2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

བྱང་ཁོ་རེ་ཡས་ཚོད་ལྟ་གལ་ཆེན་ལེགས་གྲུབ་བྱས་པ་དང་། ལོ་མཇུག་ཏུ་སླེབས་རུང་བྱང་ཁོ་རེ་ཡ་དང་ཨ་རིའི་འབྲེལ་བ་གསལ་པོ་མེད།

སྤེལ་དུས 2019-12-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཉེ་ཆར། བྱང་ཁོ་རེ་ཡས་ཤིས་ཧའེ་སྲུང་སྐར་འཕེན་གཏོང་ར་བར་གྲུབ་འབྲས་ཐོབ་པའི་ཚོད་ལྟ་གལ་ཆེན་ཞིག་བྱས་ཡོད་ཅེས་བརྗོད་ཡོད། དེ་རྗེས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས། གལ་ཏེ་བྱང་ཁོ་རེ་ཡས་མུ་མཐུད་དགྲར་འཛིན་པའི་བྱ་ཐབས་ལ་བརྟེན་ནས་བྱ་བ་བསྒྲུབ་ཚེ། ཡོད་ཚད་ཤོར་བའི་ཉེན་ཁ་འཕྲད་རྒྱུ་རེད་ཅེས་ཐ་ཚིག་བསྒྲགས་ཡོད།
             དེའི་གོང་། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་སྤྱི་ཟླ་༡༢པའི་ཟླ་མཇུག་དེ་ཉིད་ཨ་རི་ཕྱོགས་ཀྱིས་བྱང་ཁོ་རེ་ཡ་དང་ཨ་རིའི་དབར་སྐད་ཆ་ཤོད་རེས་ཀྱི་ཇུས་གཞི་གསར་པ་འདོན་པའི་མཐའ་མའི་དུས་ཚད་ལ་གཏན་འཁེལ་བྱས་ཡོད། ལོ་མཇུག་གི་དུས་བཅད་སླེབས་སྐབས། བྱང་ཁོ་རེ་ཡ་དང་ཨ་རིའི་དབར་ཡང་བསྐྱར་ཁ་རྩོད་རྒྱག་པའི་དགྲར་འཛིན་པའི་རྣམ་པའི་གནས་སུ་ལོག་ཡོད།
             སྤྱི་ཚེས་༨ཉིན། བྱང་ཁོ་རེ་ཡའི་རྒྱལ་སྲུང་ཚན་རིག་ཁང་གི་མགྲིན་ཚབ་པས། སྤྱི་ཚེས་༧ཉིན་གྱི་ཕྱི་དྲོ་ཤིས་ཧའེ་སྲུང་སྐར་འཕེན་གཏོང་ར་བར་ཧ་ཅང་གལ་འགངས་ཆེ་བའི་ཚོད་ལྟ་ལེགས་གྲུབ་བྱས་ཡོད་ཅེས་བསྟན་མོད། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ཚོད་ལྟའི་ཞིབ་ཕྲའི་ནང་དོན་ཁྱབ་བསྒྲགས་བྱས་མེད་པར། ད་ཐེངས་ཀྱི་ཚོད་ལྟའི་འབྲས་བུས་ཡུན་རིང་མ་སོང་བར་བྱང་ཁོ་རེ་ཡའི་འཐབ་ཇུས་གནས་བབ་ལ་སླར་ཡང་འགྱུར་ལྡོག་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་བཤད་ཡོད།
             ཕྱི་ཕྱོགས་ཀྱིས། སྤྱི་ཚེས་༧ཉིན་བྱང་ཁོ་རེ་ཡས་ཚོད་ལྟ་བྱས་པ་ནི་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་ཞིག་གམ་ཡང་ན་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་ཞིག་ཡིན་བཟོ་ཡོད་པ་དང་། རྒྱང་རིང་གི་མེ་ཤུགས་འཕུར་མདའ་དང་གླིང་འཕེན་མདེལ་ལམ་འཕུར་མདེར་སྤྱད་ཆོག་པའི་ཚོད་དཔག་བྱས་ཡོད།
