“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེ་ཡོངས་བཤེར་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

སྤེལ་དུས 2019-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

        ད་ལོའི་བར་རྒྱལ་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་ལས་ཀ་མགོ་བརྩམས་ནས་ལོ་བཅུ་ལྷག་འགོར། རྒྱལ་ཡོངས་གནའ་དཔེ་སྲུང་སྐྱོབ་དྲ་བས་ཡོངས་བསྒྲགས་བྱས་པར་གཞིགས་ན། མིག་སྔའི་བར་ལས་ཁུངས217གྱིས་གནའ་དཔེ་དེབ་གྲངས7447203ཡི་ཡོངས་བཤེར་གྱི་གཞི་གྲངས772861ཁྱབ་བསྒྲགས་བྱས་ཡོད། ཆབས་ཅིག་ཉར་ཚགས་ལས་ཁུངས209ཡི་《རྒྱལ་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་དཀར་ཆག》དེབ102པར་སྐྲུན་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་བླངས། ཡིན་ནའང་ལོ་རྒྱུས་ཡུན་རིང་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་བོད་ཡིག་གནའ་དཔེ་ནི་དཀའ་གནད་གསར་པ་ཞིག་ཏུ་གྱུར་ཡོད། དཀའ་གནད་དེ་ལས་སྒྲོལ་ཆེད་གནའ་དཔེ་སྲུང་སྐྱོང་བྱེད་མཁན་ཁག་གཅིག་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་དཀའ་འཐབ་རྒྱུན་འཁྱོངས་གནང་བཞིན་ཡོད། 
        རྒྱལ་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་ལས་དོན་ནི་“ཀྲུང་ཧྭའི་གནའ་དཔེ་སྲུང་སྐྱོང་འཆར་གཞིའི་”ལས་འགན་གཙོ་བོ་ཡིན་པ་དང་། གནའ་དཔེ་རེ་རེར་ཐོབ་ཐང་ཨང་གྲངས་སྟེ་“གནའ་དཔེ་ཡོངས་བཤེར་ཐོ་འགོད་ཨང་གྲངས་”དང་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱས་པ་བརྒྱུད། གནའ་དཔེ་སྤྱིའི་ཐོ་ཡིག་བཟོས་ཏེ་རྒྱལ་ཡོངས་སུ་གནའ་དཔེ་ཉར་ཚགས་གནང་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་རྒྱུར་དམིགས་པ་རེད། ཀྲུང་ཧྭའི་གནའ་དཔེ་སྲུང་སྐྱོང་འཆར་གཞི་ལག་བསྟར་དོན་འཁྱོལ་བྱ་ཆེད། 2007ལོ་ནས་བཟུང་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་གནའ་དཔེ་སྲུང་སྐྱོང་ཡོངས་བཤེར་ལས་དོན་ཧུར་ཐག་གིས་སྤེལ། 2016ལོའི་ཟླ་8པར། དཔེ་མཛོད་ཁང་དུ་ཉར་ཚགས་གནང་བའི་རྒྱ་ཡིག་གི་གནའ་དཔེ་ཡོངས་བཤེར་ལས་འགན་ལེགས་འགྲུབ་བྱུང་། ཡོངས་བཤེར་གྱི་གྲུབ་འབྲས་གཙོ་བོ་《ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་གནའ་དཔེ་ཡོངས་བཤེར་དཀར་ཆག་རྒྱས་པ་》དེ་རྒྱལ་ཁབ་དཔེ་མཛོད་ཁང་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་བྱས།

