“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་འགན་ལེན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

སྤེལ་དུས 2019-12-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          འདི་ལོའི་ཟླ་12ཚེས་4ཉིན་ནི་རང་རྒྱལ་གྱི“རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོ”ཐེངས་དྲུག་པ་དེ་ཡིན་ཞིང་། ལྗོངས་ཏང་ཨུད་ཁྲིམས་བཞིན་བོད་སྐྱོང་གཞུང་ལས་ཁང་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་ཁྲིམས་འཛིན་ཐིང་བཅས་ཀྱིས“རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོ”ཐེངས་དྲུག་པའི་རིང་མཉམ་འབྲེལ་ཐོག“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྩ་ཁྲིམས་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་བེད་སྤྱོད་བཅས་བྱས་ཏེ་ཁྲིམས་བཞིན་བོད་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དེ་རེད། 
          རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག ཏང་དང་མི་དམངས་ཀྱི་འདོད་འདུན་གཅིག་སྡུད་མཚོན་ཚུལ་བཅས་རེད། ལྗོངས་ཡོངས་སུ“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་དམིགས་ཡུལ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་རྩ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་འགན་ལེན་གྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་རེད། 
          སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་གི་འགོ་ཁྲིད་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་འགན་ལེན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར། གནས་བབ་ཨང་དང་པོར་འཇོག་རྒྱུ་ནི་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲག་རྒྱུན་ནང་འདྲེས་པ་བཅས་བྱས་ནས་ཏང་ཡོངས་ཀྱི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག་གིས་སྲུང་སྐྱོབ་བཅས་བྱ་རྒྱུ་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བ་བྱུ་རྒྱུ་དེ་ཡིན། 
          རྩ་ཁྲིམས་ཀྱི་རྨང་གཞི་དེ་མི་དམངས་ཀྱིས་སེམས་གཏིང་ནས་བརྩི་སྲུང་ཞུ་རྒྱུར་ཐུག་པ་དང་། རྩ་ཁྲིམས་ཀྱི་སྟོབས་ཤུགས་ཆེན་པོ་ནི་མི་དམངས་མང་ཚོགས་ཚོའི་ཟོལ་མེད་དད་མོས་ལ་ཐུག་ཡོད། རྩ་ཁྲིམས་མི་སེམས་སུ་གཏིང་ཟབ་ཟུག་ཚེ། ལག་བསྟར་བྱ་རྒྱུ་དེ་མི་དམངས་ཀྱི་རང་རྟོགས་བྱ་སྤྱོད་ལ་དངོས་འབྲེལ་འགྱུར་ཐུབ། “རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་གཞིར་བཟུང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས་རྩ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོ་གཏོང་རྒྱུ་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལྟེ་བའི་ནང་དོན་ལ་བརྩི་བ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དྲིལ་བསྒྲགས་ཀྱི་ལྟེ་བའི་ནང་དོན་ལ་བརྩིས་ནས་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། ཚན་པ། དགོན་སྡེ་བཅས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་པར་་སྐུལ་འདེད་གཏོང་བ་དང་། རྩ་ཁྲིམས་ཀྱི་དགོངས་དོན་མི་སེམས་ལ་ཟུག་པ་བྱས་ཐོག རྩ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས། 
          རྩ་ཁྲིམས་ཀྱི་ནུས་པ་ནི་ལག་ལེན་ལ་ཐུག་ཡོད་ལ། རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་ལེན་ལ་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ད་ཐེངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པ་གོ་སྐབས་སུ་བཟུང་ནས། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་འགན་ལེན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རྩ་ཁྲིམས་ལག་ལེན་བསྟར་རྒྱུ་གནས་བབ་དེ་བས་མཐོ་བའི་ཐོག་འཇོག་པ་དང་། གལ་ཆེའི་གྲོས་རིམ་ནང་འཇུག་པ། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་པ། ཁྲིམས་འཛིན་ནན་པོ་བྱེད་པ། གཞུང་དྲང་ཁྲིམས་འཛིན་བྱེད་པ་བཅས་བྱེད་དགོས་པ་དང་། ལྷག་དོན་དུ་བོད་ཀྱི་དོན་དངོས་ལ་གཞིགས་ནས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་སོགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཟོ་རྒྱུར་ཞིབ་འཇུག་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་བཞིན་འགན་ནུས་སྒྲུབ་པའི་གཞི་རིམ་གྱི་ནུས་པ་ཆེ་རུ་ནུས་ལྡན་གཏོང་བ། རང་ལྗོངས་སུ་རྩ་ཁྲིམས་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བཅས་བྱས་ནས་མི་དམངས་མང་ཚོགས་ཚང་མས་ཁྲིམས་འཛིན་གྱོད་གཞིའི་ཁྲོད་དྲང་གཞག་དྲང་བདེན་ཚོར་བར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས་རྩ་ཁྲིམས་གོང་བཀུར་དང་རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་བེད་སྤྱོད་བཅས་ཀྱི་དཔེ་བཟང་བ་བྱེད་པ་དང་། ཁྲིམས་བཞིན་ཇུས་འགོད་དང་། ཁྲིམས་བཞིན་དོན་སྒྲུབ། ཁྲིམས་བཞིན་དོ་དམ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དབང་ཆ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤྱད་དེ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་དགོས། 
          ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་འགན་ལེན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ང་ཚོས་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་གཞིར་བཟུང་། རང་རྟོགས་ངང་རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་རང་རྟོགས་ངང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་རྩ་ཁྲིམས་ལག་བསྟར་འགན་ལེན་བྱས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྟེན་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱེད་དགོས། 
རྩོམ་སྒྲིག་པ། བདེ་སྒྲོལ།