“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱུན་མཐུད་འཕེལ་རྒྱས་ནི་ཕྱོགས་མང་མཉམ་ལས་ཀྱི“གསེར་གྱི་ལྡེ་མིག”ཡིན།

སྤེལ་དུས 2019-12-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           མིག་སྔར། འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་སྔར་བས་མངོན་གསལ་དོད་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་གེགས་བར་འཕྲད་པ། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། མི་སེར་རིང་ལུགས་བཅས་ཐོན་འགོ་ཚུགས་ནས་ཕྱོགས་མང་རིང་ལུགས་ཀྱི་ལྟ་བ་དང་སྒྲིག་ལམ་ལ་རྡབ་རྡེག་ཕོག་ཡོད། མཉམ་འདྲེས་བྱེད་དགོས་སམ་ཡང་ན་ལོགས་སུ་དབྱེ་དགོས་པ་དང་། མཉམ་ལས་བྱེད་དགོས་སམ་ཡང་ན་རྩོད་པ་རྒྱག་དགོས་པ་ནི་གོ་ལ་ཧྲིལ་པོས་དོ་ཁུར་བྱེད་པའི་གླེང་གཞི་ཞིག་རེད།
           ཟླ་12ཚེས་1དང་2ཉིན། རྒྱལ་ཁབ་30ཙམ་ནས་ཡོང་བའི་དེ་སྔའི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་། ཚོང་དོན་ལས་རིགས་ཀྱི་འགོ་གཙོ། མཁས་དབང་བཅས་ཀོང་ཀྲོའུ་རུ་འཛོམས་ནས“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་ཏེ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བརྟན་པོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་བསམ་འདུན་གླེང་བ་རེད།
           ཕྱོགས་མང་རིང་ལུགས་ནི་མིའི་རིགས་ཀྱི་ལྡོག་མེད་ཀྱི་གདམ་ག་ཡིན།
           དུས་རབས་ཉི་ཤུ་པའི་དུས་འགོར། འཛམ་གླིང་དམག་ཆེན་ཐེངས་གཉིས་ལངས་ནས་མིའི་རིགས་ལ་ཡིད་སྐྱོ་དགོས་པའི་གོད་ཆག་བྱུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ཅིག་ཆགས་རྒྱུར་སྐུལ་མ་ཐེབས་ཡོད། ཕྱོགས་མང་རིང་ལུགས་ཀྱིས་འཛམ་གླིང་གི་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།
           རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན། ཕྱོགས་མང་རིང་ལུགས་ནི་མིའི་རིགས་ཀྱི་ལྡོག་མེད་ཀྱི་གདམ་ག་ཡིན་པ་དང་། མཉམ་ལས་རྒྱ་ཆེར་གཏོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱ་ཁྱབ་ཀྱི་རེ་འདུན་རེད་ཅེས་གསུངས།
           སྐབས་དེར་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འཐུས་མིས་མོས་མཐུན་ཡོད་ལུགས་བརྗོད་པ་རེད།
           སི་ལོ་ཝེ་ཉི་ཡའི་ཙུང་ཐུང་ཟུར་པ་ཏཱ་ཉི་ལོ·ཐུར་ཁེ་ཡིས། ཕྱོགས་མང་རིང་ལུགས་ནི་དམག་ཆེན་གཉིས་པ་བརྒྱུད་མྱོང་བའི་འཛམ་གླིང་ངོས་ནས་བརྗོད་ན་ལྡོག་མེད་ཀྱི་གདམ་ག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལམ་སྲོལ་འདི་འདས་ཟིན་པའི་ལོ་བཅུ་ཕྲག་རིང་ལག་ལེན་བསྟར་ནས་གོ་ཆོད་པ་ཞིག་ཡིན་པ་ར་འཕྲོད་ཡོད། ཕྱོགས་རྐྱང་རིང་ལུགས་མགོ་བོ་བཏེགས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉེན་བརྡ་ཞིག་བཏང་ཡོད། ཡིན་ནའང་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོ་ཅན་མུ་མཐུད་གཙོ་རྒྱུན་དུ་འགྱུར་བ་བྱེད་པའི་ཐད་ང་ཚོར་གདེང་ཚོད་ཡོད་ཅེས་བཤད།
           ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཟུར་པ་ཁཱར་ཀྲ་དབྱི་ཡིས། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཏེ་ཞི་བདེ་སྲུང་སྐྱོང་དང་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཡོང་ཐབས་བྱེད་པ་ནི་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་ངོས་འཛིན་རེད། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཐག་གཅོད་དགོས་ན་ཕྱོགས་མང་རིང་ལུགས་ནི་མེད་དུ་མི་རུང་བ་ཞིག་རེད་ཅེས་བཤད།
           ཐུང་ཅིས་སློབ་ཆེན་གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲོའུ་ཆི་ཡིས། གོ་ལ་ཧྲིལ་པོའི་དུས་རབས་ལས་གོ་ལ་ཧྲིལ་པོའི་འགྲན་སློང་ཐོན་ཞིང་། ཕྱོགས་མང་རིང་ལུགས་ཀྱི་མཉམ་ལས་ནི་དཔྱོད་ཤེས་ལྡན་པའི་གདམ་ག་དང་ཐབས་ལམ་འབའ་ཞིག་དེ་རེད་ཅེས་བཤད།