        2017ལོའི་ཟླ7པར། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པས་གཙོ་འགན་བཞེས་ནས་བོད་ཡིག་གནའ་དཔེ་ཡོངས་བཤེར་གྱི་འཆར་གཞི་དངོས་སུ་ལས་འགོ་ཚུགས། དུས་འགོའི་བསྡོམས་རྩིས་ལྟར་ན། མིག་སྔར་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་གནའ་དཔེ་ལ་ཆོས་ཚན32700ལྷག་ཙམ་ཟིན། ཆ་ཚང་ལ་ནང་དོན་ཕུན་སུམ་ཚོགས་པ། དཔེ་དཀོན་རྩ་ཆེན་མི་ཉུང་བ་ཞིག་ཡོད། ཡོངས་བཤེར་ལས་དོན་ནི་རྒྱལ་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་ལས་སྟེགས་ཀྱི་ཐོ་འགོད་བླང་བྱ་ལྟར་དཀར་ཆག་ཏུ་འགོད་པ་དང་། གནའ་དཔེའི་རྣམ་པ་ཇི་བཞིན་འགོད་རྒྱུ་རྩ་དོན་དུ་བཟུང་ནས་ཆ་འཕྲིན་ཞིབ་ཕྲར་འགོད་དགོས། བོད་ཡིག་གནའ་དཔེའི་དམིགས་བསལ་རང་བཞིན་ལ་དམིགས་ནས་《བོད་ཡིག་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་སྟེགས་ཀྱི་བླང་བྱ་》བཟོས་པ་དང་། མི་རིགས་རིག་གནས་ཕོ་བྲང་གིས་གསར་བཅོས་གནང་བའི་《ཀྲུང་གོའི་གྲངས་ཉུང་མི་རིགས་ཡི་གེའི་གནའ་དཔེ་རིམ་པ་གཏན་འཁེལ་གྱི་ཚད་གཞི་》ལྟར་གནའ་དཔེ་ཚང་མར་རིམ་པ་གཏན་འཁེལ་བྱས། ཆབས་ཅིག་རིག་གནས་དང་ཡུལ་སྐོར་པུས་འགྲེམས་སྤེལ་བྱས་པའི《གནའ་དཔེའི་རལ་སྐྱོན་བྱུང་བའི་རིམ་པ་གཏན་འཁེལ་གྱི་ཚད་གཞི་》དང་《ཀྲུང་གོའི་གནའ་དཔེའི་གནའ་དཔེ་པར་ལེན་འབྲེལ་ཡོད་ཚད་གཞི་དང་མ་དཔེ་》གཞིར་བཟུང་གནའ་དཔེའི་རལ་སྐྱོན་བྱུང་བའི་རིམ་པ་གཏན་འཁེལ་བྱས་པ་མ་ཟད། གནད་དཔེ་རེར་པར་གཞི་དང་རལ་སྐྱོན་གྱི་འདྲ་པར3ནས5བརྒྱུད་སྤྲོད་བྱ་དགོས།
        ཞིབ་འཇུག་པ་གཞོན་པ་བྱམས་པ་ནི་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་གི་ལས་ཀ་གཉེར་མཁན་གཅིག་པུ་ཡིན། ལོ་གཉིས་རིང་འབད་བརྩོན་ཆེན་པོས་ཡོངས་བཤེར་བྱས་པ་བརྒྱུད་བོད་ཡིག་གནའ་དཔེ་ཉར་ཚགས་བགྱིས་པའི་གྲངས་ཀ་གསལ་པོ་ཤེས་པ་མ་ཟད། གནའ་དཔེ་རྩ་ཆེན་གསར་རྙེད་མི་ཉུང་བ་ཞིག་ཡོད་པ་རེད།
