའི་ཚོགས་ཁང་ནང་དུ་ཚུད་ཡོད་པར་མ་ཟད། ད་དུང་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་བུད་མེད་ཚན་ཁག་ཀྱང་ཚུད་ཡོད། སྐད་བརྡ་མི་འཕྲོད་པའི་དབང་གིས་ས་གནས་ས་ཐོག་ཏུ་རྒྱ་སྐད་ཅུང་ཙམ་ཤེས་པའི་མང་ཚོགས་རྣམས་ཀྱིས་སྐད་སྒྱུར་བྱས་པ་དང་། སྨན་པ་ཚོས་འགྲེལ་བཤད་རྒྱག་ཞོར་དང་རྣམ་འགྱུར་སྟོན་ཞོར་ངང་རྒྱུད་རིང་པོས་མང་ཚོགས་རེ་རེར་བརྟག་དཔྱད་བྱེད་ཀྱིན་ཡོད།
འདི་ནི་འབྲོག་པ་མང་ཚོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་བཞིན་པའི་སྒང་རེད།
              ད་ལོ་ལོ72ལ་སླེབས་པའི་ཚེ་རིང་དབྱངས་ཅན་གྱིས་སྔ་མོ་ནས་སྒོ་ཁར་སྒུག་ཅིང་། སྨན་པ་ཡོང་བ་མཐོང་སྐབས་ཁོ་མོས་ལག་པས་ཐལ་མོ་བརྡབས་ནས་དགའ་བསུ་ཞུས་པ་རེད། སྨན་པས་ཚེ་རིང་དབྱངས་ཅན་ལ་ཚིགས་ནད་ཚབས་ཆེན་ཕོག་ཡོད་པའི་བརྟག་དཔྱད་བྱས།
འདི་ནི་ཀྲུང་ཐའོ་ཡིས་ཚེ་རིང་དབྱངས་ཅན་ལ་སྐམ་ཁབ་རྒྱག་པའི་རྣམ་པ་རེད། 
              ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཝང་ཅིང་སྨན་ཁང་གི་རུས་ནད་ཚན་ཁག་ནས་ཡིན་པའི་སྨན་པ་ཀྲུང་ཐའོ་ཡིས་ཚེ་རིང་དབྱངས་ཅན་ལ་བརྟག་དཔྱད་ཞིབ་ཕྲ་བྱས་པ་དང་འབྲེལ་སྐམ་ཁབ་དང་ཕྱི་བྱུག་གི་བྱ་ཐབས་སྤྱད་དེ་སྨན་བཅོས་བྱས་ཤིང་།  ཀྲུང་ཐའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཚེ་རིང་དབྱངས་ཅན་གྱི་ལོ་ཚད་ཅུང་མཐོ་བ་དང་། ལོ་ན་མཐོ་རུ་སོང་བ་དང་བསྟུན་ནས་པུས་ཚིགས་ལ་བརྡར་ཟད་ཚབས་ཆེན་ཕོག་གི་ཡོད། ཚིགས་ནད་དེ་རིགས་ནི་གཅོང་ནད་ཡིན་པས་རྒྱུན་པར་ན་བ་ཡིན་ཞེས་བཤད།
འདི་ནི་ཚེ་རིང་དབྱངས་ཅན་གྱི་པུས་མོར་སྐམ་ཁབ་བརྒྱབ་ནས་སྨན་བཅོས་བྱེད་བཞིན་པའི་རྣམ་པ་རེད།
              སྨན་པ་ཀྲུང་ཐའོ་ཡིས་ས་གནས་ས་ཐོག་གི་ལོ་ཙཱ་བ་བརྒྱུད་དེ་ཚེ་རིང་དབྱངས་ཅན་ལ་འཚོ་བའི་ཁྲོད་གྲང་ངར་མི་ཕོག་པ་དང་ཁུར་པོ་ལྕི་མོ་མི་འཁྱེར་བའི་མངགས་བཅོལ་གནང་བ་རེད།
              “ས་མཐོའི་གྲང་ངར་ནི་ཚིགས་ནད་བྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞིང་། གྲང་ངར་གྱིས་ལུས་པོའི་ཁག་སོ་སོའི་འཁོར་སྐྱོད་ཇེ་ཞན་དུ་གཏོང་བ་སྟེ། ཤ་གནད་ཀྱི་སྐྱེན་འགྱུར་རང་བཞིན་ཇེ་གཉོམ་དང་། མཉེན་གཤིས་ཇེ་ཆུང་དུ་སོང་ནས་རྨས་ཕོག་སླ་བ་དང་། ཚིགས་ལ་འགྱུར་བ་བྱུང་ཚད་ཇེ་མགྱོགས་སུ་གཏོང་བ་ཡིན། དེ་རིང་འདམ་གཞུང་རྫོང་མི་དམངས་སྨན་ཁང་དུ་རུས་ནད་ཚན་ཁག་གི་ནད་པ40ལྷག་ཙམ་ལ་སྨན་བཅོས་བྱས་ཤིང་། དེའི་ཁྲོད་ཀྱི་མི30ལྷག་ཙམ་གྱིས་སྐམ་ཁབ་རྒྱག་པའི་སྨན་བཅོས་དང་ལེན་བྱས་པ་དང་། སྐམ་ཁབ་ཀྱིས་རུས་ཚིགས་ན་བ་ཞི་ལྷོད་དུ་གཏོང་བའི་ནུས་པ་ལྡན”ཞེས་ཀྲུང་ཐའོ་ཡིས་དེ་ལྟར་བཤད།  
འདི་ནི་སྨན་བླངས་པའི་འབྲོག་པ་མང་ཚོགས་རེད།
              དེང་སྐབས་ཀྱི་འབྲོག་ཁུལ་དུ་གནས་ཚུལ་ཁྱབ་སྤེལ་བྱས་པ་ཧ་ཅང་མགྱོགས་ཤིང་། འདམ་གཞུང་རྫོང་མི་དམངས་སྨན་ཁང་དུ་འོས་འགན་སྨན་བཅོས་བྱས་པའི་གནས་ཚུལ་དེ་རྩྭ་ཐང་ཐོག་མི་བཅུ་ནས་བརྒྱ་དང་། བརྒྱ་ནས་སྟོང་དུ་བསྒྲགས་ཏེ་དང་ཐོག་གི་གྲལ་བསྒྲིག་མཁན་གྱི་མང་ཚོགས་མི་བཅུ་ཕྲག་ལྷག་ནས་རིམ་བཞིན་དུ་མི་ཇེ་མང་ནས་ཇེ་མང་དུ་སོང་སྟེ། ཉིན་གཅིག་གི་དུས་ཚོད་ནང་འབྲོག་པ་མང་ཚོགས370ལྷག་གིས་ནད་དཔྱད་དང་སྨན་བཅོས་དང་ལེན་བྱས་པ་རེད། 
འདི་ནི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་འདམ་གཞུང་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣར་གསོ་སྦྱོང་བྱེད་བཞིན་པའི་རྣམ་པ་རེད།
              དེ་ལས་གཞན་འདམ་གཞུང་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པའི་ཆུ་ཚད་མི་འདྲ་བ་དང་། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། པེ་ཅིང་ནས་ཡོང་བའི་རིགས་གཅིག་མཁས་ཅན་གྱིས་ཁྲག་ཤེད་མཐོ་བའི་ནད་དང་། མོ་ནད་ཐད་ཀྱི་རྒྱུན་མཐོང་ནད། དེ་མིན་བྱུང་ཐེངས་མང་བའི་ནད་ཐོག་སྨན་བཅོས་ཀྱི་ཁྱད་ཆོས་ལ་གཅིག་སྡུད་ཀྱིས་གསོ་སྦྱོང་བྱས་པ་རེད། “རིགས་གཅིག་མཁས་ཅན་ཚོའི་སྨན་བཅོས་ལ་གོ་རིམ་ཡོད་པ་དང་། བརྟག་དཔྱད་ཀྱི་ཚད་གཞི་སོགས་ཐད་ཀྱི་འགྲེལ་བཤད་གོ་བདེ་ཞིང་ཤེས་སླ་བ་དང་གོ་རིམ་ཁ་གསལ་ཡོད་ཅིང་། སྨན་ཁང་གི་སྨན་དོན་མི་སྣར་གཞུང་ལུགས་དང་ལག་ལེན་གཉིས་ཐ་དད་དུ་གྱུར་པའི་གནད་དོན་ཡོངས་ཁྱབ་ཀྱིས་གནས་པས།  ཉམས་མྱོང་དང་གཞུང་ལུགས་ཀྱི་ཤེས་བྱ་ལྡན་པའི་ཆེད་མཁས་དགེ་རྒན་རྣམས་ཡུལ་དངོས་སུ་སླེབས་ཏེ་མཛུབ་སྟོན་བྱས་ཚེ་ཁོ་ཚོའི་མཐོར་འདེགས་ལ་ནུས་པ་ཆེན་པོ་ཐོན་པ་ཡིན ”ཞེས་འདམ་གཞུང་རྫོང་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་པས་དེ་ལྟར་བཤད།