“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྐབས་གཉིས་པ་སྤེལ་བ།

སྤེལ་དུས 2019-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མི་དམངས་མང་ཚོགས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་གསལ་ཚད་དང་སྒོ་འབྱེད་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། ཟླ་12ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས“ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྒོ་དབྱེའི་ཉིན་མོ་སྐབས་གཉིས་པའི”བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ། བྱེད་སྒོ་དེར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། མང་ཚོགས་ཀྱི་འཐུས་མི། མཐོ་སློབ་དང་སློབ་འབྲིང་གི་དགེ་སློབ་ཀྱི་འཐུས་མི། ཁྲིམས་རྩོད་པ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཁྲིམས་འཛིན་སྲིད་འཛིན་ཁུལ་དུ་ལྟ་སྐོར་བྱེད་པར་གདན་འདྲེན་བྱས་ཏེ་ལས་ཀའི་བརྒྱུད་རིམ་དང་འགན་འཁྲིར་ཤེས་རྟོགས་བྱས་པ་རེད། 
            དང་ཐོག་འཐུས་མི་ཚོས་ཁྲིམས་འཛིན་སྲིད་འཛིན་ལས་དོན་མི་སྣའི་སྣེ་ཁྲིད་འོག་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་སུ་བསྐྱོད་དེ་ལྷ་ས་གྲོང་ཁྱེར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་དང་ལྷ་སའི་ཉི་འོད་གཞུང་དཔང་ཁྲུའུ་ཡི་གཞུང་ལས་བྱ་ཡུལ་དུ་ལྟ་སྐོར་བྱས་ཤིང་། ཡུལ་དངོས་སུ་བཅའ་ཁྲིམས་རོགས་སྐྱོར་གྱི་ལས་སྒོ་དང་གཞུང་དཔང་གི་ལས་སྒོ་བདག་སྤྲོད་བྱེད་པའི་ཆ་རྐྱེན་དང་གོ་རིམ། སྒྲུབ་རིམ་སོགས་ཀྱི་ནང་དོན་ལ་ཤེས་རྟོགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ལྷ་ས་གྲོང་ཁྱེར་གྱི་རིམ་པ་གཉིས་ཀྱི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་1224བདག་སྤྲོད་བྱས་པ་དང་། ཡུལ་དངོས་སུ་མི་ཐེངས་870དང་ མི་ཐེངས་612ཀྱིས་ཁ་པར་བཏང་ནས་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པ་རེད། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་970ཐག་གཅོད་བྱས་པའི་ནང་གོང་རིམ་སྡེ་ཚན་གྱིས་སྐུལ་སྒྲུབ་བྱས་པའི་གྱོད་གཞི་68དང་། ཡིག་སྐུར་ངོ་གཏུག་བརྒྱུད་སྒྲུབ་བྱས་པའི་གྱོད་གཞི་77ཡོད། ད་ལོའི་ཚུན་ལ། ཞིང་པ་ལས་མི་སོགས་ཉམས་ཞན་ཚོགས་སྤྱིའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་17560ཕྱིར་ལེན་བྱུང་ཡོད་པ་རེད། 

            དེ་རྗེས་འཐུས་མི་ཚོ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་ཕེབས་ནས་བོད་ལྗོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་འཛུགས་སྐྲུན་གྱི་གྲུབ་འབྲས་བཤམས་སྟོན་ཁང་དང་བཀོད་འདོམས་ལྟེ་གནས་ལ་གཟིགས་སྐོར་གནང་། འགྲེམས་སྟོན་ཁང་ནང“བོད་ལྗོངས་ཀྱི་ཁྲིམས་ལུགས་རིག་གནས་རྒྱུན་འཛིན་དང་མཛེས་སྡུག་ལྡན་པའི་ ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲུབ་འབྲས་འགྲེམས་སྟོན་དེ་ནི་ “ཐོག་མའི་བསམ་འདུན་མི་བརྗེད་པ། བོད་ལྗོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་མཁན་སྔོན་བྱོན་པའི་མཛད་རྗེས”དང་“འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བོད་ལྗོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་ཞིབ་ཕྲའི་ལག་ལེན”“འབད་འཐབ་ལྷུར་ལེན། བོད་ལྗོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་འབྱུང་འགྱུར་འཕེལ་ལམ”ཞེས་ཁྱོན་ཁག་3ཡོད་ཅིང་། འཕྲུལ་མིའི“ཧྥ་ཞའོ་ཅའི”སྣེ་ཁྲིད་འོག་ཚང་མས་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཞི་པའི”ཁྲིམས་ལུགས་ཁྱབ་གདལ་བཏང་ཚུན་དང་ལྷག་དོན་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་རིང་གི་བརྒྱུད་རིམ་དང་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད། 

            མཇུག་མཐར་བཀོད་འདོམས་ལྟེ་གནས་ཀྱི་ལས་བྱེད་མི་སྣས་འཐུས་མི་ཚོར་བཀོད་འདོམས་ལྟེ་གནས་ཀྱི་འཛུགས་སྐྲུན་གནས་ཚུལ་དང་གཞི་རྩའི་ནུས་པ་འགྲེལ་བཤད་བརྒྱབ་པ་མ་ཟད། ཚང་མ་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་བོད་རྒྱ་སྐད་གཉིས་ཀྱི“12348ཀྲུང་གོའི་བོད་ལྗོངས་ཁྲིམས་དྲའི”སྟེགས་བུ་ཐོག་མ་དེར་ཉམས་ལེན་བྱས་པ་རེད། 
            འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ལྗོངས་ཁྲིམས་འཛིན་ཐིང་གིས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བར་ནང་དོན་ཕུན་སུམ་ཚོགས་ཞིང་དོན་སྙིང་གལ་ཆེན་ལྡན་ལ། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི“འགན་འཁུར་ཕོད་པ་དང་ལག་བསྟར་དོན་འཁྱོལ”གྱི་ལས་ཀའི་ཕན་འབྲས་གང་ལེགས་མངོན་པ་མ་ཟད། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོར་ཞབས་འདེགས་ཞུ་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད་ཅེས་བསྟན་པ་རེད། 
            ད་ལོའི་ཟླ་12པའི་ཚེས་2ཉིན་ནས་ཟླ་12པའི་ཚེས་8ཉིན་བར་ནི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”སྐབས་གཉིས་པ་དེ་ཡིན་ལ། ཤེས་རྟོགས་བྱུང་བར་གཞིགས་ན།  རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཚེས་2ཉིན་ནས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱེད་སྒོ་འགོ་བརྩམས་པ་དང་དེ་ཉིད“12•4རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”དང་ཟུང་འབྲེལ་བྱས་ཐོག ད་ཐེངས་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་དེ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཟམ་བཙུགས་ཏེ། མང་ཚོགས་དེ་བས་མང་པོ་ཁྲིམས་འཛིན་སྲིད་འཛིན་ལས་དོན་ནང་སྐྱོད་པ་དང་ཤེས་རྟོགས། ཐེ་ཞུགས། རྒྱབ་སྐྱོར་དང་ལྟ་སྐུལ་བཅས་ཐུབ་པ་དང་། ལས་རིགས་ཁག་གིས་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཁྲོད་གནས་བབ་དང་ནུས་པ་གལ་ཆེན་ལ་ཤེས་རྟོགས་ཐུབ་པ་བྱས་ཡོད།