        ཟབ་མོ་ནང་གི་དོན་གསལ་འགྲེལ་པ་ནི་གསར་དུ་རྙེད་པའི་ཧོར་སྤར་མའི་གནའ་དཔེ་རྩ་ཆེན་ཞིག་ཡིན་ལ། ཀརྨ་རང་བྱུང་རྡོ་རྗེའི་གསུང་རྩོམ་གྲགས་ཆེན་ཞིག་ཀྱང་ཡིན། ཀརྨ་རང་བྱུང་རྡོ་རྗེ་ནི་1284ལོར་མང་ཡུལ་གུང་ཐང་དུ་འཁྲུངས། སྐྱེས་རབས་བརྒྱ་བ་དང་སྨན་མིང་རྒྱ་མཚོ་སོགས་གསུང་རྩོམ་མང་པོ་ཡོད། 1332ལོར་ཧོར་གོང་མས་གདན་ཞུས་ལྟར་ཕོ་བྲང་དུ་ཕེབས་ནས་རྒྱལ་བོ་འཁོར་བཅས་ལ་དབང་ལུང་གནང་། 1336ལོར་ཐེངས་གཉིས་པ་ཡོན་གོང་མའི་ཕོ་བྲང་དུ་ཕེབས། དབང་ལུང་བླ་མའི་ཐོབ་དང་མཇལ་ས་གནང་། 1339ལོར་རྒྱ་ནག་དུ་སྐུ་གཤེགས། སྤར་མ་འདི་ཧ་ལམ་སྐབས་དེར་ཧོར་གོང་མའི་རྒྱལ་ས་པེ་ཅིན་དུ་བརྐོས་པར་སེམས། སྒམ་པོ་ཤཱཀྱ་བཟང་པོས་ཧོར་སྤར་མ་ཞུ་དག་གནང་སྟེ་བོད་དུ་སྤར་གསར་བརྐོས་པ་ལྟར་ན། གོང་གི་གསུང་རྩོམ་འདི་གཅིག་པུ་མ་ཡིན་པའི་གསུང་རྩོམ་གཞན་དག་ཀྱང་ཧོར་སྤར་མ་ཡོད། ཟབ་མོ་ནང་གི་དོན་གསལ་འགྲེལ་པ་དྲི་མ་མེད་པའི་འོད་ནི་པོད་ཁ་པའོ། །སྙེ་མོ་བྱེ་མཁར་དང་བྱ་ཡུལ་པད་དཀར་སོགས་སུ་ཧོར་སྤར་ཤོག་གྱར་འགའ་འདུག་ཞེས་སྐ་བ་ཤེས་རབ་བཟང་པོའི་གསུངས། 1351ལོར་ཧོར་གོང་མ་ཐོ་གན་ཐེ་མུར་གྱིས་མཐུན་རྐྱེན་གནང་ནས་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དང་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད། འགྲེལ་ཆེན་དྲི་མེད་འོད་ཀྱིས་བསྡུས་དོན་སོགས་ཧོར་ཆེན་པོའི་རྒྱལ་ས་པེ་ཅིང་གི་ཚེན་ཧཱོ་གསིའི་དགོན་པར་ཟླ་ལྔའི་རིང་སྤར་བརྐོས་གནད་སྨིན་གནང་། བོད་ཡིག་ཧོར་སྤར་མའི་ཡིག་གཟུགས་མཛེས་ལ་མཉེན་གཅུག་ལྡན་པ། སྤར་བསྐོའི་ལག་རྩལ་ཞིབ་ཅིང་དབུ་ཞབས་ཀྱི་ལྷ་སྐུ་བསྐོས་ལེགས་པ། པར་ངོས་ཡིག་ཕྲེང་ལྷོད་པ་དང་གྲལ་དག་པ་བཅས་ཀྱི་ཁྱད་ཆོས་ལྡན།

        ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་འགྲེལ་པ་དྲི་མ་མེད་པའི་འོད། ཧོར་སྤར་མ།
        ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་གནང་བའི་ཟབ་མོ་ནང་གི་དོན་གསལ་འགྲེལ་པའི་ཧོར་སྤར་མར་ཁྱོན་ལྡེབ་གྲངས་152ཡོད། གཞུང་ཧྲིལ་པོ་ཁ་ཚང་ལ་སྤུས་ལེགས་པས་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་དང་བོད་ཡིག་གནའ་དཔེ་པར་གཞི་ཞིབ་འཇུག་ཐད་རིག་གཞུང་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན། སྤར་མ་དེ་གསར་རྙེད་བྱུང་རྗེས་དེ་མུར་འབྲེལ་ཡོད་དཔེ་ཆ་ཞིབ་བསྡུར་དང་པར་གཞིར་ཞིབ་འཇུག་གནང་ཐོག 