“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ།

སྤེལ་དུས 2019-12-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་བསྒྲགས།  ལག་བསྟར་བཅས་གཏིང་ཟབ་བྱ་ཆེད།  ཚེས་5ཉིན་གྱི་སྔ་དྲོར།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་མཐོ་སློབ་དགེ་སློབ་ཀྱི་འཐུས་མི་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་མངོན་གསལ་དོད་པའི་ལེགས་ཆ་གླེང་གནང་བ་མ་ཟད།  མེས་རྒྱལ་འཕེལ་རྒྱས་ཀྱི་མཛེས་སྡུག་འབྱུང་འགྱུར་ལ་རྒྱང་ལྟ་ཡང་གནང་བ་རེད།  

སྒྲོག་འགྲེལ་ཚོགས་འདུའི་ཚོགས་ར།  
          ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་དང་། བོད་ལྗོངས་གསོ་རིག་སློབ་ཆེན་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་འགན་འཁུར་བློ་མཐུན་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་སྙན་སེང་ཞུས་པ་དང་བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མིས་གཏམ་བཤད་སྤེལ་ནས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་པའི་ངོས་འཛིན་དང་མྱོང་ཚོར་གླེང་སྟེ། རྒྱ་ཆེའི་དགེ་སློབ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྩི་བཀུར་དང་ཐུགས་རྗེ་ཆེ་ཞུ་བའི་བརྩེ་སེམས་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་མཚོན་པར་བྱས་པ་དང་འབྲེལ་དུས་རབས་གསར་པའི་མཐོ་སློབ་དགེ་སློབ་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་པ་རེད།  

སྒྲོག་འགྲེལ་ཚོགས་འདུའི་ཐོག་ནན་ཏན་ངང་ཟིན་ཐོ་འགོད་བཞིན་པ།  

བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་།  
          སྒྲོག་འགྲེལ་བྱེད་སྐབས། ཝུའུ་དབྱིང་ཅེས་ལོ་རྒྱུས་ལ་ཕྱིར་དྲན་དང་།  འབྱུང་འགྱུར་ལ་རྒྱང་ལྟ།  ཕན་ཚུན་བསྡུར་བ་བཅས་གནང་བ་མ་ཟད།  མི་རིགས་ཁག་གི་མང་ཚོགས་ཚོའི་ཟ་མ་དང་།  སྡོད་ཁང་།  ཕྱིར་སྐྱོད།  སྨན་བཅོས། སློབ་གཉེར།  ལས་ཞུགས་སོགས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་པའི་གསོན་ཉམས་ལྡན་པའི་དོན་དངོས་དང་བསྟུན་པ་དང་། རང་ཉིད་འཚར་ལོངས་ཀྱི་ལོ་རྒྱུས་དང་ལས་དོན་དངོས་དང་ཟུང་འབྲེལ་གནང་སྟེ།  ཚང་མར་གཏམ་རྒྱུད་བརྗོད་པ་དང་།  དཔེ་དྲངས་པ།  མྱོང་ཚོར་གླེང་གནང་བ་དང་འབྲེལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྙིང་པོ་དང་གཞི་རྩའི་དོན་སྙིང་རྒྱས་བཤད་གཏིང་ཟབ་ཀྱང་གནང་བ་རེད།  

དགེ་སློབ་ཀྱི་འཐུས་མིས་སྒྲོག་འགྲེལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ།  
          ཝུའུ་དབྱིང་ཅེས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།  “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས།  མི་གང་འདྲ་ཞིག་གསོ་སྐྱོང་དང་།  གང་འདྲ་བྱས་ཏེ་མི་གསོ་སྐྱོང་། སུའི་ཆེད་དུ་མི་གསོ་སྐྱོང་བཅས་བྱེད་པའི་རྩ་བའི་གནད་དོན་དེར་དམ་པོར་དམིགས་ཏེ།  བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དོན་དངོས་ལ་གཞི་ཚུགས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་འཁྲིད་པ།  ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ།   ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་བོད་གསར་རྙིང་བསྡུར་བའི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་སློབ་ཚན་ཐོག་སློབ་ཁྲིད་བྱེད་པ།  སློབ་གྲྭ་དང་གཞོན་ནུ་ལོ་ཆུང་སློབ་མའི་ཁྲོད“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་མུ་མཐུད་སྤེལ་བ།  ཕྱོགས་ཡོངས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བ།  མི་རིགས་མཐུན་སྒྲིལ་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ་ཀུན་སྤྱོད་དང་།  ཤེས་རིག  ལུས་རྩལ།  མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  

སྒྲོག་འགྲེལ་ཚོགས་འདུའི་ཚོགས་ར།

ཝུའུ་དབྱིང་ཅེས་བོད་ལྗོངས་སློབ་ཆེན་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།  
          སྒྲོག་འགྲེལ་མ་གནང་གོང་། ཝུའུ་དབྱིང་ཅེས་ད་དུང་འགྲེམས་པང་ལ་གཟིགས་པ་དང་སྙན་སེང་གསན་པའི་ཐོག་ནས་བོད་ལྗོངས་སློབ་ཆེན་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་།  ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་ལས་དོན་དང་མཐོ་སློབ་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་གྲུབ་འབྲས་བཟང་པོར་གདེང་འཇོག་གང་ལེགས་ཀྱང་གནང་བ་རེད།  
རྩོམ་སྒྲིག་པ།   རིག་གྲོལ།