སྡེ་དམངས་ཕན་ཚུན་བར་དུ་གཞིས་ཁང་ཉོ་འཚོང་བྱ་ན་འགྲོ་ལུགས་གང་ཞིག་བསྒྲུབ་དགོས།
སྤེལ་དུས 2019-12-11
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
སྡེ་དམངས་བར་དུ་གཞིས་ཁང་ཉོ་འཚོང་བྱ་ན་གན་རྒྱ་འཇོག་དགོས་པར་མ་ཟད། ས་ཞིང་སྐོར་གྱི་འགྲོ་ལུགས་ཀྱང་བསྒྲུབ་དགོས།
རང་རྒྱལ་གྱི《ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན6པའི་ནང་དུ་ཁྲིམས་ལ་བརྟེན་ནས་ས་ཞིང་བདག་དབང་དང་སྤྱོད་དབང་ཐོབ་པའམ་ཉོ་འཚོང་སོགས་བྱེད་ན་ངེས་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་ཞིང་དོ་དམ་སྡེ་ཁག་ལ་ཡར་ཞུ་ཕུལ་ནས་ས་ཞིང་བརྗེ་སྤོར་དཔང་ཡིག་ལེན་དགོས་པ་གཏན་ཁེལ་བྱས་ཡོད། དེ་བས་སྡེ་དམངས་ཕན་ཚུན་བར་དུ་གཞིས་ཁང་གི་ཉོ་འཚོང་འབྱུང་ན་ཞིང་སྡེའི་གཞིས་ཁང་གི་ཐུན་མོང་ས་ཞིང་སྤྱད་ཆོག་པའི་འགྲོ་ལུགས་བསྒྲུབ་དགོས། དེ་ལྟར་མ་བསྒྲུབ་པར་རྩོད་གླེང་བྱུང་ན་ཁྲིམས་ལུགས་ཀྱིས་སྲུང་སྐྱོང་མི་འཐོབ། །
རྩོམ་སྒྲིག་པ། བདེ་སྒྲོལ།