《ཀྲུང་གོའི་གྲངས་ཉུང་མི་རིགས་ཡི་གེའི་གནའ་དཔེ་རིམ་པ་གཏན་འཁེལ་གྱི་ཚད་གཞི་》ལྟར་རྒྱལ་ཁབ་རིམ་པའི་གནའ་དཔེ་རིམ་པ་དང་པོར་གཏན་འཁེལ་གནང་བ་དང་། རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ལ་《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེ་མིང་གཞུང་》ཁག་དྲུག་པའི་ནང་འགོད་པའི་སྙན་ཞུ་ཡི་གེ་ཕུལ།
        ལཱང་ཅུའི་མཇལ་འཛོམས་རྗེས། ས་སྐྱ་འགྲོ་མགོན་འཕགས་པ་སོགས་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་མང་པོས་ཧོར་གོང་མའི་ཕོ་བྲང་དུ་ཆོས་ལུགས་དང་ཆབ་སྲིད་ཀྱི་བྱེད་སྒོ་སྤེལ། ཆབས་ཅིག་ཧོར་གོང་མས་མཐུན་རྐྱེན་གནང་སྟེ་《ཚད་མ་རིགས་གཏེར་》དང་《ཐེག་པ་ཆེན་པོའི་མདོ་སྡེ་རྒྱན།》 《རྒྱུད་བཞི》སོགས་བོད་ཡིག་གི་དཔེ་དེབ་འབོར་ཆེན་སྤར་དུ་བཏབ། གནའ་དཔེ་འདི་དག་གི་པར་གཞིའི་ལོ་ཚིགས་ཧོར་སེ་ཆེན་རྒྱལ་པོ་ནས་ཐོ་གན་ཐེ་མུར་བར་ཡོན་རྒྱལ་རབས་ཧྲིལ་པོར་ཆད་མེད་དུ་སྤར་བརྐོ་གནང་། སྤར་བརྐོའི་མཛད་བྱང་གི་ནང་དོན་ཕྱོགས་བསྡུས་ཀྱིས་བརྗོད་ན། ཏཱ་གོ་ཤཱི་བླ་མས་རེ་བསྐུལ་ལྟར་ཧོར་གོང་མའི་ཕོ་བྲང་གིས་མཐུན་རྐྱེན་གནང་། བོད་རིགས་ཡིག་གཟུགས་མཁས་ཅན་གྱིས་མ་ཡིག་བྲིས། རྒྱ་རིགས་བཟོ་བོས་བརྐོས་ཏེ་ས་གནས་ཁག་ལ་བཀྲམ་པས། རྒྱ་དང་སོག་པོ། བོད་རིགས་མི་དམངས་ཀྱི་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་བསྡུས་པས་མི་རིགས་ཁག་དབར་ཕན་ཚུན་མཐུན་སྒྲིལ་གཞོགས་འདེགས་ཀྱི་ལོ་རྒྱུས་ཀྱི་མཚོན་རྟགས་ཤིག་རེད།

        བོད་ཡིག་གནའ་དཔེ་ཡོངས་བཤེར་ཐོ་འགོད་དེ་རྒྱལ་ཁབ་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་“རྒྱལ་ཡོངས་གནའ་དཔེ་ཡོངས་བཤེར་ལས་སྟེགས་”མ་ལག་ཐོག་གཅིག་གྱུར་གྱི་ཚད་གཞི་ལྟར་ཐོ་འགོད་དཀར་ཆག་འགོད་དགོས། བརྟག་དཔྱད་དང་ཐོ་འགོད། རིམ་པ་གཏན་འཁེལ། ཡིག་ཚགས་གསར་བཟོ་བཅས་རྣམ་གྲངས་མང་པོ་བརྒྱུད་གནའ་དཔེའི་རྣམ་པ་ཞིབ་ཅིང་ཕྲ་ལ་ཇི་བཞིན་བཀོད་ཡོད། མ་འོངས་