ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱི་ལ་ཟེ་བ་ཞིང་ནང་ཆུ་འདྲེན་ལས་གྲྭའི་མ་ཡུར་དུ་ཆུ་དྲངས་པ།

སྤེལ་དུས 2019-05-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          རྒྱལ་ཁབ་ཀྱིས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་དམངས་འཚོའི་ཆུ་བེད་ལས་གྲྭའི་གྲས་ཤིག་ཡིན་པའི་ངོས་ནས། ལ་ཟེ་བ་ཆུ་འདྲེན་ལས་གྲྭའི་མ་ཡུར་དུ་ཚེས་22ཉིན་དངོས་སུ་ཆུ་དྲངས་པས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཁྲི་8ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།
          ལ་ཟེ་བ་ཆུ་འདྲེན་ལས་གྲྭ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་མངའ་ཁོངས་སུ་གནས་ཤིང་། “མཛེས་སྡུག་ལྡན་པའི་རྨ་ཆུ། ཡིད་དབང་འཕྲོག་པའི་ཁྲི་ཀ”ཞེས་གྲགས་པའི་ཁྲི་ཀ་རྫོང་དུ་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ས་ལར་རིགས་སོགས་མི་རིགས་14ཡོད་པ་དེ་དག་རྨ་ཆུའི་རོང་སར་གནས་ཡོད། ས་གཤིས་ཆ་རྐྱེན་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པས། ས་གནས་དེ་གར་མངའ་ཁོངས་བརྒལ་བའི་ཆུ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ནའང་། རྨ་ཆུའི་གཞུང་རྒྱུན་ཆུ་མཁོ་འདོན་བྱེད་ཚད་ཀྱིས་རྫོང་ཡོངས་ཀྱི་ཆུ་མཁོ་འདོན་བྱེད་ཚད་གྱི་19%ལས་ཟིན་གྱི་མེད་སྟབས། ཆུ་མཁོ་འདོན་བྱེད་ཚད་དེས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཆུ་སྤྱོད་པའི་དགོས་མཁོ་སྐོང་ཐབས་བྲལ་ཡོད།
          མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་ཀྲང་ཧྲེ་ཧྥེང་གིས། “ལ་ཟེ་བ་ཆུ་འདྲེན་ལས་གྲྭ་ནི་ཁྲི་ཀ་རྫོང་ཆུ་བེད་ལས་གྲྭའི་ཞན་ཆ་གསབ་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་རེད”ཅེས་བརྗོད། ངོ་སྤྲོད་བྱས་པར་གཞིགས་ན། ལ་ཟེ་བ་ཆུ་འདྲེན་ལས་གྲྭ་དེས་ལ་ཟེ་བ་གློག་ཁང་གི་ཆུ་མཛོད་ནས་ཆུ་དྲངས་པ་དང་། མ་ཡུར་གྱི་རིང་ཚད་ལ་སྤྱི་ལེ་52.3ཡོད་ཅིང་། ལམ་རྒྱུད་དུ་ཡན་ལག་ཆུ་ཡུར་28བཟོས་པར་རིང་ཚད་སྤྱི་ལེ་91ཡོད་པ་དེ་ནི་མཚོ་སྔོན་རྨ་ཆུའི་ཆུ་རྒྱུད་ཀྱི་ཆུ་བེད་ཕྱོགས་བསྡུས་གསར་སྤེལ་དང་རྨ་ཆུའི་རོང་སའི་ས་ཞིང་མུའུ་ཁྲི་སྟོང་མང་པོ་གསར་སྤེལ་བཅོས་སྒྲིག་བྱེད་པའི་ལེ་ལག་ཚང་བའི་རྐང་འཛིན་ཆུ་བེད་ལས་གྲྭ་གལ་ཆེན་ཞིག་རེད།
          བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། ལ་ཟེ་བ་གློག་ཁང་ལས་ཆགས་པའི་ཆུ་འགོའི་ལེགས་ཆ་སྤྱད་དེ་ཆུ་འདྲེན་ལས་གྲྭ་དེར་ཆུ་ཤར་གཏོང་ཐུབ་རྗེས། ས་གནས་དེ་གའི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་20.02ལེགས་བཅོས་དང་གསར་དུ་འཕར་ནས་ཁྲི་ཀ་རྫོང་གི་སྲིད་འཛིན་གྲོང་ཚོ་87ལ་ཕན་པ་ཐོབ་རྒྱུ་ཡིན་པ་དང་ཆབས་ཅིག ལོ་ལྟར་མུའུ་ཁྲི་3.81གི་ཞིང་ཆུ་འདྲེན་པར་སྤྱོད་པའི་གློག་ཆན་ཝ་ཆུ་ཚོད་ཁྲི་1486ཐག་གཅོད་ཐུབ་ནས་གློག་རིན་སྒོར་ཁྲི་367ལྷག་ཙམ་གྲོན་ཆུང་ཐུབ་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ལ་ཟེ་བ་ཆུ་འདྲེན་ལས་གྲྭ་དེ་2015ལོར་སྐྲུན་འགོ་ཚུགས་པ་དང་། ལ་ཟེ་བ་ཆུ་མཛོད་ཀྱི་རགས་ཆེན་དང་ལི་ཅ་ཞ་ཆུ་མཛོད་ཀྱི་མཇུག་སྣེའི་བར་གནས་ཡོད། མ་ཡུར་གྱི་ཆུ་འདྲེན་ཇུས་འགོད་ལ་སྐར་ཆ་རེར་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་9.43ཟིན་པ་དང་། ཆུ་རྒྱུག་ཚད་ཆེ་རུ་བཏང་བའི་ཇུས་འགོད་ལ་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་11.6ཟིན་ཞིང་། ཐོག་མའི་ཇུས་འགོད་ཀྱི་རགས་རྩིས་མ་དངུལ་སྒོར་དུང་ཕྱུར་14ཙམ་ཟིན་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།