“རྒྱུད་གཅིག་ལམ་གཅིག”དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་ཧན་གོའི་གོ་སྐབས་ཀྱི་དཔལ་འབྱོར་གླེང་སྟེགས་ཧྲོའར་དུ་གཉེར་བ།
སྤེལ་དུས 2019-12-09
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
“རྒྱུད་གཅིག་ལམ་གཅིག”དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་ཧན་གོའི་གོ་སྐབས་ཀྱི་དཔལ་འབྱོར་གླེང་སྟེགས་ཉེ་ཆར་གྲོང་ཁྱེར་ཧྲོའར་དུ་གཉེར་བ་དང་ཀྲུང་ཧན་རྒྱལ་ཁབ་གཉིས་ཀྱི་སྲིད་ཕྱོགས་དང་ཚོང་ལས་ལས་རིགས་ནས་ཡིན་པའི་མི་སྣ་བརྒྱ་ལྷག་ཙམ་གླེང་སྟེགས་ལ་ཞུགས་ཏེ་ཀྲུང་གོ་དང་ཧན་གོས་ཇི་ལྟར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་སྒྲོམ་གཞིའི་འོག་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉིས་ཁེ་གཉིས་ཕན་དོན་གཉེར་བྱེད་པའི་སྐོར་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།
ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆིའུ་གོ་ཧུང་གིས་ཤིས་ཚིག་བརྗོད་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་འབྲེལ་ཡོད་གྲོས་འགོའི་ནང་ཧུར་ཐག་ཞུགས་ཏེ་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ལ་ཞིབ་འཇུག་ཧུར་ཐག་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་དང་ཧན་གོ་ཕྱོགས་ཀྱི“ལྷོ་ཕྱོགས་གསར་པའི་སྲིད་ཇུས”སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་གྲོས་བསྡུར་བྱེད་པ། ཀྲུང་ཧན་མཉམ་འབྲེལ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དངོས་གྲུབ་མཉམ་ལས་གཏིང་ཟབ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཤང་ཀང་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཁེ་ལས་མཁས་ཅན་མནའ་འབྲེལ་གྱི་ཀྲུའུ་ཞི་ཚའེ་ཀོན་ཧྲེན་གྱིས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་ལྟེ་བའི་ལེགས་ཆ་ཧ་ཅང་མང་པོ་ཡོད་པས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་འདེགས་སྐྱོར་གལ་ཆེན་བྱེད་པ་དང་ཧན་གོའི་ཁེ་ལས་ཧུར་ཐག་ཞུགས་ཏེ་ཁུག་ཆེན་ཁུལ་གྱི་ཁྲོམ་རའི་ཚོང་ལས་ཀྱི་གོ་སྐབས་མཉམ་དུ་གསར་འབྱེད་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
ཧན་གོའི“ལྷོ་ཕྱོགས་ཀྱི་སྲིད་ཇུས་གསར་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧྲེན་ཡུན་ཁྲེང་གིས། ཧན་ཀྲུང་རྒྱལ་ཁབ་གཉིས་པོས་ལེགས་ཆ་གསབ་རེས་བྱས་ཏེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཚུད་པའི་ཕྱོགས་གསུམ་པའི་ཁྲོམ་ར་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཚོལ་དགོས་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།