2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ཚེ་སྲོག་འཚོ་གནས་དཀའ་བའི་ཁུལ་གྱི“བདེ་ཐང་སྲུང་སྐྱོང་མཁན”

སྤེལ་དུས 2019-12-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          —— ཐང་ཧྲན་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ཡན་ཁྲེང་ཆོན་གྱི་སྐོར་བཀོད་པ།    
          འདི་ལོའི་ཟླ་4པར། ཐང་ཧྲན་གྲོང་ཁྱེར་བཟོ་པའི་སྨན་ཁང་གཅིན་ཟགས་ཕྱི་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་ཡན་ཁྲེང་ཆོན་གྱིས་ལམ་ཐག་རིང་པོར་མ་འཛེམས་པར་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་ཡོང་ནས། ཐང་ཧྲན་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་དང་པོའི་རུ་དཔོན་དང་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་གཅིག་ལྕོགས་ཁུར་བ་རེད། ལྷ་སར་འབྱོར་མ་ཐག ཡན་ཁྲེང་ཆོན་ལ་ལ་དུག་ཚབས་ཆེན་ཕོག་ཀྱང་། སྙིང་རུས་ཆེན་པོས་མུ་མཐུད་རུ་ཐོག་རྫོང་དུ་བསྐྱོད། དེ་གར་སླེབས་རྗེས་ཁོང་གོམ་པ་ཡག་པོ་སྤོ་མི་ཐུབ་ཅིང་ཁ་ལག་ཀྱང་ཡག་པོ་ཟ་མི་ཐུབ། ཁ་ལག་ཐེངས་གཅིག་ཟ་བར་ངལ་གསོ་ཐེངས་འགའ་རྒྱག་དགོས་ཀྱི་ཡོད། བྲང་ཁོག་བསྡམས་པ་དང་གློ་ཡང་སེ་བརྒྱབ་པས་ཡན་ཁྲེང་ཆོན་མཚན་གང་གཉིད་ཡག་པོ་ཁུག་མེད།
          བརྟག་དཔྱད་བྱས་པ་བརྒྱུད། ཡན་ཁྲེང་ཆོན་ལ་བད་གློའི་ནད་ཕོག་པ་ཤེས་པ་དང་། ད་དུང་ནད་གཞི་ཇེ་སྡུག་ཏུ་ཕྱིན་ན་གློ་བ་དང་ཀླད་པར་ཆུ་གསོག་པ་མ་ཟད། ཐ་ན་ཚེ་སྲོག་ལའང་ཉེན་ཁ་ཡོད། སྨན་ཁང་གིས་ཁོང་ས་བབ་དམའ་བའི་ཁུལ་དུ་སྨན་བཅོས་བྱེད་པར་སྐྱེལ་རྩིས་བྱས་ཀྱང་། ཡན་ཁྲེང་ཆོན་གྱིས་དེ་དུས་ལས་འགན་ལྕི་བས་མུ་མཐུད་སྡུག་རུས་ཀྱིས་རུ་ཐོག་ཏུ་སྨན་བཅོས་བྱས་ནས་བསྡད་དེ་ཉིན་ལྟར་སྨན་ཆུ་བླུགས་རྗེས་མཚན་གུང་བར་ལས་ཀ་བྱེད་ཀྱི་ཡོད། མཐར་གཟའ་འཁོར་གཅིག་ལྷག་ཙམ་སྨན་བཅོས་བྱས་པ་བརྒྱུད། ཁོང་གི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་བ་རེད།
          ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་རྗེས། ཡན་ཁྲེང་ཆོན་ལམ་སེང་རུ་ཐོག་རྫོང་མི་དམངས་སྨན་ཁང་རིམ་པའི་སྨན་ཁང་ལ་སྐྲུན་པའི་ལས་ཀར་ཞུགས་ནས་ཚོགས་པའི་སྣེ་ཁྲིད་དེ《ཐང་ཧྲན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རུ་ཐོག་རྫོང་མི་དམངས་སྨན་ཁང་རིམ་པའི་སྨན་ཁང་ལ་སྐྲུན་རོགས་བྱེད་པའི་ལས་ཀའི་ཇུས་གཞི》བཟོས་པ་དང་ཆབས་ཅིག སྨན་ཁང་གི་ལམ་ལུགས་རེ་རེ་བཞིན་དོན་འཁྱོལ་དང་། གསོ་སྦྱོང་། བཅོས་སྒྲིག་བཅས་བྱས་ནས་རྫོང་སྨན་ཁང་ལ《རུ་ཐོག་རྫོང་མི་དམངས་སྨན་ཁང་རིམ་པའི་སྨན་ཁང་ལ་བསྐྲུན་རྒྱུའི་སྐོར་གྱི་ད་ལྟའི་དུས་མཚམས་ཀྱི་ལས་ཀའི་སྙན་སེང》ལེགས་སྒྲུབ་བྱས་པས། གོང་རིམ་དང་རིམ་པ་ཁག་གི་སྡེ་ཚན་གྱི་གཅིག་མཐུན་ཁས་ལེན་ཐོབ་ཡོད་པ་རེད།
