“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཝུའུ་དབྱིང་ཅེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ལྷ་ས་པུའུ་རུ་བརྟག་ཞིབ་གནང་བ།

ཆེ་དགྲ་ལྷ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ།

སྤེལ་དུས 2019-12-02 ཡོང་ཁུངས། རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར།
           ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷན་དུ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ལྷ་ས་པུའུ་རུ་ཕེབས་ནས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ཐད་བརྟག་ཞིབ་གནང་བ་རེད།
           ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ལྷ་ས་པུའུ་རུ་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་དང་བཅས་པས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཞུགས་མཁན་ཚན་རིག་ཞིབ་འཇུག་ལས་དོན་པའི་འཐུས་མིར་བྱམས་བརྩེའི་ངང་གཟིགས་པ་རེད། འགྲེམས་པང་དང་བརྙན་ལམ་ལ་གཟིགས་པ་དང་ངོ་སྤྲོད་གསན་རྗེས། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བརྒྱུད་རིམ་དང་རིག་གཞུང་གི་གྲུབ་འབྲས་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་ཆེད་དོན་གྲུབ་འབྲས་སྐོར་གྱི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་ཡི་མཚན་འཛིན་སུའོ་ཀྲང་ཡའོ་ཐན་ཏུང་གི་སྙན་ཞུ་གསན་པ་དང་འབྲེལ། རང་ལྗོངས་ཀྱི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་སྐུལ་འདེད་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འགན་ཁུར་བློ་མཐུན་གྱི་སྙན་ཞུ་གསན་པ་རེད།
           མིག་སྔར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་གྲུབ་འབྲས་ཆེན་པོ་ཐེངས་མང་ཐོབ་པ་མཁྱེན་སྐབས། ཝུའུ་དབྱིང་ཅེ་ཐུགས་སྣང་གཤིན་པོ་བྱུང་ཞིང་། ཁོང་གིས་ད་ཐེངས་ཀྱི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་ཚན་ཞིབ་རིགས་གཅིག་མཁས་ཅན་དང་། ན་གཞོན་སློབ་མ། འགན་ལེན་མི་སྣ་བཅས་ཀྱིས་གསོ་རླུང་མི་འདང་བ་དང་གཟུགས་པོ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ས་བབ་མཐོ་བའི་ས་ཁུལ་དུ་འཁྱག་རི་འཛེག་པ་དང་གངས་ཁྲོད་དུ་གནས་སྡོད་བྱེད་པ་དང་། ཆར་རླུང་ལ་མ་འཛེམས་པར་བློ་རྩ་བརྟན་པོས་ཚན་རིག་རྟོག་ཞིབ་གྲུབ་འབྲས་ཐེངས་མང་བཏོད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ་དང་། བྱ་སྤྱོད་ངོ་མའི་ཐོག་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད་ཅེས་གསུངས་པ་རེད། ཝུའུ་དབྱིང་ཅེས་ཚན་རིག་རྟོག་ཞིབ་མི་སྣ་དང་ཁོང་ཚོ་བརྒྱུད། ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་ཚན་ཞིབ་རིགས་གཅིག་མཁས་ཅན་དང་། ན་གཞོན་སློབ་མ། འགན་ལེན་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
           ཝུའུ་དབྱིང་ཅེས་བོད་ལྗོངས་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེ་བ་དང་། རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་འཐབ་ཇུས་ཀྱི་གནས་བབ་དེ་བས་མངོན་གསལ་དོད་པོ་ཡོད། ད་ཐེངས་ཀྱི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་ཚན་ཞིབ་མི་སྣ་ཡོངས་ཀྱིས་མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་བོད་ཀྱི་སྣོད་བཅུད་ཁོར་ཡུག་གི“ཁྱིམ་རྨང”སྔར་བས་མཐིལ་རྟོགས་གཏིང་ཟབ་བྱེད་པ་དང་། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ད་ཐེངས་ཀྱི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་ཟུང་འབྲེལ་བྱེད་གནས་དང་འཇུག་གཞི་གནད་ལ་འཁེལ་བའི་ངང་འཚོལ་བ།
རྩོམ་སྒྲིག་པ། བདེ་སྒྲོལ།