2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱ་གར་གྱི་རྒྱལ་སར་མེ་སྐྱོན་ཚབས་ཆེན་བྱུང་ནས་མི་43གྲོངས་འདུག

སྤེལ་དུས 2019-12-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
               སྤྱི་ཚེས་8ཉིན། རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་དབུས་རྒྱུད་ཀྱི་རྩེག་དྲུག་ཅན་གྱི་བཟོ་གྲྭ་ཞིག་གི་ཁང་པར་མེ་སྐྱོན་བྱུང་ནས་ཉུང་མཐར་ཡང་མི་43རྐྱེན་ལམ་དུ་ཤོར་ཡོད།  《དེ་རིང་གི་རྒྱ་གར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མེ་སྐྱོན་ཚབས་ཆེན་དེ་ཉིན་དེའི་ཞོགས་པའི་ཆུ་ཚོད་5བ་ཙམ་ལ་ཐོན་པ་དང་། སྐབས་དེ་དུས་བཟོ་བ་མང་ཆེ་བ་ཉལ་ཡོད་པ་རེད། 
               མེ་སྐྱོན་དེ་ཉིན་དེའི་སྔ་དྲོ་བསད་ཟིན་པ་དང་འཕྲལ་སྐྱོབ་བྱེད་སྒོ་ད་དུང་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། མེ་སྐྱོན་བྱུང་རྐྱེན་ད་དུང་གསལ་ཤེས་མེད་མོད།  ཉེན་རྟོག་ཕྱོགས་ཀྱིས་ཁང་པ་དེའི་བདག་པོ་འཛིན་བཟུང་བྱས་ཡོད་འདུག
               རྡི་ལི་གསར་པའི་མེ་འགོག་དབུ་བཞུགས་དཔོན་གཞོན་པ་སུའུ་ཨར་ཆའོ་ཧ་རའེ(SoilChoudhary)ཡིས་མེ་གསོད་མེ་འགོག་སྡེ་ཁག་ལ་སྙན་སེང་འབྱོར་རྗེས་མེེ་སྐྱོན་བྱུང་ཡུལ་དུ་མགྱོགས་མྱུར་ངང་འབྱོར་ནས་འཕྲལ་སྐྱོབ་བྱས་པ་དང་། མེ་གསོད་མཁན་གྱིས་ང་ཚོས་ཉུང་མཐར་ཡང་མི50སྐྱོབ་ཐུབ་སོང་ལ། དེ་དག་མང་ཆེ་བ་ནི་བཟོ་གྲྭའི་བཟོ་བ་ཡིན་པ་དང་། མེ་སྐྱོན་བྱུང་དུས་ཁོ་ཚོ་གཉིད་ཀྱི་གཏིང་ན་ཡོད་འདུག་ཅེས་བརྗོད་ཡོད།
               རྡི་ལི་ཡི་དབུ་བཞུགས་པུའུ་ཀྲང་ཨ་ཝུན་ཏེ·ཅི་ལི་ཝར་(ArvindKejriwal)གྱིས་ཐེངས་འདིའི་མེ་སྐྱོན་ཚབས་ཆེན་ཁྲོད་ཀྱི་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ཧིན་སྒོར་ཁྲི་100ཡི་རོགས་སྐྱོར་གནང་རྒྱུ་ཡིན་པ་དང་། རྨས་སྐྱོན་ཕོག་པ་མཁན་གྱི་ནང་མིར་ཧིན་སྒོར་ཁྲི་10ཡི་རོགས་སྐྱོར་བྱ་རྒྱུ་ཡིན་པ་བརྗོད་འདུག 
               རྒྱ་གར་གྱི་ཙུང་ལི་མོ་ཏིས་མེ་སྐྱོན་གྱི་སྐྱོ་གར་ལ་འཕྲལ་མ་ཉིད་དུ་ཨ་ལན་བསློགས་ཤིང་། ཁོང་གིས་དེ་ནི་འཇིགས་སུ་རུང་བའི་དོན་རྐྱེན་ཞིག་རེད་ཅེས་བརྗོད་པ་དང་། མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་མྱ་ངན་ཡང་ཞུས་ཡོད།
               རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་ཁག་གི་བཟོ་གྲྭ་དང་བཟོ་སྐྲུན་སྡེ་ཚན་ཆུང་གྲས་མང་པོ་ཞིག་གུ་དོག་པོའི་གྲོང་ཁུལ་རྙིང་པར་གནས་ཡོད་ལ། དེ་ནི་གཙོ་བོ་དེ་གའི་ཁང་བའི་མ་རྩ་ཅུང་ཆུང་བ་ཡོད་པས་ཡིན། བཟོ་བ་འགའ་ཤས་ཀྱིས་དངུལ་གྲོན་ཆུང་བྱ་ཆེད་རྒྱུན་དུ་ལས་ཀ་བྱེད་སར་ཞག་སྡོད་བྱེད་བཞིན་ཡོད།   འཆར་འགོད་བྱས་པ་མི་ལེགས་ཤིང་འཛུགས་སྐྲུན་དང་བདེ་འཇགས་ཁྲིམས་སྲོལ་ལག་བསྟར་ཡག་པོ་མ་བྱུང་བ་ཡིས་རྟག་ཏུ་དོན་རྐྱེན་ཚབས་ཆེན་དེ་རིགས་ཐོན་གྱིན་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།