“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཤུག་གསེབ་དགོན་དུ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

སྤེལ་དུས 2019-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
   ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12པའི་ཚེས་3ཉིན། བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཆུ་ཤུར་རྫོང་བཅས་རིམ་པ་གསུམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤུག་གསེབ་དགོན་དོ་དམ་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ། ཤུག་གསེབ་དགོན་དུ(ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་ཡོད)སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

འདི་ནི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་ཡུལ་དངོས་རེད།
    སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་རྡོ་རྗེ་ཚེ་རིང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ། བོད་ལྗོངས་གསར་པའི་འཕོ་འགྱུར་ཆེན་པོ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། ལམ་ལུགས་ཁག་འཛུགས་སྐྱོང་བྱ་བར་ཤུགས་སྣོན་རྒྱག་པའི་གཙོ་གནད་ལས་འགན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པའི་ཕྱོགས་ལྔའི་ཆ་ནས་འགྲེལ་བཤད་བརྒྱབ་པ་རེད།
    བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཀྱང་མེས་རྒྱལ་གྱི་འཕེལ་རྒྱས་དང་ཡར་ཐོན་ཁྲོད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་གྲུབ་འབྲས་གསར་པ་མཉམ་སྤྱོད་བྱས་ཡོད་ཅིང་། རྒྱ་ཆེའི་བཙུན་མ་མང་ཚོགས་ཧུར་ཐག་སྒོས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོའི་ནང་ཞུགས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་བརྩི་སྲུང་ཞུ་བ་དང་།“ཚད་གཞི་བཞི་བརྩི་སྲུང་ཞུས་ནས་སྔོན་ཐོན་གྱི་གྲྭ་བཙུན་བྱེད་པར་བརྩོན་ལེན་བྱེད”པའི་སློབ་གསོ་ལག་ལེན་གྱི་བྱེད་སྒོའི་ནང་ཞུགས་ཏེ“རྒྱལ་གཅེས་ཆོས་གཅེས་དང་། མངོན་མེད་སྒྲུབ་སྦྱོང་། སྒྲིག་བརྩི་ཁྲིམས་སྲུང་”བྱེད་པའི་བཙུན་མ་ཡག་པོ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས།

    འདི་ནི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བའི་ཡུལ་དངོས་རེད།