           རྒྱུན་མཐུད་འཕེལ་རྒྱས་ཀྱི་ཀྲུང་གོའི་ཇུས་གཞི།
           མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ནི་མི་དམངས་ཀྱི་བདེ་རྩ་དང་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པས། འཛམ་གླིང་སྟེང་གི་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་རེ་འདུན་ཡིན་ལ་ཕྱོགས་མང་རིང་ལུགས་མཉམ་ལས་ཀྱི་ལག་ལེན་གསར་པའི་སྒོ་མོ་འབྱེད་པའི“གསེར་གྱི་ལྡེ་མིག”རེད།
           འཛམ་གླིང་གཙོ་འཛིན་མནའ་འབྲེལ་གྱི་ཀྲུའུ་ཞི་ལ་ཐེ་ཝེ་ཡའི་ཙུང་ཐུང་ཟུར་པ་ཝ་དབྱི་ལ·ཧྥུའུ་ལའེ་པེ་ཅཱ་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་ཁ་ཕྱོགས་བསྟན་ཡོད། རྒྱལ་ཁབ་ཁག་ལ“རྐང་པ་འཐེན་མཁན”མེད་པ་བྱ་ཆེད། ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་ཕྱོགས་མང་མ་ལག་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གནམ་གཤིས་ཀྱི་འགྱུར་ལྡོག་དང་། ལག་རྩལ་དང་ཚོང་དོན་འཕེལ་རྒྱས། དབུལ་ཕོངས་སེལ་བ་སོགས་ཀྱི་གནད་དོན་ཐད་གོམ་སྟབས་གཅིག་གྱུར་གྱི་བྱ་སྤྱོད་སྤེལ་དགོས་ཞེས་བཤད།
           འདས་ཟིན་པའི་ལོ་དྲུག་གི་རིང་། ཀྲུང་གོས་ལོ་རེར་ཆ་སྙོམས་དབུལ་པོ་ཁྲི་1300ལྷག་ཙམ་དབུལ་སྒྲོལ་ཡོང་བ་བྱས་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ལ་ལེགས་སྐྱེས་འབུལ་ཚད་རིམ་རྩིས་བྱས་ན་70%ལས་བརྒལ་བ་མ་ཟད། 2020ལོར་སླེབས་སྐབས་དབུལ་པོ་དབུལ་རྐྱང་བསལ་ནས་ལོ་10སྔ་སྣུར་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དང་པོ་མངོན་འགྱུར་བྱ་རྒྱུ་རེད།
           ཨ་རིའི་ཆའོ་ཀྲི·པུའུ་ཧྲི་ཨ་ཀྲུང་འབྲེལ་བའི་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཉིར·པུའུ་ཧྲིས། ཀྲུང་གོས་གཟེངས་སུ་ཐོན་པའི་ངང་རང་ངོས་ཀྱི་དབུལ་པོ་ཉུང་གཏོང་དམིགས་ཚད་ལེགས་གྲུབ་བྱས་པ་མ་ཟད། ད་དུང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགྲོ་ལམ་དང་། སྨན་ཁང་། སློབ་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་སྐྲུན་རོགས་བྱས་ཁར་བརྒྱུད་རིམ་དེའི་ནང་རྒྱལ་ཁབ་དེ་དག་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བ་དང་དཔལ་འབྱོར་གོང་འཕེལ་གཏོང་རོགས་བྱས་ཏེ་འཛམ་གླིང་རྒྱུན་མཐུད་གོང་འཕེལ་སྔར་བས་འགྲོ་ཆེད་སྐུལ་མ་བཏང་བའི་ངོས་འཛིན་བྱེད་ཀྱི་ཡོད།
           ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ཀྲུང་གོའི་འབད་བརྩོན།
           ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་མཉམ་ལས་ནང་ཞུགས་མཁན་ཡིན། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ལ་མིང་རྟགས་འགོད་མཁན་རྒྱལ་ཁབ་དང་པོ་ཡིན་པའི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བློ་བརྟན་འགྱུར་མེད་ངང་བྱེད་ཀྱི་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་སྤྱི་ཆིངས་500ལྷག་ཙམ་གྱི་ཆིངས་འཇོག་རྒྱལ་ཁབ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་དང་ཞི་བདེ་སྲུང་སྐྱོང་གི་གྲོན་དངུལ་འདོན་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པ་ཡིན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཁྲོད་ཞི་བདེ་སྲུང་སྐྱོང་མི་སྣ་མངགས་མང་ཤོས་ཀྱི་རྒྱལ་ཁབ་ཀྱང་ཡིན།
           རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུ་ཡིས། ཀྲུང་གོས་སྔར་ནས་བཟུང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་གསལ་པོ་བྱེད་ཀྱི་ཡོད་ལ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གི་འདྲ་མཉམ་མཉམ་ལས་དང་ཕན་ཚུན་གཞོགས་འདེགས་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་ཐད་དཔེ་སྟོན་གྱི་ནུས་པ་བཏོན་ཡོད་ཅེས་བརྗོད།