             སྤྱི་ཚེས་༨ཉིན། ཨ་རིའི་ཙུང་ཐུང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐུའེ་ཐེ་ཐོག་ཡི་གེ་བྲིས་ནས། གལ་ཏེ་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་གྱིས་དགྲར་འཛིན་གྱི་བྱ་ཐབས་ཐོག་ནས་བྱ་སྤྱོད་སྤེལ་ཚེ། ཁོང་ལ་ཡོད་པའི་གོ་སྐབས་མང་པོ་ཞིག་གམ་ཐ་ན་ཚང་མ་ཤོར་སྲིད་ཅེས་བཤད་ཡོད།
             ཟླ་འདིའི་ཟླ་འགོར། ཐེ་རོན་ཕུས་བྱང་ཆིངས་སྒྲིག་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་སྐབས། བྱང་ཁོ་རེ་ཡར་དྲག་ཤུགས་སྤྱོད་སྲིད་པའི་སྐོར་གླེང་ཡོད།
             བྱང་ཁོ་རེ་ཡ་མི་དམངས་དམག་གི་སྤྱི་ཁྱབ་དྲག་ཇུས་དཔོན་ཕེའོ་ཀྲེང་ཐེན་གྱིས། དྲག་ཤུགས་སྤྱོད་པ་ནི་ཨ་རིའི་དམིགས་བསལ་དབང་ཆ་མིན་པ་དང་། གལ་ཏེ་ཨ་རིས་བྱང་ཁོ་རེ་ཡར་དྲག་ཤུགས་སྤྱད་ན། བྱང་ཁོ་རེ་ཡས་ཀྱང་བབ་མཚུངས་ཀྱི་ཆུ་ཚད་ཐོག་མགྱོགས་མྱུར་བྱ་སྤྱོད་སྤེལ་རྒྱུ་རེད་ཅེས་ལན་བྱ་བྱས་ཡོད།
             ཟླ་བ་གཉིས་ཙམ་རིང་། བྱང་ཁོ་རེ་ཡ་དང་ཨ་རིའི་དབར་གྱི་སྤེལ་རེས་སྐབས་ལངས་སྐབས་འཇགས་ཀྱི་རྣམ་པར་གནས་ཡོད། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་སྤྱི་ཟླ་༡༠པར་ད་དུང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་དབར་གྱི་སྒེར་གྱི་འབྲེལ་བ་གླེང་ཡོད་པ་དང་། ཨ་རི་ཕྱོགས་ཀྱིས་སྤྱི་ཟླ་༡༡པར་ལྷག་བསམ་མཚོན་ཚུལ་ཁག་གཅིག་ཀྱང་བསྟན་ཡོད། འོན་ཀྱང་། མཐའ་མའི་དུས་ཚོད་དེ་ཉིན་བཞིན་སླེབས་ལ་ཉེ་དུས། རྒྱལ་ཁབ་གཉིས་པོའི་རྣམ་འགྱུར་རིམ་བཞིན་ཤུགས་དྲག་ཆེ་རུ་འགྲོ་བཞིན་ཡོད། སྤྱི་ཟླ་༡༢པར་སླེབས་སྐབས་དྲག་ཤུགས་སྤྱོད་པའི་སྐོར་གླེང་ནས། ཕྱོགས་གཉིས་པོའི་འབྲེལ་བ་ཛ་དྲག་ཏུ་ཕྱིན་ཡོད།
             ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཅུན་ཧྲེང་གིས། བྱང་ཁོ་རེ་ཡས་ཨ་རིར་ཤུགས་དྲག་ཆེ་བའི་རྣམ་འགྱུར་ཡང་ཡང་བསྟན་པ་དེའི་དམིགས་ཡུལ་ནི། ཨ་རིས་བྱང་ཁོ་རེ་ཡ་དགྲར་འཛིན་པའི་རྣམ་འགྱུར་ལ་འགྱུར་ལྡོག་བཏང་ནས་བྱང་ཁོ་རེ་ཡར་འཛིན་པའི་དཔལ་འབྱོར་བཀག་སྡོམ་མེད་པ་བཟོ་རྒྱུའི་སྐུལ་མ་གཏོང་ཆེད་རེད་ཅེས་བསྟན་ཡོད།