པར་“རྒྱལ་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ཀྱི་གཞི་གྲངས་མཛོད་”བརྒྱུད་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་གནང་བའི་གནའ་དཔེ་གནས་ཚུལ་དྲིལ་བསྒྲགས་བཀོལ་སྤྱོད་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ་པ་མ་ཟད། དཔེ་མཛོད་ཁང་དབར་གྱི་སྤེལ་རེས་ལ་སྟབས་བདེ་གང་ལེགས་བསྐྲུན་པས་དོན་སྙིང་གལ་ཆེན་ལྡན་ཡོད། 
        བོད་ཡིག་གནའ་དཔེ་ཕལ་ཆེ་བ་སྣ་རིང་ཡིན་ལ། བཀའ་བསྟན་དང་གསུང་འབུམ་སོགས་དཔེ་ཚོགས་ལ་གཅིག་གྱུར་གྱི་སྡོམ་གྲངས་བརྩི་ཐབས་ཀྱི་སྲོལ་ཆགས་ཡོད། སྤྱིར་བཏང་པོད་ཆེ་འབྲིང་ཆུང་གསུམ་དུ་བགོས་ཡོད། འོན་ཀྱང་ལྡེབ་གྲངས་ཐོར་ཏེ་ཡོད་པས་པོད་གཅིག་ཏུ་ཆོས་ཚན་གྲངས་མང་ཉུང་གང་རུང་གནང་ཆོག གླེགས་ཐུམ་དུ་འཇུག་ཚད་ལ་ངེས་གཏན་མེད་པས་ཁ་ཤས་ཆོས་ཚན་གཅིག་གིས་པོད་གཅིག་གྲུབ་པ་དང་ཁ་ཤས་སུ་པོད་གཅིག་ཏུ་ཆོས་ཚན་གྲངས་མང་པོ་བཅུག་ཡོད། བོད་ཡིག་གནའ་དཔེ་སྣ་རིང་གི་ལྡེབ་གྲངས་ཐོར་ཏེ་ཡོད་པས་ལྡེབ་ཤོག་གོང་འོག་བསྐྱར་མ་དང་བོར་བརླག་བྱུང་བའི་གནས་ཚུལ་ནི་རྒྱུན་མཐོང་ཡིན། གནའ་དཔེ་ཡོངས་བཤེར་བྱེད་སྐབས་ལྡེབ་གྲངས་བསྡོམས་རྩིས་ཞིབ་མོ་བྱེད་པ་ནི་ལས་དོན་གལ་ཆེན་ཞིག་ཡིན། ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་ལྡེབ་ཤོག་རེ་རེ་བཞིན་ཞིབ་རྩིས་ནན་ཏན་བྱེད་དགོས་པ་དང་། ལྡེབ་ཤོག་བོར་བ་དང་བསྐྱར་མ་བྱུང་ཚེ་དུས་ཐོག་ཏུ་ཞིབ་ཕྲའི་ཆ་འཕྲིན་གསལ་བོ་བྲིས་ནས་གནའ་དཔེའི་རྣམ་པ་ཆ་ཚང་མཚོན་པར་བྱེད་དགོས་པ་མ་ཟད། གཡོར་ཀློག་བྱེད་པའི་བརྒྱུད་རིམ་ནང་ཆ་ཚང་ཉར་ཚགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། གནའ་དཔེ་ཡོངས་བཤེར་ནི་ལས་ཀ་ཞིབ་ཚགས་ཅན་ཞིག་ཡིན་པས་རྣམ་གཡེང་གཏན་ནས་བྱེད་མི་རུང་། 2019ལོའི་ཟླ་11པའི་ཟླ་མཇུག་བར་ཆོས་ཚན་གྲངས་11431ལ་ཡོངས་བཤེར་ལེགས་གྲུབ་ཟིན་པ་དང་། གནའ་དཔེ་ལྡེབ་གྲངས་298671ཟིན། གནའ་དཔེ་འདྲ་པར་7800ལྷག་བླངས་ནས་ལས་སྟེགས་ཀྱི་མ་ལག་ཏུ་བརྒྱུད་སྤྲོད་བྱས།

        “གནའ་གཞུང་ཡོངས་བཤེར་ལས་སྟེགས་”ཀྱི་བོད་ཡིག་གནའ་དཔེའི་ཐོ་འགོད་རེའུ་མིག
        ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ནི་རྒྱལ་ནང་དུ་“རྒྱལ་ཡོངས་གནའ་དཔེ་ཡོངས་བཤེར་ལས་སྟེགས”སུ་མི་རིགས་ཡི་གེའི་གནའ་དཔེ་ཡོངས་བཤེར་བྱེད་པའི་ལས་ཁུངས་དང་པོ་དེ་ཡིན། ཡོངས་བཤེར་ལས་དོན་ཐད་ཆེད་ལས་ཀྱི་རྩལ་ནུས་མཐོན་པོ་དགོས་ཐོག ད་ལྟའི་བར་བོད་ཡིག་གནའ་དཔེ་ལ་ཡོངས་བཤེར་གྱི་དཀར་ཆག་ཞིབ་ཚགས་དེ་འདྲ་བྱེད་མྱོང་མེད་པས་ཡོངས་བཤེར་ལ་དཀའ་ལས་ཁག་པོ་ཡོད། ད་ཐེངས་ཀྱི་བོད་ཡིག་གནའ་དཔེ་ཡོངས་བཤེར་ནི་1985ལོ་ནས་བཟུང་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་ཕྱོགས་ཡོངས་ནས་གནའ་དཔེ་དཀར་ཆག་ཞིབ་ཚགས་འགོད་པའི་ལས་དོན་ཞིག་ཡིན། ནང་དོན་གཙོ་བོ་ནི་གནའ་དཔེ་ལ་ཡོངས་བཤེར་དཀར་ཆག་ལེགས་སྒྲིག་ཞིབ་ཚགས་བྱས་ཏེ་གཞི་གྲངས་མཛོད་བསྐྲུན་རྒྱུ་རེད། ཐེངས་འདིའི་ཡོངས་བཤེར་བརྒྱུད་བོད་ཡིག་གནའ་དཔེ་ཉར་ཚགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། དམིགས་གཏད་ཡོད་པ་དང་གཙོ་གནད་ཡོད་པས་སྒོ་ནས་བོད་ཡིག་གནའ་དཔེ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བ་དང་། དོ་དམ་དང་བཀོལ་སྤྱོད་ལ་ཤུགས་སྣོན་སྐུལ་འདེད་གཏོང་ཐུབ། ད་དུང་རིམ་པ་རྗེས་མར་བོད་ཡིག་གནའ་དཔེ་གཞི་གྲངས་ཅན་དུ་བསྒྱུར་པ་དང་འབྲེལ་ཡོད་མ་ལག་གསར་སྤེལ་ལ་གཞི་གྲངས་ཀྱི་རྨང་གཞི་ལེགས་པོ་བསྐྲུན་ཡོད།

        ལྡེབ་ཤོག་བསྐྱར་མ། ཆད་གྲངས་ཤོག་བྱང་།
        ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་བོད་ཡིག་གནའ་དཔེ་ཡོངས་བཤེར་བྱེད་པ་དང་དུས་མཚུངས་སུ་《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེ་མིང་གཞུང་》སྙན་ཞུ་འབུལ་བའི་ལས་དོན་ནང་ཧུར་ཐག་གིས་ཞུགས་ཡོད། ད་ལྟའི་བར་ཁྱོན་བསྡོམས་བོད་ཡིག་གནའ་དཔེ་སྣ་33ཀྱི་པོད་གྲངས་382《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེ་མིང་གཞུང་》དུ་ཚུད་ཡོད། ད་ལྟ་དཔེ་མཛོད་ཁང་གིས་བོད་ཡིག་གནའ་དཔེ་ཡོངས་བཤེར་ལས་དོན་བརྟན་ལྷིང་ངང་སྤེལ་བཞིན་ཡོད་ལ་ཐོག་མའི་གྲུབ་འབྲས་མངོན་གསལ་བླངས་པས་མ་འོངས་པར་བོད་ཡིག་གནའ་དཔེ་སྲུང་སྐྱོབ་ལ་དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་ལྡན་ངེས་རེད། །
རྩོམ་སྒྲིག་པ།སྣང་རྡོར།