“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས་སྐབས་གསུམ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2019-12-04 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉེ་ཆར། གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས་སྐབས་གསུམ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཙོ་གཉེར་བྱས་པའི་སྐབས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་ཀྲུང་གོ་དང་། ཕེ་རུ། ཨེ་ཅིབ། ཀེ་རི་སེ། དབྱི་རན། ཨར་མེ་ཉི་ཡ། དབྱི་རག དབྱི་ཐ་ལི་སོགས་རྒྱལ་ཁབ་ཀྱི་པུའུ་ཀྲང་རིམ་པའི་དཔོན་རིགས་མཉམ་འཛོམས་བྱས་ཏེ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རིག་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཐད་གླེང་མོལ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།
          ཚོགས་འདུའི་ཐོག 《པེ་ཅིང་གི་བསྒྲགས་གཏམ》ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་དང་བསྒྲགས་གཏམ་ནང་ནན་བཤད་གནང་དོན། ཤེས་དཔལ་མཐའ་དག་ལས་མིའི་རིགས་ཀྱི་ཐུན་མོང་གི་ཤུལ་བཞག་གྲུབ་པ་དང་ཤེས་དཔལ་ལ་མཐོ་དམན་དང་ལེགས་ཉེས་ཀྱི་དབྱེ་བ་མེད་པས་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། ཤེས་དཔལ་མི་འདྲ་བ་བཅས་ཀྱི་དབར་ཕན་ཚུན་བརྩི་འཇོག་བྱས་ཏེ་མིའི་རིགས་ཡར་ཐོན་དང་འཛམ་གླིང་ཞི་བདེ་དང་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་ལུའོ་ཧྲུའུ་ཀང་གིས། 2017ལོར་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས་བཙུགས་ཚུན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གདེང་ཚོད་ཆེན་པོས་གནའ་བོའི་རྒྱལ་ཁབ་ཀྱི་འབོད་སྒྲ་བསྒྲགས་ཏེ་ཤེས་དཔལ་གྱི་གླེང་མོལ་བྱེད་པའི་རོལ་དབྱངས་གསར་པ་དཀྲོལ་འགོ་ཚུགས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ངེད་ཚོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བཏང་ཚེ་གཞི་ནས་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ལ་དུས་རབས་གསར་པའི་ནང་བཀྲག་མདངས་གསར་པ་འཚེར་ནས་རང་རྒྱལ་ཁབ་དང་ཐ་ན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་བསམ་པའི་འདེགས་སྐྱོར་བྱེད་ཐུབ། དེར་བརྟེན་ཕྱོགས་ལྔའི་ཐད་ནས་ཐུན་མོང་ཐོག་འབད་བརྩོན་བྱེད་ཆོག་པ་སྟེ། གཅིག་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་ཐུན་མོང་འཕེལ་རྒྱས་ཡོང་ཆེད་ཁྲིད་སྟོན་བྱེད་པ་དང་། གཉིས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་རིག་གནས་ཀྱི་རྩ་བ་སྲུང་བ། གསུམ་ནས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཁག་གི་དམངས་སེམས་གཅིག་སྦྲེལ་ལ་སྐུལ་མ་གཏོང་བ། ལག་གདང་སྦྲེལ་ནས་བཞི་ནས་རིག་གནས་མཉམ་ལས་གཏིང་ཟབ་བྱས་ཏེ་རིག་གནས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ། ལྔ་ནས་རིག་གནས་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་གནའ་བོའི་ཤེས་དཔལ་ལ་བཀྲག་མདངས་གསར་པ་འཚེར་བར་བྱེད་པ་བཅས་རེད།
          གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས་ནི་ཀེ་རི་སེ་དང་ཀྲུང་གོས་ཐུན་མོང་ཐོག་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན་ཞིང་། གླེང་སྟེགས་ཀྱི་དམིགས་ཡུལ་ནི་གླེང་མོལ་དང་སྤེལ་རེས་བརྒྱུད་ལོ་རྒྱུས་ཀྱི་ཤེས་དཔལ་དང་སྲོལ་རྒྱུན་ལ་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གསོན་ཤུགས་འཕེལ་བར་བྱས་ནས་ཤེས་དཔལ་མི་འདྲ་བ་དང་། རིགས་རྒྱུད་མི་འདྲ་བ། ཆོས་ལུགས་མི་འདྲ་བ་བཅས་དབར་གྱི་ཕན་ཚུན་བསམ་ཤེས་དང་བསྟུན་མཁས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། མིག་སྔར་གླེང་སྟེགས་ལ་ཁོངས་མིའི་རྒྱལ་ཁབ་9ཡོད་པའི་ནང་ཨར་མེ་ཉི་ཡ་དང་། པོ་ལི་ཝེ་ཡ། ཀྲུང་གོ ཨེ་ཅིབ། ཀེ་རི་སེ། དབྱི་རན། དབྱི་རག དབྱི་ཐ་ལི། ཕེ་རུ་བཅས་ཚུད་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།