“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2019ལོའི་“ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན”ལྷ་ས་གྲོང་ཁྱེར་གྱི་རྫོང་རྒྱབ་ཀླུ་ཁང་ནས་སྤེལ།

སྤེལ་དུས 2019-12-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།





            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཤུགས་ཆེན་གཏོང་བ་དང་།ཀྲུང་གོ་གསར་པའི་རྩ་ཁྲིམས་འཕེལ་རྒྱས་ཀྱི་བརྒྱུད་རིམ་འབུར་དུ་ཐོན་པ།རྩ་ཁྲིམས་ཀྱི་གནས་བབ་དང་ནུས་པ། རྩ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་ནང་དོན་གཙོ་བོ་བཅས་དྲིལ་བསྒྲགས་གང་ལེགས་བྱ་ཆེད། ཟླ་12པའི་ཚེས་4ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གཙོ་གཉེར་བྱས་པའི་“ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན”དེ་ལྷ་ས་གྲོང་ཁྱེར་གྱི་རྫོང་རྒྱབ་ཀླུ་ཁང་ནང་དུ་སྤེལ་བ་རེད། 

            ཐེངས་འདིའི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་དང་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་གྱིས་“རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་བྱས་ཤིང་། 《ཡར་ཀླུང་གཙང་པོའི་བྲོ་ཆེན》ཞེས་པ་དེས་2019ལོའི་“12•4”རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་དང་ཁྲིམས་སྐྱོང་རིག་རྩལ་མཉམ་འཁྲབ་བྱེད་འགོ་ཚུགས་པའི་མཛད་སྒོ་སྤེལ། སྐྱེས་པའི་སྐད་གསུམ་མཉམ་ལེན་གླུ་གཞས་《དར་ལ་བབས་པའི་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་མི་དམངས་ཉེན་རྟོག་པའི་གཟི་བརྗིད་སྟོང་ཟད་དུ་མི་གཏོང་བ》ཞེས་པ་དང་། ཁ་ཤགས་《རྩ་ཁྲིམས་ཀྱི་ཉིན་མོ། 》གླུ་གར་《ནང་མ་སྟོད་གཞས། 》གར་ཆུང་《ཚན་རིག་ལ་ཡིད་ཆེས་པ》སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་བཅུ་བཞི་རེས་མོས་ངང་འཁྲབ་སྟོན་བྱས་ཤིང་། གསོན་ཉམས་ལྡན་པའི་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་བཀུར་བརྩི་སྲུང་དང་། སྲོལ་རྙིང་དོར་ནས་ཆོས་ལུགས་ལ་ལྟ་སྟངས་ཡང་དག་འཛིན་པ། རང་རྟོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཏང་གི་བཀའ་དྲིན་ཚོར་བ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། 

            རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པའི་གྲོང་མི་ལྷག་པ་ཚེ་རིང་གིས་“རྩ་ཁྲིམས་རིགས་ཀྱི་ལེ་ཚན་དེ་དག་ཧ་ཅང་ཡག་པོ་འདུགལྷག་པར་དུ་གར་ཆུང་《རྩ་ཁྲིམས་ཀྱི་ཉིན་མོ》ཞེས་པ་དེ་མི་སེམས་འགུལ་བ་ཞིག་ཡིན་ལ། ངས་མགོ་ནས་མཇུག་བར་ཚང་མ་བལྟས་ཚར་བ་ཡིན། ”ཞེས་བཤད། 

            ལེ་ཚན་ཧྲིལ་པོར་ངོ་མཚར་ཆེ་བའི་འཁྲབ་སྟོན་གཅིག་རྗེས་གཉིས་མཐུད་ངང་ཀུན་གྱི་མིག་གི་དགའ་སྟོན་དུ་བཤམས་ཤིང་།རིག་གནས་འཁྲབ་སྟོན་དང་རྩ་ཁྲིམས་དྲིལ་བསྒྲགས་ཟུང་འབྲེལ་བྱས་ཏེ་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོའི་བརྗོད་བྱ་དང་མཉམ་འདྲེས་གང་ལེགས་བྱས་པ་དང་། མང་ཚོགས་ཀྱི་ཁྲིམས་སྐྱོང་རིག་གནས་ཀྱི་འཚོ་བ་གསོན་ཉམས་ལྡན་པའི་ངང་མངོན་པ། མང་ཚོགས་ལ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འཕྲད་སྲིད་པའི་བཅའ་ཁྲིམས་ཀྱི་གནད་དོན་དང་དེ་དག་ལ་གདོང་གཏོད་པའི་ཐབས་ལམ་བརྗོད་པ་བཅས་བྱས་པས། ཡུལ་དངོས་ནས་ལྟད་མོ་བའི་ངོས་ལེན་དང་སྤྱི་ཚོགས་ཀྱི་གདེང་འཇོག་གང་ལེགས་ཐོབ་པ་མ་ཟད། ཡུལ་དངོས་ཀྱི་ལྟད་མོ་བའི་ཐལ་མོ་རྡེབ་སྒྲ་དང་བསྟོན་བསྔགས་ཆེན་པོ་ཡང་གནང་བ་རེད།

            ད་ཐེངས་ཀྱི་བྱེད་སྒོ་ལས་མང་ཚོགས་ལ་རོལ་རྩེད་བྱེད་དུ་འཇུག་པ་དང་ཆབས་ཅིག རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་དང་ལེན་བྱས་ཏེ། རྩ་ཁྲིམས་དང་། རྒན་པའི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། དུག་འགོག་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པའི་དུས་མཚུངས་སུ། རྒྱ་ཆེའི་མང་ཚོགས་རྣམས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ནང་ཞུགས་པའི་རང་འགུལ་རང་བཞིན་དང་། ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་བོད་ལྗོངས་ཁྲིམས་ཀྱིས་སྐྱོང་བར་རྣམ་པ་བཟང་པོ་ཞིག་ཆགས་སུ་བཅུག་ཡོད་པ་རེད།