2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་རུལ་རྒོལ་ཉམས་མྱོང་ལ་རྒྱལ་ཁབ་ཁག་གིས་སློབ་སྦྱོང་དང་མྱོང་ལེན་བྱེད་རིན་ཡོད་པ།

སྤེལ་དུས 2019-12-11 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          —— རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོའི་རུལ་རྒོལ་འཐབ་རྩོད་ལ་གདེང་འཇོག་ཡག་པོ་བྱས་པ།
          ཟླ་12ཚེས་9ཉིན་ནི“རྒྱལ་སྤྱིའི་རུལ་རྒོལ་ཉིན་མོ”ཡིན་པ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་བའི་ལོའི་རིང་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་གི་རུལ་རྒོལ་འཐབ་རྩོད་ཕྱོགས་ཡོངས་དང་གཏིང་ཟབ་པ་དེར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས་རུལ་རྒོལ་ཉམས་མྱོང་ལ་རྒྱལ་ཁབ་མང་པོས་སློབ་སྦྱོང་དང་མྱོང་ལེན་བྱེད་རིན་ཡོད་ཅེས་བརྗོད་པ་རེད།
          ཁུ་པ་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧོ་སའེ·ལུའོ་ཝ་དབྱི་ནས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཀྲུང་གོས་སྔར་བྱུང་མྱོང་མེད་པའི་བྱེད་ཤུགས་ཐོག་ནས་རུལ་རྒོལ་འཐབ་རྩོད་སྤེལ་ཏེ་རུལ་རྒོལ་བྱེད་མི་ཕོད་པ་དང་། རུལ་རྒོལ་བྱེད་མི་རུང་བ། རུལ་རྒོལ་བྱེད་མི་འདོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་ཞིག་བཙུགས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། རྒྱལ་ནང་གི་མི་དམངས་ཚོའི་ཡིད་ཆེས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད། ཀྲུང་གོའི་རུལ་རྒོལ་ཉམས་མྱོང་ལ་ལ་ཏིང་མེ་གླེང་རྒྱལ་ཁབ་ཁག་གིས་སློབ་སྦྱོང་དང་མྱོང་ལེན་བྱེད་རིན་ཡོད་ཅེས་བརྗོད་པ་རེད།
          ཨུ་རུ་སུའི་ཆབ་སྲིད་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཨ་ལེ་ཁེ་ཤིས·མུའུ་ཤིན་གྱིས། ཀྲུང་གོ་སྲིད་གཞུང་གིས་རུལ་སུངས་ལ་རྡུང་རྡེག་ཧུར་ཐག་གཏོང་བ་དང་རུལ་རྒོལ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞོལ་གྱི་ཡོད། ཀྲུང་གོས་རུལ་རྒོལ་བྱེད་ཐབས་ནུས་ལྡན་སྤེལ་བ་ལས་རྒྱལ་ཁབ་ཀྱི་རུལ་རྒོལ་ཆོད་སེམས་མཚོན་ལ། རུལ་རྒོལ་གྲུབ་འབྲས་མིག་ལྡན་ཀུན་གྱི་མཐོང་ཆོས་སུའང་གྱུར་ཡོད་ཅེས་བརྗོད་པ་རེད།
          ཨ་རིའི་ཏེ་ཁེ་ས་སི་སློབ་ཆེན་ཧྲེང་ཨན་ཏུང་ཉི་ཨའོ་ཡན་ལག་སློབ་གྲྭའི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ཆའོ་ཨེན·ཐའེ་ལེ་ཡིས། ཀྲུང་གོའི་རུལ་རྒོལ་འཐབ་རྩོད་ལ་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་དེའི་གྲུབ་འབྲས་ཀྱིས་མི་དམངས་ཀྱི་འཚོ་བ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་བརྗོད་པ་རེད།
