ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ད་ལོ་ཚྭ་འདམ་གཤོང་སར་བྱེད་སྒོ་མང་པོ་ཚ་ཚ་འུར་འུར་དུ་སྤེལ་འཆར་འདུག

སྤེལ་དུས 2019-06-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

             སྤྱི་ཟླ6པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འོད་སྟོང་འབར་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཁྲོད་ཀྱི་ཚྭ་འདམ་གཤོང་ས་ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ཚྭ་འདམ་གཤོང་གསོལ་མགྲོན་ཁང་དུ་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལེའང་ཡན་ཀའོ་དང་། མཚོ་ནུབ་ཁུལ་ཚོང་དོན་ཅུད། མཚོ་ནུབ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུད། མཚོ་ནུབ་ཁུལ་རང་བྱུང་ཐོན་ཁུངས་ཅུད་དང་ཞིང་ལས་དང་གྲོང་གསེབ་ཅུད་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་དང་། མཚོ་ནུབ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལེའང་ཡན་ཀའོ་ནས་མཚོ་ནུབ་ཁུལ་གྱི་སྤྱི་ལོ2019ལོའི་བྱ་བ་གལ་ཆེན་དག་ངོ་སྤྲོད་གནང་བ་རེད།
             ཁོང་ནས། ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱིས་སྒོ་དབྱེ་གཏིང་ཟབ་དང་། མཉམ་ལས་རྒྱ་བསྐྱེད། འབྲེལ་འདྲིས་ཟབ་ཏུ་གཏོང་རྒྱུ་དམིགས་འབེན་དུ་བྱས་པའི་བྱེད་སྒོ་མང་པོ་སྤེལ་རྒྱུ་ཡིན་པ་དང་། དེ་ཡང་གཅིག་ནི། སྐབས་ཉི་ཤུ་པའི་མཚོ་སྔོན་ཚོང་ཚོགས་ཀྱི་མཚོ་ནུབ་ཁུལ་གཏེར་ལེན་ཁའི་ཚོགས་ར་འཛུགས་རྒྱུ། གཉིས་ནི། སྤྱི་ལོ2019ལོའི་མཚོ་ནུབ་ཁུལ་གྱི་རིག་རྩལ་ཡུལ་སྐོར་བྱ་འགུལ་སྤེལ་རྒྱུ། གསུམ་ནི། ཚྭ་འདམ་གཤོང་གཏེར་ཁའི་ཐོན་ཁུངས་འགྲེམ་ཚོགས་དང་ལྗང་མདོག་གི་གཏེར་ཁུངས་འཚོལ་ཚོགས་བྱ་འགུལ་སྤེལ་རྒྱུ། བཞི་ནི། སྐབས་གཉིས་པའི་ཀྲུང་གོའི་ཚྭ་འདམ་གཤོང་གི་འདྲེ་ཚེར་མའི་དུས་ཆེན་དང་ཀྲུང་གོའི་ཚྭ་འདམ་གཤོང་གི་ལིས་གྲོའི ༼藜麦༽དུས་ཆེན་གྱི་བྱེད་སྒོ་བཅས་སྤེལ་རྒྱུ་ཡིན། བྱེད་སྒོ་དེ་དག་སྤེལ་བ་བརྒྱུད། མཚོ་ནུབ་ཁུལ་གྱི་ཁྱད་ལྡན་ཐོན་ལས་དང་མ་འཇོག་ཁོར་ཡུག་བཟང་པོ་ཕྱི་ཕྱོགས་སུ་མངོན་པར་བྱ་རྒྱུ་དང་། ཐོན་ལས་རིམ་སྤར་བརྗེ་སྒྱུར་དང་རྣམ་གྲངས་ལག་བསྟར་དོན་འཁྱོལ་མགྱོགས་སུ་གཏོང་རྒྱུ། གནད་འཕིགས་ཚོང་འགུག་ལ་སྐུལ་འདེད་དང་། ཚོང་འགུག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ། མི་དེ་བས་མང་བས་མཚོ་ནུབ་ལ་རྒྱུས་ལོན་དང་ཤེས་རྟོགས་ཐུབ་པ་བྱས་ནས། མཚོ་ནུབ་ཏུ་མ་འཇོག་བྱེད་པར་ཡོང་རྒྱུར་ཡིད་འགུག་བྱ་རྒྱུ་ཡིན་ཞེས་བསྟན་འདུག
             ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་དེ་དག་སྤྱི་ཟླ6པ་ནས་སྤྱི་ཟླ10པའི་བར་སྤེལ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།