“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ནང་སའི་སློབ་འབྲིང་སློབ་མའི་དཔེ་ཀློག་དང་། རྩིས་རིག ཚན་རིག་བཅས་ཀྱི་སྦྱངས་འབྲས་བཟང་བ།

རྒྱལ་སྤྱིའི་ཚད་ལེན་དཔྱད་དཔོག་ལས་མངོན་པར།

སྤེལ་དུས 2019-12-05 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཚེས་3ཉིན་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས(དཔལ་འབྱོར་མཉམ་ལས་རྩ་འཛུགས་ཞེས་བསྡུ་རྒྱུ)ཀྱིས་ཡོངས་བསྒྲགས་བྱས་པའི་ལོ་15ཡི་སློབ་མའི་དཔེ་ཀློག་དང་། རྩིས་རིག ཚན་རིག་བཅས་ཀྱི་སྦྱངས་འབྲས་ཀྱི་རྒྱལ་སྤྱིའི་ཚད་ལེན་དཔྱད་དཔོག་སྙན་ཞུ་ལས་མངོན་གསལ། ཚད་ལེན་དཔྱད་དཔོག་ནང་ཞུགས་པའི་རྒྱལ་ཁབ་དང་ས་ཁུལ་79ཡི་སློབ་མ་ཁྲི་60ཙམ་གྱི་ཁྲོད་ཀྲུང་གོའི་ནང་སའི་སློབ་མ་བང་རིམ་ཨང་དང་པོར་སླེབས་པ་དང་། སིང་ཀ་ཕོར་དང་། ཀྲུང་གོའི་ཨའོ་མོན། ཀྲུང་གོའི་ཤང་ཀང་བཅས་ཀྱི་སློབ་མ་ཨང་གཉིས་པ་དང་། གསུམ་པ། བཞི་པ་བཅས་སུ་སླེབས་ཡོད་པ་རེད།
          འདི་ནི་དཔལ་འབྱོར་མཉམ་ལས་རྩ་འཛུགས་རྒྱལ་སྤྱིའི་སློབ་མའི་དཔྱད་དཔོག་རྣམ་གྲངས(PISA)2018ལོའི་སློབ་གསོའི་ཚོད་ལྟ་ཆེ་གྲས་ཀྱི་གྲས་ཤིག་རེད། པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་4ནས་ཡོང་བའི་སློབ་མའི་འཐུས་མི་ཚད་ལེན་དཔྱད་དཔོག་ནང་ཞུགས་པ་རེད། ཚད་ལེན་དཔྱད་དཔོག་སྙན་ཞུ་ལས་མངོན་གསལ། དཔེ་ཀློག་དང་། རྩིས་རིག ཚན་རིག་བཅས་ཀྱི་ཚོད་ལྟའི་ནང་ཀྲུང་གོའི་ནང་སའི་སློབ་མའི་སྐར་གྲངས་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལས་མཐོ་བ་ཡོད།
          སྙན་ཞུ་ལས་མངོན་གསལ། གྲངས་འཛིན་ལག་རྩལ་གྱིས་སློབ་མའི་སློབ་གསེང་འཚོ་བར་འགྱུར་ལྡོག་ཤུགས་ཆེན་བཏང་ཞིང་། 2009ལོ་དང་བསྡུར་ན་དཔེ་ཀློག་ལ་དགའ་བའི་སློབ་མའི་བསྡུར་གྲངས་ཉུང་དུ་ཕྱིན་ནས་སློབ་མ་ཚོས་དུས་ཚོད་མང་ཆེ་བ་དྲ་བར་ཞུགས་རྒྱུའི་ཐད་སྤྱོད་ཀྱི་ཡོད། ད་དུང་སྙན་ཞུ་ལས་མངོན་གསལ། སློབ་མ་བུ་མོའི་ཆ་སྙོམས་དཔེ་ཀློག་ནུས་པ་སློབ་མ་བུ་ལས་མངོན་གསལ་དོད་པོས་ཆེ་བ་ཡོད། རྩིས་རིག་ཐད། སློབ་མ་བུའི་སྤྱིའི་སྦྱངས་འབྲས་སློབ་མ་བུ་མོ་ལས་ཡག་པ་ཡོད་མོད། འོན་ཀྱང་ཚན་རིག་ཐད་སློབ་མ་བུ་སློབ་མ་བུ་མོ་ལས་ཅུང་ཞན་པ་ཡོད།
          སྙན་ཞུ་ལས་མངོན་གསལ། ཨོ་སི་ཁྲུ་ལི་ཡ་དང་། ཁ་ན་ཏ། ཏེན་མག་སོགས་རྒྱལ་ཁབ་དང་ས་ཁུལ་11གིས་མཁོ་འདོན་བྱས་པའི་སློབ་གསོའི་གོ་སྐབས་དེ་བས་འདྲ་མཉམ་ཆེ་བ་དེ་སློབ་མ་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཡོད། དེ་དང་བསྡུར་ན། རྒྱལ་ཁབ་དང་ས་ཁུལ་མི་ཉུང་བ་ཞིག་ལ་སྔར་བཞིན་དགེ་རྒན་མི་འདང་བ་དང་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཞན་པ་སོགས་ཀྱི་གནད་དོན་འཕྲད་བཞིན་ཡོད།
          སྤྱི་ཁྱབ་པུའུ་ཧྥ་རན་སེའི་གྲོང་ཁྱེར་ཕ་རི་སིར་གནས་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་2000ལོ་ནས་བཟུང་ལོ་གསུམ་ནང་PISAཚོད་ལྟ་ཐེངས་རེ་སྒྲིག་འཛུགས་བྱེད་པ་དང་། དེའི་དམིགས་ཡུལ་ནི་རྨང་གཞིའི་སློབ་གསོའི་དུས་མཚམས་མཇུག་འགྲིལ་བའི་སློབ་མའི་རྩིས་རིག་དང་། དཔེ་ཀློག ཚན་རིག་བཅས་ལྟེ་བའི་སློབ་ཚན་གསུམ་གྱི་ནུས་པར་རྟོག་ཞིབ་བྱེད་རྒྱུ་དེ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།