          ཆི་ལིའི་ཕྱི་འབྲེལ་སློབ་གླིང་གི་དེ་སྔའི་ཡོན་ཀྲང་པ་པོའོ་ལུའོ·ཁ་ཕུའུ་ལུའེ་ལ་ཡིས། ཀྲུང་གོ་གུང་ཁྲན་ཏང་གིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་རུལ་སུངས་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་རུལ་སུངས་དཔོན་རིགས་ལ་ཆད་པ་ནན་པོ་བཅད་ནས། མི་སུ་ཞིག་གིས་ཀྱང་བཅའ་ཁྲིམས་ལས་ལྷག་པའི་གནས་བབ་ཐོག་ལངས་ཐུབ་མཁན་མེད་པ་གསལ་བསྒྲགས་བྱས་པར་མི་དམངས་ཀྱི་གོང་བཀུར་ཐོབ་པའི་ངོས་འཛིན་བྱས་པ་རེད།
          ཧན་གོའི་ཨེ་ཤེ་ཡ་བྱང་ཤར་ལོ་རྒྱུས་འབྱོར་ཆེན་ཚོགས་ཁག་གི་ཞིབ་འཇུག་པ་ཁྲེ་ཙའེ་ཧྥུའུ་ཡིས། རུལ་སུངས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དམིགས་ཚད་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན། ཀྲུང་གོའི་རུལ་རྒོལ་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱ་ཆེའི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་ལ། ཆབ་སྲིད་ཀྱི་རྣམ་པ་གསར་རྐྱང་དུའང་གྱུར་ཡོད། ཀྲུང་གོས་རྒྱུན་སྲིང་ལྷོད་མེད་ངང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་རུལ་རྒོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དུས་རབས་གསར་པའི་ཀྲུང་གོ་སྤྱོད་གཙང་གི་སྤྱི་ཚོགས་སུ་གོམ་པ་སྤོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།
          ཧ་སག་སི་ཐེན་གྱི་རྒྱལ་ཁབ་སྤྱི་ཚོགས་ཡིད་རྟོན་ཚོགས་འདུའི་ཁོངས་མི“ཕྱི་གསལ་ནང་གསལ་གྱི་ཧ་སག་སི་ཐེན”ཐེབས་རྩའི་ཏུང་ཧྲེ་ཚོགས་པའི་ཀྲུའུ་ཞི་མ་ལེ་ཐེ·ཤིས་པུའུ་ཐུའོ་ཧྥུའུ་ཡིས། ཀྲུང་གོའི་རུལ་རྒོལ་འཐབ་རྩོད་ཕྱོགས་ཡོངས་དང་གཏིང་ཟབ་ངང་སྤེལ་བ་དང་དེར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་རུལ་སུངས་ལ་ཆད་པ་གཅོད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། ཀྲུང་གོའི་རུལ་རྒོལ་གྱི་སྒྲིག་སྲོལ་ལམ་སྲོལ་དང་འཕྲལ་ཐག་ཆོད་པའི་སེམས་ཤུགས་ཀྱིས་ཧ་སག་སི་ཐན་ལ་མིག་དཔེ་བསྟན་ཡོད་ལ་ཉམས་མྱོང་མཁོ་འདོན་ཡང་བྱས་ཡོད་ཅེས་བརྗོད་པ་རེད།
          ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་རྒྱལ་སྤྱིའི་དཔལ་འབྱོར་མཁས་དབང་ཀའེ་ལི་ཞུང·དབྱི་ཅི་ཡ་ལས། ཀྲུང་གོའི་རུལ་རྒོལ་བྱེད་ཐབས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་གིས་རུལ་སུངས་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་མཚོན་ལ། རུལ་སུངས་ཀྱི་བྱེད་སྤྱོད་སྤེལ་མཁན་གྱི་སྤྱི་ཚོགས་གནས་བབ་གང་ཞིག་ཡིན་རུང་དེར་ཆད་པ་ནན་པོ་ཕོག་རྒྱུ་ཡང་རེད། ཀྲུང་གོའི་རུལ་རྒོལ་ཉམས་མྱོང་ལ་རྒྱལ་ཁབ་ཁག་གིས་སློབ་སྦྱོང་དང་མྱོང་ལེན་བྱེད་རིན་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།