“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

► ཁོང་གིས་སློབ་མའི་ཀུན་སྤྱོད་སློབ་གསོའི་ཐད་ལས་ཀ་མང་པོ་གནང་འདུག

སྤེལ་དུས 2019-12-09 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

ལྷ་ས་མཐོང་སྣང་མཐའ་ཡས་སློབ་གསོ་བློ་འདྲི་ཚད་ཡོད་ཀུང་སིའི་མཉམ་འབྲེལ་ལས་གཏོད་ཀྱི་སྐོར་རགས་ཙམ་བཀོད་པ། 
 
ལག་པ་འགུལ་དུ་བཅུག་ནས་སློབ་མའི་བློ་སྒོ་འཕེལ་བར་བྱེད་པ།
          ལོ་ན་ཕྲ་བའི་བོད་རིགས་བུ་མོ་ཁོང་དང་ལས་རོགས་ཀྱིས་བོད་ཀྱི་བུད་མེད་དང་བུ་མོའི་སློབ་གསོར་དོ་སྣང་ཆེན་པོ་བྱེད་པའི་རྣམ་གྲངས་ཐོག་མ“ཁང་ཁྱིམ་སྨུག་པོ”དང་། བོད་ཀྱི་སྡེ་ཁུལ་གྱི་ཁྱད་ཆོས་ལྡན་ལ་ལེ་ལག་ཅུང་ཚང་བའི་སྡེ་ཁུལ་གཞོན་ནུ་ལོ་ཆུང་གི་སློབ་གསོའི་རྣམ་གྲངས་ཐོག་མ“ཉི་འོད་སྡེ་ཁུལ” བོད་ཀྱི་སློབ་གསོའི་སྒྲིག་གཞི། དེ་བཞིན་སློབ་གསོའི་ལས་དོན་པར་ཐད་ཀར་ཞབས་འདེགས་ཞུ་བའི་རྣམ་གྲངས་ཐོག་མ“སྐོར་སྐྱོད་སློབ་ཁང”བཅས་གཉེར་བཞིན་མཆིས། ཁོང་ནི་བོད་ཀྱི་སློབ་གསོའི་ཁྱབ་ཁོངས་སུ“ཨང་དང་པོ”མང་པོ་གཏོད་མཁན་ལྷ་ས་མཐོང་སྣང་མཐའ་ཡས་སློབ་གསོ་བློ་འདྲི་ཚད་ཡོད་ཀུང་སིའི་སྲོལ་གཏོད་པ་བདེ་ཆེན་གཡུ་སྒྲོན་རེད།
 
སློབ་མར་པར་རིས་བསྟན་ནས་སློབ་གསོ་རྒྱག་པ། 
          2015ལོའི་ཟླ་4ཚེས་3ཉིན་བཙུགས་པའི་ལྷ་ས་མཐོང་སྣང་མཐའ་ཡས་སློབ་གསོ་བློ་འདྲི་ཚད་ཡོད་ཀུང་སི་ནི་བོད་ཀྱི་སློབ་གསོ་ཡར་རྒྱས་གོང་འཕེལ་གྱི་ལས་ལ་གཞོལ་བའི་སྤྱི་ཚོགས་ཁེ་ལས་ཀྱི་གྲས་ཤིག་རེད། ད་ལྟ་ཁེ་ལས་དེས་བོད་ཀྱི་ཐག་རིང་ལུང་ཁུག་ཏུ་ཡོད་པའི་གཞོན་ནུ་ལོ་ཆུང་ལ་རེ་བའི་འོད་སྣང་སྦྱིན་པ་དང་། སློབ་གསོ་ཡར་རྒྱས་ལ་རང་ནུས་ཡོད་རྒུ་འདོན་པ། བསམ་བློའི་འཁྱེར་སོར་སྐུལ་བ་བཅས་ཀྱི་ཀུན་སློང་བཟང་པོར་བརྟེན་ནས། མིག་སྔར། སློབ་གསོ་ཆ་འཕྲིན་སྐོར་གྱི་བློ་འདྲི་དང་། སློབ་གསོའི་རྣམ་གྲངས་དང་སློབ་གསོའི་ཚན་རིག་ཞིབ་འཇུག་སྐོར་གྱི་ཞིབ་སྤེལ། སློབ་གསོ་རིག་གནས་བྱེད་སྒོ་སྒྲིག་འཛུགས་དང་། ཇུས་འགོད། སློབ་གསོའི་དུས་དེབ་སྒྲིག་བཟོ་སོགས་སློབ་གསོའི་ཐད་ཀྱི་ལས་ཀ་མང་དག་ཅིག་ལ་ངང་པ་མཚོ་མོར་འཇུག་པ་ཇི་བཞིན་རོལ་གྱིན་ཡོད། 
 
