“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་ཧྥེ་རི་ཁའི་ཞིང་ལས་འཕེལ་རྒྱས་དང་ཕྱོགས་སྒྱུར་ཁྲོད་ཀྲུང་ཧྥེའི་མཉམ་ལས་ཀྱིས་ནུས་པ་གལ་ཆེན་ཐོན་པ།

སྤེལ་དུས 2019-12-09 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཉེ་ཆར་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཟུར་པ་ཧའེ་ཨེར་མ་ལི་ཡ་མུའུ·ཏེ་ས་ལའེ་ཉི་ཡིས་ཨ་ཧྥེ་རི་ཁས་ཞིང་ལས་ཕྱོགས་སྒྱུར་ལས་ལ་གཞོལ་རིང་ཀྲུང་ཧྥེའི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁའི་ཞིང་ལས་འཕེལ་རྒྱས་དང་ཕྱོགས་སྒྱུར་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བརྗོད་པ་རེད།
           མིག་སྔར་ཧའེ་ཨེར་མ་ལི་ཡ་མུའུ་ཡིས་ཨ་ཧྥེ་རི་ཁའི་ཞིང་ལས་འཕེལ་རྒྱས་སྒྲིག་གཞིའི་ཨ་ཧྥེ་རི་ཁའི་ལྗང་མདོག་གསར་བརྗེ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་བཞིན་ཡོད་པ་དང་། ཁོང་གིས་དེ་ཉིན་རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལིར་ཨ་ཧྥེ་རི་ཁའི་ལྗང་མདོག་གསར་བརྗེའི་གླེང་སྟེགས་ཀྱི་2020ལོའི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
           ཧའེ་ཨེར་མ་ལི་ཡ་མུའུ་ཡིས་མཛད་སྒོའི་ཐོག་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས། ཨ་ཧྥེ་རི་ཁའི་འབྲུ་རིགས་བདེ་འཇགས་དང་། འཚོ་བཅུད་བདེ་འཇགས། ཞིང་ལས་ཐོན་རྫས་ཚོང་ལས་ཅན་བཅས་ཚང་མ་ཞིང་ལས་ཕྱོགས་སྒྱུར་དང་ཁ་འབྲལ་ཐབས་མེད། ཨ་ཧྥེ་རི་ཁའི་ཞིང་ལས་ཕྱོགས་སྒྱུར་གྱི་དམིགས་ཡུལ་ནི་རང་ཁ་རང་གསོའི་ཞིང་ལས་བྱེད་སྟངས་ནས་ཞིང་ལས་ཐོན་རྫས་ལྷག་མ་ཁྲོམ་རར་འཚོང་བའི་ཚོང་ལས་ཅན་གྱི་ཞིང་ལས་རྣམ་པར་འགྱུར་ལྡོག་བཏང་སྟེ། ལག་རྩལ་གསར་ཤོས་དང་ལྷག་དོན་དུ་གྲངས་འཛིན་ལག་རྩལ་སྤྱོད་པའི་དེང་རབས་ཅན་གྱི་ཞིང་ལས་མ་ལག་ཆགས་པ་བྱས་ནས་ཨ་ཧྥེ་རི་ཁའི་གཞོན་ནུ་ཚོར་ལས་ཞུགས་ལས་གནས་མཁོ་འདོན་བྱ་ཆེད་རེད་ཅེས་བརྗོད་པ་རེད།
           ཧའེ་ཨེར་མ་ལི་ཡ་མུའུ་ཡིས། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ནི་ཨ་ཧྥེ་རི་ཁའི་ཞིང་ལས་ཕྱོགས་སྒྱུར་དང“བཀྲེས་ལྟོགས་ཀྱི་གནས་སུ་མི་གྱར་བའི”དམིགས་ཚད་མངོན་འགྱུར་ཡོང་བའི་མིག་དཔེ་ལྟ་ས་ཞིག་རེད། འོན་ཀྱང་ཨ་ཧྥེ་རི་ཁའི་ཞིང་ལས་འཕེལ་རྒྱས་གཏོང་བར་ཀྲུང་གོའི་ཉམས་མྱོང་ཐད་ཀར་མི་སྤྱོད་པར་ཨ་ཧྥེ་རི་ཁའི་དོན་དངོས་གནས་ཚུལ་གཞིར་བཟུང་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ཀྱི་རྩ་བའི་རིག་པ་དང་བྱེད་ཐབས་སྤྱོད་དགོས། མིག་སྔར་ཨ་ཧྥེ་རི་ཁའི་ཞིང་ལས་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་ཆེ་ཤོས་ནི་གནམ་གཤིས་དྲོ་རུ་འགྲོ་བ་དེ་ཡིན། དེ་ལས་ཐོན་པའི་ཐན་སྐྱོན་དང་། ཆུ་ལོག ཆུ་རུད་སོགས་ཀྱི་གནོད་འཚེས་ཨ་ཧྥེ་རི་ཁའི་ཞིང་ལས་ལ་གནོད་འཚེ་ཡང་སེ་བཟོ་ཡི་ཡོད། དེར་བརྟེན་ཨ་ཧྥེ་རི་ཁས་གནམ་གཤིས་རིག་ནུས་རྣམ་པའི་ཞིང་ལས་འཛུགས་སྐྱོང་བྱས་ནས་གནམ་གཤིས་འགྱུར་ལྡོག་ལས་བཟོས་པའི་ཞིང་ལས་ཀྱི་གནོད་འཚེ་སེལ་དགོས་ཞེས་བརྗོད་པ་རེད།
           ཀྲུང་ཧྥེ་ཞིང་ལས་མཉམ་ལས་ཀྱི་མདུན་ལམ་སྐོར་གླེང་སྐབས། ཧའེ་ཨེར་མ་ལི་ཡ་མུའུ་ཡིས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་སྲིད་གཞུང་། སྒེར་གཉེར་ཁེ་ལས། དམངས་ཁྲོད་ཚོགས་པ་བཅས་ཚང་མར་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།