“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་དྲ་ཐོག་ནས་གཉེར་ཐུབ་ཀྱི་འདུག

སྤེལ་དུས 2019-12-06 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

         བཅོལ་གསོག་ལས་ཁུངས་ཁག་དང་ལས་བཟོ་རྣམ་པར།
         སྡོད་ཁང་སྤྱི་གསོག་མ་དངུལ་གྱིས་བཅོལ་གསོག་ལས་བཟོར་ཞབས་ཞུ་སྒྲུབ་པའི་ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས། བཅོལ་གསོག་ལས་བཟོས་ཡུན་རིང་བཏོན་པའི་ལས་སྒོ་རེ་ཞུ་བྱེད་སྐབས། མ་གནས་མཐོ་ཞིང་ལས་སྒོ་གཉེར་དཀའ་བ་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱ་ཆེད། ལྗོངས་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིང་ཏང་ཙུའི་ཚད་མཐོའི་ཐུགས་ཁུར་དང་། ལས་ཁུངས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ད་ཆ་བོད་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དྲ་ཚིགས་དང་། ལག་ཐོག་ཁ་པར་གྱི་དུས་སྣེ་གསར་སྤེལ་བྱས་ཟིན་ཡོད་པ་དང་། བོད་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྐད་འཕྲིན་སྤྱི་སྟེགས་ཀྱང་བཟོས་ཟིན་ཡོད་པས།  སྡོད་ཁང་སྤྱི་གསོག་མ་དངུལ་འདོན་པ་དང་། བཅོལ་གསོག་ལས་སྒོ་གཉེར་དགོས་ཚེ། གོང་གསལ་གྱི་བྱ་ཐབས་གསུམ་པོ་དེ་བརྒྱུད་ནས་དྲ་ཐོག་ཏུ་གཉེར་དགོས་པ་དང་། བཅོལ་གསོག་ལས་སྒོ་ཡང་མི་རིང་བར་བེད་སྤྱོད་བྱ་ཐུབ་རྒྱུ་རེད།
         དེའི་ནང་ཞུགས་རྒྱུར་མོས་མཐུན་ཡོད་པའི་ལས་ཁུངས་ཀྱིས་ལས་ཁུངས་རང་གི་བཅོལ་གསོག་ལས་བཟོར་མིང་དངོས་བཀོད་དུ་བཅུག་ནས་ཐོ་འགོད་བྱ་རྒྱུའི་བརྡ་ཐོ་གཏང་དགོས་པ་དང་།  དངུལ་འདོན་པ་དང་དངུལ་བུན་གཡོར་བའི་ཆ་རྐྱེན་འཛོམས་པའི་ལས་བཟོ་ཚོས་ངེས་པར་དུ་ལག་ཐོག་ཁ་པར་རམ། ཡང་ན་དྲ་ཚིགས་བརྒྱུད་ནས་རེ་ཞུ་བྱ་དགོས་པ་དང་། བཀོལ་སྤྱོད་བྱེད་པའི་དྲན་སྐུལ་གཞིར་བཟུང་སྟེ།  རིམ་པ་བཞིན་ཡིག་ཆ་བརྒྱུད་བསྐུར་བྱ་དགོས།  དངུལ་འདོན་པའི་རེ་ཞུ་དེ་སོ་སོ་སྡོད་སའི་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཞིབ་བཤེར་གཏན་འཁེལ་བྱས་རྗེས་བདག་གཉེར་བྱ་རྒྱུ་དང་། ལེན་ཆོག་པའི་སྡོད་ཁང་སྤྱི་གསོག་མ་དངུལ་དེ་རེ་ཞུ་འབུལ་མཁན་གྱིས་ཐོ་འགོད་བྱས་པའི་རྩིས་ཁྲའི་ནང་འགོད་རྒྱུ་རེད།  ད་དུང་དམིགས་བསལ་དྲན་སྐུལ་ཞུ་རྒྱུ་ཞིག་ལ། བཅོལ་གསོག་ལས་བཟོས་རང་ཉིད་ཀྱིས་བརྒྱུད་བསྐུར་བྱས་པའི་ཡིག་ཆ་དང་འབྲེལ་ཡོད་ལག་ཁྱེར་གྱི་ཟོལ་མེད་རང་བཞིན་ལ་འགན་འཁུར་དགོས་ཤིང་། འབྲེལ་ཡོད་ལག་ཁྱེར་དང་གན་རྒྱ། འཛིན་ཤོག་སོགས་རྫུན་བཟོ་བྱེད་མི་རུང་། གལ་སྲིད་རྫུན་བཟོ་བྱས་པ་ཤེས་ཚེ།  ཡིད་རྟོན་ཆད་པ་གཅད་རྒྱུ་རེད་ལ།  ཁྲིམས་ལུགས་ཁྲིམས་སྲོལ་ལས་འགལ་ཚེ་འབྲེལ་ཡོད་ཀྱི་འགན་འཁུར་དགོས། ལས་སྒོ་དེ་ད་ལྟ་གཉེར་མ་ཐག་ཡིན་པས། ལེགས་བཅོས་བྱ་དགོས་ས་མང་པོ་ཡོད་ངེས་པས། དགོངས་འཆར་ཡོད་ཚེ་ཐད་ཀར་གསུང་རོགས་ཞུའོ། །
         ལྟ་སྐུལ་ཁ་པར་ཨང་གྲངས། ༠༨༩༡ ༦༨༢༨༤༡༡
         ཞབས་ཞུའི་ཁ་པར་ཨང་གྲངས།
         རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༠༨༩༡ ༦༨༣༩༠༩༠
         ལྷ་ས་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༠༨༩༡ ༦༣༤༡༠༠༩
         གཞིས་ཀ་རྩེ་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༠༨༩༢༨༨༣༣༨༠༧
         ལྷོ་ཁ་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༠༨༩༣ ༧༨༢༡༥༦༠
         ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༠༨༩༤ ༥༨༢༨༥༩༩
         ཆབ་མདོ་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༠༨༩༥ ༤༨༣༠༡༠༨
         ནག་ཆུ་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༠༨༩༦ ༣༧༣༣༨༩༩
         མངའ་རིས་ས་ཁུལ་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༠༨༩༧ ༢༨༢༦༡༩༩
         རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས།
         ༢༠༡༩ལོའི་ཟླ་༡༢ཚེས་༢ཉིན།
རྩོམ་སྒྲིག་པ། བདེ་སྒྲོལ།