2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཧྥི་ལི་ཕིན་གྱིས་ཧྥི་ལི་ཕིན་གྱི་རྒྱ་ཡིག་དགེ་འོས་སློབ་གསོའི་རབ་འབྱམས་པ་མཉམ་དུ་གསོ་སྐྱོང་བྱ་རྒྱུ་ཡིན་པ།

སྤེལ་དུས 2019-12-11 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཉེ་ཆར། ཧྥི་ལི་ཕིན་སློབ་གསོ་པུའུ་དང་ཀྲུང་གོ་ཁུང་ཙི་སློབ་གླིང་སྤྱི་ཁྱབ་པུའུ་ཡིས་མ་ནི་ལར་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོའི་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་རྒྱུའི་མོས་མཐུན་བྱས་པ་དང་། ཧྥི་ལི་ཕིན་གཞུང་བཙུགས་སློབ་འབྲིང་གི་ཡུལ་དེ་གའི་རྒྱ་ཡིག་དགེ་རྒན་བདམས་ནས་ཧྥི་ལི་ཕིན་དུ་རྒྱ་ཡིག་དགེ་འོས་སློབ་གསོའི་རབ་འབྱམས་པའི་སློབ་ཚན་སློབ་སྦྱོང་བྱེད་དུ་བཅུག་སྟེ། རྒྱལ་ཁབ་དེ་གའི་རྒྱ་ཡིག་སློབ་ཁྲིད་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུ་སྐུལ་འདེད་གཏོང་རྒྱུ་རེད།
          གྲོས་མཐུན་གཞིར་བཟུང་། འབྱུང་འགྱུར་ལོ་5ཡི་ནང་ཧྥི་ལི་ཕིན་གཞུང་བཙུགས་སློབ་འབྲིང་གིས་ཡུལ་དེ་གའི་རྒྱ་ཡིག་དགེ་རྒན་300བདམས་ནས་ཀྲུང་གོ་ཁུང་ཙི་སློབ་གླིང་སྤྱི་ཁྱབ་པུའུ་དང་ཧྥི་ལི་ཕིན་ཧུང་ཤིས་ལི་ཧྲི་སློབ་ཆེན་གྱིས་མཉམ་དུ་སློབ་གྲྭ་དེར་བཙུགས་པའི་རྒྱ་ཡིག་དགེ་འོས་སློབ་གསོའི་རབ་འབྱམས་པའི་ཆེད་ལས་ལོ་གཉིས་སློབ་སྦྱོང་བྱ་རྒྱུ་དང་། དེའི་རིང་ཧྥུའུ་ཅན་དགེ་འོས་སློབ་ཆེན་དུ་ལོ་ཕྱེད་རིང་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་དང་། རབ་འབྱམས་པའི་ཡོན་ཚད་རག་རྗེས་དེ་སྔའི་སློབ་འབྲིང་དུ་མུ་མཐུད་སློབ་ཁྲིད་བྱེད་པར་ལོག་རྒྱུ་རེད།
          དེ་ཉིན་ཧྥི་ལི་ཕིན་སློབ་གསོ་པུའི་པུའུ་ཀྲང་ལའེ་ཨང་ནོར·པུའུ་ལི་ཨའོ་ནི་སིས། ཉེ་བའི་ལོ་ཤས་རིང་ཧྥི་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཧྥི་ལི་ཕིན་གྱི་གཞོན་ནུ་དེ་བས་མང་བ་ཞིག་གིས་རྒྱ་ཡིག་སློབ་སྦྱོང་བྱེད་པའི་གལ་ཆེན་རང་བཞིན་ཤེས་རྟོགས་ཐུབ་ཡོད། ལག་ལེན་བསྟར་ཉེར་ཡོད་པའི་མཉམ་ལས་རྣམ་གྲངས་ཀྱིས་ཧྥི་ལི་ཕིན་གྱི་ཡུལ་དེ་གའི་རྒྱ་ཡིག་དགེ་རྒན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་པ་དེ་ཧྥི་ལི་ཕིན་གྱི་རྒྱ་ཡིག་སློབ་ཁྲིད་ཀྱི་ངོས་ནས་བརྗོད་ན་གལ་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད་པ་རེད།
          ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཐན་ཧྲན་ཐིང་གིས། གསོ་སྦྱོང་རྣམ་གྲངས་འདིས་ཧྥི་ལི་ཕིན་གཞུང་བཙུགས་སློབ་འབྲིང་གི་རྒྱ་ཡིག་སློབ་ཁྲིད་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཐུབ་ནས་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱེད་པའི་ཧྥི་ལི་ཕིན་གྱི་གཞོན་ནུ་དེ་བས་མང་བའི་བློ་སྒོ་འབྱེད་རྒྱུ་རེད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།