བདེ་ཆེན་གཡུ་སྒྲོན་དང་ལས་རོགས་ཀྱིས་སློབ་ཁྲིད་ནང་དོན་ལ་ནན་ཏན་ངང་ལྟ་བ།
          ང་ཚོ་བཅར་འདྲི་ཚོགས་པ་དང་བཅས་པ་ཁོང་གི་སློབ་གསོའི་ལས་དོན་སྤེལ་ཡུལ་དྲིན་ཚོར་གླིང་སྡེ་ཁུལ་དུ་སོང་བ་ཡིན། དེ་གར་འབྱོར་སྐབས། ཁོང་གིས་བྲེལ་འཚུབ་ཆེན་པོས་ཁང་པ་མཛེས་བཟོ་པར“རྒྱུན་དུ་ཕྲུ་གུས་གྱང་ལྡེབས་ལ་རི་མོ་འབྲི་ཡི་འདུག་པས། དེ་གསུབ་པར་ཐབས་ཤེས་གང་ཡོད”ཅེས་སྐད་ཆ་འདྲི་བཞིན་འདུག ང་ཚོ་ཡོང་བ་མཐོང་མ་ཐག ལག་ནང་གི་ལས་ཀ་བཞག་ནས་འཕྲལ་དུ་ང་ཚོར་སྣེ་ལེན་བྱས་བྱུང་། ཅི་འཕྲོས་མོལ་འཕྲོས་བརྒྱུད་ཁོང་གིས་ང་ཚོར་ལས་གཏོད་སྐོར་གླེང་འགོ་བརྩམས། “ཐོག་མར་ངའི་ལས་ཀར་ནང་མིས་རྒྱབ་སྐྱོར་དེ་ཙམ་བྱེད་ཀྱི་མི་འདུག་ལ། ལྷག་པར་དུ་སྤྱི་ཚོགས་སུ་སྒྲིག་གཞི་གསར་པ་ཞིག་ཡིན་པའི་ངོས་ནས་ང་ཚོའི་འབྱུང་འགྱུར་ལ་འགྲན་སློང་སྣ་ཚོགས་འཕྲད་བྱུང་བས། རྟག་ཏུ་ང་ཚོའི་གདམ་གས་སྤྱི་ཚོགས་ལ་ཕན་པ་སྦྱིན་ཐུབ་མིན་དང་། གཞོན་ནུ་ལོ་ཆུང་ལ་ཞབས་འདེགས་ཞུ་ཐུབ་མིན། རང་ཉིད་ལའང་སྒྲིག་གཞི་དེ་འཕེལ་རྒྱས་ཆེན་པོ་གཏོང་ཐུབ་པའི་འཇོན་ཐང་ལྡན་མིན་བཅས་ལ་བསམ་བློ་མང་པོ་འཁོར་མྱོང་ཡོད། ངའི་ངོས་ནས་བརྗོད་ན་སེམས་ཁྲལ་དང་གནོན་ཤུགས་ཆེན་པོ་འདུག”ཅེས་ཁོང་གིས་སྔར་སོང་གི་བྱ་བ་རེ་རེ་དྲན་གསོ་བྱེད་བཞིན་དུ་ང་ཚོར་བརྗོད་བྱུང་།
 