           ཧྥ་རན་སེའི་ཙུང་ཐུང་ཟུར་པ་ཞའར·ཏའེ་ཀའོ་ལེ་ཡི་ཡང་ཚ་བུ་མོ་ན་ཐ་ལི·ཏའེ་ཀའོ་ལེ་ཡིས། ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་མིག་དཔེ་ཡིན་ཞེས་བཤད།
           ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ཀྱི་ལག་ལེན་པ་ཡིན། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་འབྲེལ་མཐུད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བཞིན་ཡོད་པ་དང་། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་དང་དེ་བཞིན་ལྷོ་ལྷོ་མཉམ་ལས་ཀྱི་རོགས་སྐྱོར་ཐེབས་རྩ་འཛུགས་པ་སོགས་དངོས་སྒྲུབ་ཀྱི་བྱེད་ཐབས་དང་ཕྱོགས་གཉིས་ཀྱི་ཐབས་ལམ་བརྒྱུད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་རྒྱབ་སྐྱོར་ནུས་ལྡན་བྱེད་ཀྱི་ཡོད།
           པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཟུར་པ་དབྱི་ཧྥུ·ལའེ་ཐེ་མུའུ་ཡིས། ཀྲུང་གོ་ནི་རྒྱལ་ཁབ་གཞན་ལ་མེད་དུ་མི་རུང་བའི་རྒྱལ་སྤྱིའི་ཚོང་དོན་རོགས་ཟླ་ཡིན། རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་འཚམ་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
           ཐུར་ཁེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་སྤྱིའི་ཆ་ནས་དོན་འཁྱོལ་ཐུབ་པ་དེ་ཀྲུང་གོས་སྐུལ་འདེད་བཏང་བ་དང་ཁ་འབྲལ་ཐབས་མེད། 2008ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་རྗེས་ཀྲུང་གོས་ནུས་པ་གལ་ཆེན་ཐོན་ཡོད། དེ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་རེད་ཅེས་བརྗོད་པ་རེད།
           ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ཀྱི་སྐུལ་འདེད་པ་ཞིག་རེད། ཀྲུང་གོས་རང་འགུལ་ངང་ཁྲོམ་ར་སྒོ་དབྱེ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དང་། འཛམ་གླིང་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡོད། ཀྲུང་གོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ལྟ་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་དུས་རབས་གསར་པའི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ལ་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད།
           གོ་ལ་ཧྲིལ་པོའི་གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད་ཀྲུང་གོས་ཕྱོགས་མང་འཕེལ་རྒྱས་ཀྱི་སྒྲིག་གཞི་ཧུར་ཐག་བཏོད་ནས་ད་ཡོད་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། ཐུར་ཁེས། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ཚུད་པའི་ཕྱོགས་མང་སྒྲིག་གཞི་གསར་པ་མང་པོ་ཞིག་ཐོན་བཞིན་ཡོད་པ་དང་། དེ་དག་ནི་ཕྱོགས་མང་གི་རྨང་གཞིའི་རང་བཞིན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་ཤིག་རེད་ཅེས་བརྗོད་པ་རེད།
           ཁཱར་ཀྲ་དབྱི་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་འཕེལ་རྒྱས་ཀྱི་རེ་བ་དང་དར་རྒྱས་ཀྱི་མདུན་ལམ་མངོན་བཞིན་ཡོད། གྲོས་འགོ་དེར་ལམ་རྒྱུད་རྒྱལ་ཁབ་ཀྱི་དང་ལེན་ཧུར་ཐག་ཐོབ་ནས་ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་བཞིན་ཡོད་ཅེས་བཤད་པ་རེད།
           མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཕན་ཅི་ཝུན་གྱིས་གླེང་སྟེགས་འགོ་མ་ཚུགས་གོང་སྨྱན་སྦྱོར་ཚན་པའི་བཅར་འདྲི་དང་ལེན་བྱེད་སྐབས། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ལག་ལེན་བསྟར་རིང་ཐོན་པའི་ཀྲུང་གོའི་འགོ་ཁྲིད་ནུས་པར་བསྔགས་བརྗོད་བྱེད་འོས་པ་ཞིག་ཡོད། ཁོང་གིས། ཀྲུང་གོ་ཞུགས་པ་དང་ཀྲུང་གོའི་རྒྱབ་སྐྱོར་གྱིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།