          རུ་ཐོག་རྫོང་དུ“ནམ་ཡང་གནས་པའི”སྨན་བཅོས་རུ་ཁག་གཅིག་འཇོག་ཆེད། ཡན་ཁྲེང་ཆོན་དང་བོད་སྐྱོར་ལས་དོན་རུ་ཁག་གིས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ལྟེ་བའི་ལས་དོན་ལ་བརྩིས་ནས། རྫོང་མི་དམངས་སྨན་ཁང་དབར“རོགས་ཁྲིད་གྲོས་མཐུན་ཡི་གེར”མིང་རྟགས་བཀོད་པ་དང་། “ཚོགས་པས་ཚོགས་པ་ཁྲིད་པ”དང“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”སོགས་ཀྱི་བྱེད་ཐབས་བརྒྱུད། རང་ཉིད་དང་རུ་མི་ཚོས་ཁོང་དུ་ཆུད་པའི་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ཚང་མ་ས་གནས་དེ་གའི་སྨན་དོན་མི་སྣར་སློབ་ཁྲིད་བྱས་པ་རེད།
          སྨན་ཁང་དུ་སྡོད་པའི་ནད་པའི་ནད་གཞི་གཏན་འཁེལ་ཚད་དང་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་ཆེད། ཡན་ཁྲེང་ཆོན་གྱིས་སྨན་ཁང་དེའི་སྨན་པས་བཅོས་དཀའ་བའི་ནད་དཔེ་སྙན་སེང་ཞུས་ཏེ། བོད་སྐྱོར་རིགས་གཅིག་མཁས་ཅན་དང་མཉམ་དུ་སྨན་ཁང་དེའི་སྨན་པས་བཅོས་དཀའ་བའི་ནད་དཔེར་གྲོས་བསྡུར་བྱས་ནས་ནད་གཞི་བརྟག་དཔྱད་དང་སྨན་བཅོས་ཀྱི་ཇུས་གཞི་ཡག་ཤོས་འདོན་རྒྱུའི་བླང་བྱ་བཏོན་པ་རེད། རྩལ་ནུས་གསོ་སྦྱོང་ཐེངས་18དང་སྒྲིག་ཆས་བེད་སྤྱོད་གསོ་སྦྱོང་ཐེངས་12བྱས་པར་མི་ཐེངས་450ཞུགས་པ་དང་། དཔྱད་ཞིབ་ལོན་ཚད་85%ཟིན་ནས་སྨན་ཁང་དེའི་སྨན་དོན་མི་སྣའི་རྩལ་ནུས་ཆུ་ཚད་དང་སྒྲིག་ཆས་བེད་སྤྱོད་བྱང་ཆུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
          ཐང་ཧྲན་གྲོང་ཁྱེར་བཟོ་པའི་སྨན་ཁང་གི་ཤུགས་ཆེའི་རོགས་སྐྱོར་འོག རུ་ཐོག་རྫོང་མི་དམངས་སྨན་ཁང་གིས་རྒྱང་ཁྲིད་སྨན་བཅོས་ནད་དཔྱད་མ་ལག་བསྐྲུན་པས། ས་གནས་དེ་གའི་མང་ཚོགས་ཀྱི“ནད་ལྟ་དཀའ་བ་དང་། སྨན་རིན་མཐོ་བ། ཐག་རིང་བ”བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།
          ཡན་ཁྲེང་ཆོན་དང་བོད་སྐྱོར་ལས་དོན་རུ་ཁག་གི་དཀའ་སྤྱད་འབད་བརྩོན་རུ་ཐོག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མིག་མཐོང་ལག་ཟིན་བྱུང་གཤིས། འདི་ལོ་རུ་ཐོག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཚོགས་པའི“ཀྲུང་གོའི་སྨན་པའི་དུས་ཆེན”གྱི་གཟེངས་བསྟོད་ཚོགས་ཆེན་ཐོག ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་དང་པོ“ཕུལ་བྱུང་སྨན་བཅོས་རོགས་སྐྱོར་ཚན་པར”བདམས་པ་དང་། ཡན་ཁྲེང་ཆོན་ལ“ཕུལ་བྱུང་སྨན་དོན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།
          ཡན་ཁྲེང་ཆོན་གྱིས“བདེ་ཐང་གི་མི་དམངས་མེད་ན། བདེ་ཐང་གི་ཀྲུང་གོ་མེད། བདེ་ཐང་གི་ཀྲུང་གོ་མེད་ན། དེང་རབས་ཀྱི་རྒྱལ་ཁབ་སྟོབས་ཆེན་མེད”ཅེས་བརྗོད་པ་དང་། ཁོང་གིས་སེམས་ཐག་ཆོད་པོས“རུ་ཐོག་ཏུ་བོད་སྐྱོར་ལ་ཡོང་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། ས་གནས་འདི་གའི་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་ཆེད། རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན”ཅེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོལ།