“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

སྐབས་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་ཚོགས་ཆེན་སི་ཕན་གྱི་མ་ཏེ་ལིར་སྐོང་འཚོགས་བྱས་པ།

སྤེལ་དུས 2019-12-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           སྐབས་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་བའི་ཚོགས་ཆེན་སྤྱི་ཚེས་༢ཉིན་སི་ཕན་གྱི་མ་ཏེ་ལིར་སྐོང་འཚོགས་བྱས་ཡོད། རྒྱལ་ཁབ་ཁག་གི་ཚོགས་ཞུགས་འཐུས་མིས་༼ཕ་རི་སིའི་གྲོས་ཆོད་༽ཞེས་པ་ལག་བསྟར་གྱི་ཞིབ་ཕྲའི་རྩ་དོན་་སོགས་ཀྱི་གྲོས་གཞིའི་ཐད་མུ་མཐུད་ནས་དབྱེ་འབྱེད་གྲོས་མོལ་བྱ་རྒྱུ་ཡིན་པ་རེད། འཆར་གཞི་གཞིར་བཟུང་། ཚོགས་ཆེན་སྤྱི་ཚེས་༢ཉིན་ནས་སྤྱི་ཚེས་༡༣ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད།
           ན་ནིང་། རླུང་ཁམས་ཆེན་མོའི་ཁྲོད་ཀྱི་དྲོད་ཁང་རླུང་གཟུགས་ཀྱི་བསྡུད་ཚད་སླར་ཡང་ཟིན་ཐོ་གསར་པ་གཏོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སིས། དེ་ནི་ཐལ་སྐྱོད་གནམ་གཤིས་ཐོན་མང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞེས་ངོས་འཛིན་གནང་ཡོད། རྒྱལ་ཁབ་ཁག་ནས་འབུད་བཤངས་ཉུང་གཏོང་ཐད་འབད་པ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག གུ་ཐེ་ལེ་སིས་དམིགས་སུ་བཀར་ནས། ༼ཕ་རི་སིའི་གྲོས་ཆོད་༽ནང་ཁས་ལེན་བྱས་པའི་དམ་བཅའ་ལག་བསྟར་བྱེད་དགོས་པ་དང་། ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་པའི་ཁས་ལེན་ལག་བསྟར་བྱེད་དགོས། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་རྒྱུའི་གནད་དོན་ཐད་འཛམ་གླིང་ཡོངས་ཀྱིས་རྗེས་མི་ལུས་པ་ཁས་ལེན་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་ཅེས་བསྟན་གནང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།