2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ཁེ་ལས་ཀྱིས་པ་རེན་དུ་འགན་ལེན་སྡོད་ཁང་གི་རྣམ་གྲངས་ཆེ་གྲས་བསྐྲུན་རྒྱུ་ཡིན་པ།

སྤེལ་དུས 2019-12-11 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          པ་རེན་སྡོད་ཁང་པུའུ་དང་ཀྲུང་གོ་འཕྲུལ་ཆས་སྒྲིག་ཆས་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིས་ཚེས་8ཉིན་པ་རེན་གྱི་རྒྱལ་ས་མེ་ན་མེ་རུ་གྲོས་མཐུན་བཞག་སྟེ། པ་རེན་གྱི་འགན་ལེན་སྡོད་ཁང་གི་རྣམ་གྲངས་ཆེ་གྲས་ཏེ། ཤར་ཤི་ཐེ་ལཱའི་འགན་ལེན་སྡོད་ཁང་རྣམ་གྲངས་བསྐྲུན་རྒྱུ་རེད།
          པ་རེན་སྡོད་ཁང་གི་དབུ་བཞུགས་བློན་ཆེན་པཱ་ཤིས་མུའུ·ཧཱ་མཱར་དང་ཀྲུང་གོ་འཕྲུལ་ཆས་སྒྲིག་ཆས་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཙུང་ཚའེ་གཞོན་པ་ཧྥང་ཡན་ཧྲུའེ་ཡིས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། གྲོས་མཐུན་གཞིར་བཟུང་། ཤར་ཤི་ཐེ་ལཱ་ཡི་འགན་ལེན་སྡོད་ཁང་རྣམ་གྲངས་ལ་པ་རེན་གྱི་ཏི་ནེར་སྒོར་དུང་ཕྱུར་2.6(མི་དམངས་ཤོག་སྒོར་དུང་ཕྱུར་48.6དང་མཚུངས)བཏང་བ་དང་ལས་གྲྭ་དུས་ཐེངས་གསུམ་ལ་ཕྱེ་སྟེ། སྡོད་ཁང་ཆ་ཚང་3000དང་ལེ་ལག་ཚང་བའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུ་རེད།
          པཱ་ཤིས་མུའུ་ཡིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག ད་ཕན་ལོ་ཤས་རིང་པ་རེན་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་སྡོད་ཁང་རྣམ་གྲངས་ཀྱིས་ཁྱིམ་ཚང་མང་པོར་སྡོད་ཁང་མཁོ་འདོན་བྱས་ཡོད། ཤར་ཤི་ཐེ་ལཱའི་འགན་ལེན་སྡོད་ཁང་རྣམ་གྲངས་ནི་པ་རེན་སྲིད་གཞུང་གིས་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བའི་གཙོ་གནད་ལས་གྲྭའི་གྲས་ཤིག་རེད་ཅེས་བརྗོད་ཅིང་། ཁོང་གིས། པ་རེན་ཕྱོགས་ཀྱིས་ཀྲུང་གོའི་ཀུང་སི་དང་མཉམ་ལས་བྱེད་འདོད་ཡོད། མཉམ་ལས་དེས། ཀྲུང་གོའི་ཀུང་སིའི་ལས་གྲྭ་དོ་དམ་དང་སྡོད་ཁང་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་རྒྱུ་རེད་ཅེས་བརྗོད།
          ཧྥང་ཡན་ཧྲུའེ་ཡིས། པ་རེན་ཕྱོགས་དང་མཉམ་ལས་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་བཞག་པར་ཧ་ཅང་དགའ་པོ་བྱུང་། འཆར་གཞི་དང་པ་རེན་སྡོད་ཁང་པུས་བཏོན་པའི་ལག་རྩལ་ཁག་གི་བླང་བྱ་གཞིར་བཟུང་རྣམ་གྲངས་ཚད་གཞི་མཐོ་པོས་ལག་བསྟར་དང་རྩིས་སྤྲོད་རྒྱུར་གཞོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།          
          པ་རེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཨན་ཝར་གྱིས་གྲོས་མཐུན་ལ་མིང་རྟགས་བཀོད་པར་རྟེན་འབྲེལ་ཞུས་པ་དང་འབྲེལ། པ་རེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་ཀྱང་གནང་བ་མ་ཟད། ཀྲུང་གོ་དང་པ་རེན་གྱི་འབྲེལ་བ་བཟང་པོས་ད་ཐེངས་ཀྱི་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།