ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཕྱི་ནང་གི་དུས་ཆེན་གང་ཡིན་ཐམས་ཅད་རོལ་ན་འོས་སམ།

སྤེལ་དུས 2018-12-26 ཡོང་ཁུངས། དྲ་ལམ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
 དང་པོ། ལོ་སར་ལ་ཉེ་དུས།
               བོད་མི་རེ་འགའ་ནི་རང་ཚུགས་མེད་པའི་རྩྭ་སྐྱ་དང་འདྲ། ང་ཚོའི་བླ་ཆེན་དང་མི་ཆེན་རེ་ཟུང་གིས་ཡེ་ཤུའི་དུས་ཆེན་ལ་གུས་བསུ་བྱས་ནས་མཐུན་སྒྲིལ་བསམ་ན་འགྲིག་མོད། མི་དཀྱུས་མ་ཚོས་ཡེ་ཤུའི་དུས་ཆེན་དང་དུ་ལེན་བཞིན་པ་ནི་རང་ཚུགས་མེད་པའི་མཚང་རྟགས་སླང་ལ་བུད་པ་རེད།
               ལོ་རེར་ཕྱི་ཟླ་12 ཚེས་24 ནས་བཟུང་ཡེ་ཤུའི་ཆོས་ལུགས་པའི་དུས་ཆེན་ཡིན། དེ་ཡང་ཡེ་ཤུའི་སྟོན་པ་དང་། ཡེ་ཤུའི་ལྷ་ཤིང་། ཡེ་ཤུའི་ལྷ་བཅས་ཀྱི་དུས་ཆེན་མཉམ་དུ་བསུ་བཞིན་ཡོད། དུས་རབས་བརྒྱད་པའི་ནང"ཏིབ"ཟེར་བའི་ཤིང་སྡོང་དེ་བཅད་ནས་ཉེ་འཁོར་གྱི་ཤིང་མང་བོ་འགྱེལ་ཤུལ་དུ་སྒྲོན་ཤིང་ཞིག་ལུས། དེ་ནས་བཟུང་སྒྲོན་ཤིང་དེ་ལྷ་ཤིང་དུ་བརྩིས་ཏེ་ཞག་སྒྲོན་བཞག་ནས་མཆོད་མགོ་བརྩམས། ད་སྐབས་ཁྱིམ་ཚང་དུ་འཇོག་གིན་ཡོད་པ་དེ་རེད། ད་དུང་རྒད་པོ་ཨག་ཚོམ་དཀར་པོ་ཅན་ཞིག་ཡོད་པ་དེ་དུས་ཀྱི་ཆོས་གསུང་མཁན་ཡིན་པར་འདོད་མཁན་འདུག གང་ལྟར་རྒད་པོ་མན་དཀར་དེ་ཡེ་ཤུའི་ལྷ་རུ་བརྩི་ཞིང་བྱིས་པ་དག་ལ་ལོ་སར་གྱི་ལེགས་སྐྱེས་བསྐྱལ་ནས་ཡོང་གིན་ཡོད་པའི་སྒྲུང་བཟོས་ཏེ་ཁྱིམ་མི་དག་གིས་འཁྲབ་སྲོལ་དར།
               འདི་དག་ད་ལྟ་རང་ཚུགས་མེད་པའི་བོད་པ་ཚོས་དང་ལེན་བྱས་ཏེ་ཁྱབ་སྤེལ་བྱེད་ཀྱིན་འདུག ལྷག་པར་དུ་ཕྱི་ལ་གྲྭ་ཆོས་གོན་ཞིང་ནང་དུ་ཡོན་ཏན་མེད་པ་དག་གིས་ཆེད་སྤེལ་བྱེད་བཞིན་པ་ནི་ངོ་མས་ངོ་ཚ་བའི་གནས་སོ།། ཡེ་ཤུ་བ་དང་ནང་པ་གང་ཡིན་ཡང་རང་རང་གི་ཆོས་ལུགས་ཀྱི་དུས་ཆེན་ལས་གཞན་གལ་ཆེན་དུ་བརྩིས་ན་རང་ཚུགས་མེད་པ་ཁོ་ན་རེད། གལ་ཏེ་ཕྱི་སྡོད་བོད་པ་ཚོ་གཞན་ལ་བསྟུན་དགོས་མོད། རང་ཚུགས་བཏང་ནས་ཅིག་ཡིན་མདོག་མདོག་གིས་ཁྱབ་སྤེལ་བྱས་ན་ངོ་སྐྱི་ལ་ཚོར་བ་མེད་པའི་རྟགས་རེད།
གཉིས་པ། ཤོག་ཞྭ་གྱོན་པ།
               ད་སྐབས་བོད་པ་མང་བོ་ཞིག་གིས་བྱིས་པའི་སྐྱེས་སྐར་སོགས་ཡེ་ཤུ་བར་སྒྱུར་བཞིན་འདུག ཅི་ལྟར་ཞེ་ན། སྐྱེས་སྐར་ཉིན་བྱིས་པའི་མགོ་ལ་ཤོག་ཞྭ་གོན་ནས་ཡེ་ཤུའི་ཆོས་ལུགས་བྱེད་ཀྱིན་འདུག  ཡེ་ཤུ་བ་ཚོས་རང་གི་སྐྱེས་སྐར་གལ་ཆེན་དུ་བརྩི། རྒྱུ་མཚན། ཡེ་སུའུ་ཤི་བ་དེ་མི་རྣམས་ཀྱི་ཆེད་དུ་ཡིན་པས། མི་དག་སྐྱེས་པ་ནས་དེ་ལ་དད་པ་བྱས་ན་ནམ་ཞིག་གནམ་བདག་དང་མི་འབྲལ་བར་འདོད། ཤོག་ཞྭ་འདི་སྔོན་ཆད་རོ་མན་པ་ཚོའི་དུས་ཆེན་ཞྭ་མོ་ཞིག་རེད། ཁོང་ཚོ་ཡེ་ཤུའི་ཆོས་ལུགས་ལ་ཞུགས་རྗེས་ཡེ་ཤུའི་སྟོན་པར་དད་པ་དང་སྐྱེས་སྐར་རྩ་ཆེན་དུ་བརྩི་སྲོལ་བཟུང་སྟེ་ཤོག་ཞྭ་འདི་གོན་པ་རེད། དེ་སྐབས་རང་ཚུགས་མེད་པའི་བོད་པ་ཚོས་རང་གི་བྱིས་པར་རོ་མན་གྱི་ཤོག་ཞྭ་གོན་ནས་ཡེ་ཤུ་བའི་ཆོས་ལུགས་ནང་འདྲེན་བྱེད་ཀྱི་ཡོད།
               ད་དུང་མདུན་ལ་འཁྱགས་སྤྲི་དང་། ཞག་སྒྲོན་འཇོག་པ་ཡང་སྔོན་ཡེ་ཤུ་བ་ཚོ་ལྷ་ཁང་དུ་སོང་ནས་ཀ་ར་དང་ཞག་སྒྲོན་འཇོག་སྲོལ་ཡོད་པ་དེ་ཕྱིས་སུ་རང་ཁྱིམ་ནས་བསུ་སྲོལ་དར་བའི་རིམ་པ་ཙམ་ལས། དོན་དངོས་ཡེ་ཤུའི་ལྷ་ལ་གསོལ་འདེབས་དང་དེར་ཕུལ་བའི་མཆོད་པ་རེད།(ཁ་བྱང་དངོས་༼རང་ཚུགས་མེད་པའི་བོད་དང་། ཡེ་ཤུའི་དུས་ཆེན་ཁག༽)