ཕྱི་རོལ་ཏུ་ལས་རོགས་དང་དེ་བཞིན་སློབ་མ་དང་མཉམ་དུ་སློབ་གཞིར་ལྟ་བ།
          རིག་པ་ནངས་པར་འཆི་ཡང་སློབ། ཚེ་འདིར་མཁས་པར་མ་གྱུར་ཡང་། སྐྱེ་བ་ཕྱི་མར་བཅོལ་བ་ཡི། ནོར་ལ་རང་ཉིད་ལེན་དང་མཚུངས་ཞེས་པ་ལྟར། ཁོང་གིས་སློབ་གསོ་དང་སྤྱི་ཚོགས་སྲིད་ཇུས་སྐོར་ལ་མུ་མཐུད་ཐོས་བསམ་ཞིབ་ཕྲ་བྱས་ཤིང་། སློབ་གསོའི་ལས་དོན་སྤེལ་བ་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་རང་ཉིད་ལ་བག་ཆགས་ཟབ་ཤོས་ནི་དེང་སྐབས་ཁྱིམ་བདག་མི་ཉུང་བ་ཞིག་གིས་ཕྲུ་གུའི་ཡིག་རྒྱུགས་སྐར་གྲངས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་ལས། ཕྲུ་གུའི་བསམ་བློ་ཀུན་སྤྱོད་དང་འབྱུང་འགྱུར་གྱི་དཀའ་ངལ་སྣ་ཚོགས་ལ་བློ་རྒྱ་ཡངས་པོས་བསུ་ཐུབ་མིན་ཐད་སྣང་བ་དེ་ཙམ་གཏོང་གི་མེད་པ་དེ་རེད། དཔེར་ན་ཐེངས་ཤིག་ཁོང་ཉེས་ཅན་ལྟ་སྲུང་ཁང་དུ་སློབ་གསོ་སློབ་ཁྲིད་བྱེད་པར་བསྐྱོད་དུས། ལོ་18ལའང་མ་སོན་པའི་ཕྲུ་གུ་ཁག་གཅིག་མཐོང་སྐབས། སེམས་ལ་གྲང་ཤུར་ཤུར་གྱི་སྐྱོ་སྣང་ངང་གིས་སྐྱེས་བྱུང་བས། སློབ་གསོར་མུ་མཐུད་ཤུགས་རྒྱག་པའི་སེམས་ཤུགས་ཀྱང་རིམ་གྱིས་ཆེས་ཆེར་འཕེལ། དེ་ནས་བཟུང་ཁོང་གིས་ཕྲུ་གུ་རྣམས་ལོག་ལམ་དུ་མི་འགྲོ་བའི་ཆེད་དུ་ནུས་ཤུགས་ཡོད་རྒུ་འདོན་རྒྱུའི་སེམས་ཐག་བཅད་པ་མ་ཟད། ལོ་གསུམ་ལྷག་ཙམ་འབད་བརྩོན་ལྷོད་མེད་བརྒྱུད། ཁོང་ཚོས་བོད་ཀྱི་བུད་མེད་དང་། ཞིང་འབྲོག་ཁུལ་གྱི་བུ་མོ། སྡེ་ཁུལ་གྱི་གཞོན་ནུ་ལོ་ཆུང་། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་བཅས་ཁྱོན་མི་1200ལྷག་ཙམ་ལ་སློབ་གསོའི་ཐད་ཀྱི་ཞབས་འདེགས་ཞུས་ཡོད།
 
ལོ་ཆུང་བྱིས་པར་སློབ་ཚན་ཁྲིད་པ།
          མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པའི་དཔེ་ལྟར། ལྷ་ས་མཐོང་སྣང་མཐའ་ཡས་སློབ་གསོ་བློ་འདྲི་ཚད་ཡོད་ཀུང་སིར་བོད་ཀྱི་ཞིང་འབྲོག་པའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོ་དང་། 《ལྗོངས་ཡོངས་ཀྱི་སྐབས་ལྔ་པའི“འཇོན་ཐང་བུམ་པའི”སློབ་གྲྭ་ཆེ་མོ་བའི་ལས་གཏོད་འགྲན་བསྡུར་ཆེ་མོ》སོགས་ཀྱི་ཁྲོད་བྱ་དགའ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་རྣམ་གྲངས་421གི་ནང་ནས་གཟེངས་སུ་ཐོན་ཏེ“གླིང་ཚོམས་སློབ་གསོ་ལས་གཏོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ནང་བདམས་པའི་བོད་ཀྱི་ཚོགས་པ་གཅིག་པུ་དེར་གྱུར་བ་མ་ཟད། ད་དུང་2018ལོར“ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་ཤེས་དཔལ་མཚན་སྙན”ཐོབ་ཡོད། ཀུང་སི་འཛུགས་མཁན་བདེ་ཆེན་གཡུ་སྒྲོན་ཁོང་ལའང་2016ལོར“ལྷ་ས་གྲོང་ཁྱེར་གྱི་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཐོབ་པ་དང་2017ལོར“ལྷ་སའི་སྐབས་དང་པོའི་གཞོན་ནུའི་ལས་གཏོད་བྱ་དགའ”སོགས་ཀྱང་ཐོབ་མྱོང་ཡོད།

ཕྲུ་གུར་བློ་སྒོ་འབྱེད་པའི་པར་སྟོན་པ།
          མ་འོངས་པར་བདེ་ཆེན་གཡུ་སྒྲོན་གྱིས་རང་ཉིད་དང་ཀུང་སིའི་ལས་མི་ཚང་མ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དྲང་ནུས་ཤིག་ཏུ་གྱུར་ནས་རེ་བ་དང་། འགྱུར་ལྡོག ཤུགས་རྐྱེན་ལྡན་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་ཞིག་གཉེར་ཐུབ་པའི་འདུན་པ་འཆང་གི་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།