ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་སྐྱོར་ལས་གཞི་202ཀྱི་གན་རྒྱ་བཞག་པར་སྔོན་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་215བཏང་ནས་བོད་ལྗོངས་ཀྱི་དབུལ་ཐར་འགག་སྒྲོལ་ལ་རོགས་སྐྱོར་བྱ་རྒྱུ་རེད།

སྤེལ་དུས 2019-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
             བོད་རང་སྐྱོང་ལྗོངས་དབུལ་ཆེའི་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ཡུལ་དངོས་ནས་སྐུལ་འདེད་གཏོང་བ་དང་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་རྒྱ་ཆེར་སྤེལ་བའི་ཚོགས་འདུ་དེ་ཚེས་17ཉིན་བོད་ལྗོངས་ཉིང་ཁྲིར་འཚོགས་པ་རེད། བོད་སྐྱོར་ལས་གཞི་202ཀྱིས་ཡུལ་དངོས་སུ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ཤིང་། སྔོན་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་215གཏང་རྒྱུ་ཡིན་པས། གན་རྒྱ་འཇོག་པའི་ལས་གཞིའི་གྲངས་ཚད་དང་མ་དངུལ་གྱི་གྲངས་འབོར་གཉིས་ཀ་ཆེས་ཆེར་འཕར་བ་རེད།
             རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་བླང་བྱ་ལྟར། 2018ལོ་ནས་2020ལོའི་བར་ཀྲུང་དབྱང་གིས་ཁ་གསལ་དོད་པོའི་ངང་ནས་“ལྗོངས་གསུམ་ཁུལ་གསུམ་”གྱི་དབུལ་ཆེའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་དབུལ་པོའི་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ཡུལ་དངོས་ནས་སྐུལ་འདེད་གཏོང་བའི་ཚོགས་འདུ་ཐེངས་རེར་འཚོག་དགོས་པར་གཏན་ལ་ཕབ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་2016ལོ་ནས་བཟུང་ཚོགས་འདུ་དེ་རིགས་འཚོགས་ཤིང་། 2017ལོ་ནས་བཟུང་ལོ་ལྟར་ཚོགས་འདུའི་ཡུལ་དངོས་ནས་བོད་སྐྱོར་ལས་གཞི་ལ་མིང་རྟགས་འགོད་པའི་མཛད་སྒོ་བསྡུས་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་ལས་གཞི་25དོན་ལ་འཁྱོལ་བ་དང་དེའི་མ་དངུལ་སྒོར་དུང་ཕྱུར་60ལས་བརྒལ་ཡོད།
21.jpg
ཟླ་4པའི་ཚེས་1ཉིན།  ཚོང་མགྲོན་(གཡས)ཞིག་གིས་རྒྱལ་ཡོངས་ཀྱི་བོད་སྐྱོར་རིག་གནས་ཡུལ་སྐོར་མུ་འབྲེལ་སྒོ་རྩིས་ཚོང་ཁང་དང་པོའི་ནང་བོད་ལྗོངས་ཀྱི་ཁྱད་ལྡན་སྦྲགས་དངོས་བདམས་ཉོ་བྱེད་བཞིན་པ་ཡིན།
             རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་ལས་གཞི་གན་རྒྱ་འཇོག་མཁན་ནང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17དང་། ཁ་གཏད་བོད་སྐྱོར་ཀྲུང་དབྱང་ཁེ་ལས་16། དམིགས་བསལ་གདན་ཞུས་གན་རྒྱ་འཇོག་མཁན་གྱི་ཁེ་ལས་མང་པོ་བཅས་ཡོད། ལས་གཞི་དེ་དག་གི་ཁྲོད་དུ་ཐོན་ལས་དང་། སློབ་གསོ། སྨན་བཅོས། གནས་སྒྱུར་ལས་ཞུགས། འཛད་སྤྱོད་དབུལ་སྐྱོར། ཚན་རྩལ་དབུལ་སྐྱོར་སོགས་ཚུད་ཡོད་ལ། དེ་ལས་འཛད་སྤྱོད་དབུལ་སྐྱོར་དང་གནས་སྒྱུར་ལས་ཞུགས་ཀྱི་ལས་གཞི་ཚང་མ་ད་ལོར་གསར་དུ་བསྣན་པའི་རིགས་ཡིན། སྔོན་དཔག་བྱས་ན་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་45ཟིན་ཅིང་དེས་མི་གྲངས་8000ལྷག་ཙམ་ལས་ཞུགས་བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད།
             བོད་རང་སྐྱོང་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ལེབ་འབྲེལ་དམིགས་བསལ་དབུལ་ཕོངས་ས་ཁུལ་ཁོ་ན་དེ་ཡིན་ལ། 1994ལོར་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་“ཁག་བགོས་འགན་འཁུར། ཁ་གཏད་རོགས་སྐྱོར། དུས་བཀག་རེས་མོས་”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་དང“ཡུན་རིང་རོགས་སྐྱོར། རང་འགུལ་རེས་མོས་”ཀྱི་ལས་བྱེད་པའི་རོགས་སྐྱོར་བྱེད་ཐབས་སྤྱད་པ་ནས་བཟུང་། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཡུན་རིང་བོར་ཁ་གཏད་རོགས་སྐྱོར་བྱས་ཏེ་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་བཏོད་ཡོད།
             དབུལ་ཐར་འགག་སྒྲོལ་གྱི་ལས་མགོ་བརྩམས་པ་ནས་བཟུང་། བོད་ལྗོངས་ཀྱི་དབུལ་བོ་མི་གྲངས་དེ་ཁྲི་59ནས་ཁྲི་15བར་ཉུང་དུ་ཕྱིན་པ་དང་།  དབུལ་ཕོངས་རྫོང་(ཁུལ)གི་གྲངས་ཚད་74ནས་19བར་ཉུང་དུ་ཕྱིན་ཏེ་ཞྭ་མོ་ཕུད་པའི་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། དབུལ་ཕོངས་བྱུང་ཚད་25.2%ནས་5.6%བར་མར་ཆག་ཡོད། ད་ལོར་བོད་རང་སྐྱོང་ལྗོངས་ཀྱིས་དབུལ་བོ་གཏན་ནས་མེད་པར་བརྩོན་ལེན་བྱས་ཏེ། ལྷག་མའི་དབུལ་བོ་ཁྲི་15དབུལ་ཐར་དང་དབུལ་ཕོངས་རྫོང་(ཁུལ་)19ཡིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྒྱུ་རེད།