             ཡང་ཨ་རིའི་བསམ་བློར། བྱང་ཁོ་རེ་ཡས་ཕྱེད་གླིང་དུ་རྡུལ་ཉིང་མཚོན་ཆ་མེད་པ་བཟོ་བའི་ཐད་ངོ་བོའི་རང་བཞིན་གྱི་ལེགས་སྐྱེས་ཕུལ་མེད་པས། བྱང་ཁོ་རེ་ཡར་འཛིན་པའི་གནོན་ཤུགས་ཤུགས་ཆེན་སྤྲོད་པའི་འདོད་བློར་འགྱུར་ལྡོག་སྤུ་ཙམ་ཡང་བཏང་མེད་པར། ཉེ་དུས་དམག་དོན་ནང་སྦྱོང་གནས་སྐབས་མཚམས་འཇོག་སོགས་ཀྱི་ཐད་བསམ་ཤེས་བྱས་པ་ཙམ་རང་ཡིན་པ་རེད།
             ༼ཉིའུ་ཡོག་སྐབས་དོན་ཚགས་པར་༽གྱིས་དབྱེ་ཞིབ་མི་སྣའི་སྐད་ཆ་ལུང་དུ་དྲངས་ནས། བྱང་ཁོ་རེ་ཡས་ད་ཐེངས་ཚོད་ལྟ་ཧ་ཅང་གལ་ཆེ་བ་ཞིག་བྱས་པ་དེ་ནི། ཨ་རིར་ཉེན་བརྡ་གཏོང་བ་ཞིག་ཡིན་པ་དང་། དེའི་ཐོག་ནས་རྒྱང་རིང་འབྲིང་འཕུར་མདེལ་འཕེན་གཏོང་ཚོད་ལྟ་བྱེད་པའི་འགྲོ་ལམ་ཐོག་སླར་ཡང་བསྐྱོད་དགོས་མིན་ལ་བསམ་གཞིག་བྱེད་པ་བརྒྱུད། ཨ་རིར་བསམ་ཤེས་དེ་བས་ཆེ་བ་མི་བྱེད་ཀ་མེད་བཟོ་བ་མཚོན་ཡོད་ཅེས་བསྟན་ཡོད།
             ཝང་ཅུན་ཧྲེང་གིས། བྱང་ཁོ་རེ་ཡ་དང་ཨ་རིའི་དབར་ཕན་ཚུན་སྐད་ཅོར་གང་འདྲ་རྒྱག་པའམ་ཡང་ན་ཕན་ཚུན་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་། བྱང་ཁོ་རེ་ཡ་དང་ཨ་རིའི་དབར་སྐད་ཆ་ཤོད་རེས་བྱེད་པའི་སྒུལ་ཤུགས་སྔར་བཞིན་གནས་ཡོད། བྱང་ཁོ་རེ་ཡའི་ངོས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཕྱི་ཕྱོགས་ཀྱི་བཀག་སྡོམ་མེད་པ་བཟོ་དགོས་ན་ངེས་པར་དུ་ཨ་རི་དང་སྐད་ཆ་ཤོད་རེས་བྱེད་དགོས་ཀྱི་ཡོད། ཨ་རིས་ཞི་བདེར་སྐུལ་འདེད་བཏང་ནས་ཕྱེད་གླིང་དུ་རྡུལ་ཉིང་མཚོན་ཆ་མེད་པ་བཟོ་ཐུབ་ན། ཐེ་རོན་ཕུའི་སྲིད་གཞུང་ལ་ཕན་པ་ཆེན་པོ་ཐོབ་རྒྱུ་མ་ཟད། ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད་ཅེས་བསྟན་ཡོད།
             གཞན་ཡང་དབྱེ་ཞིབ་བྱས་ནས། ཕྱེད་གླིང་གི་དུས་བབ་ཛ་དྲག་ཏུ་འགྲོ་ཉེན་ཡོད་པའི་ངོས་འཛིན་བྱས་པ་སྟེ། གཅིག་ནི་བྱང་ཁོ་རེ་ཡའི་མཐའ་མའི་དུས་བཀག་གོང་ངང་རྒྱུད་རིམ་བཞིན་མེད་པ་ཆགས་པ་དང་། གཉིས་ནི་བྱང་ཁོ་རེ་ཡ་དང་ཨ་རིའི་ཕྱོགས་འགལ་སྔར་བས་ཆེ་རུ་ཕྱིན་པ། གསུམ་ནི་མིག་སྔར་ཨ་རི་དེ་ཉིད་སྲུང་ཐབས་གནས་སུ་བསྡད་ཡོད་མོད། དོན་དངོས་ཐོག་རང་དབང་རང་འཛིན་བྱེད་པ་ལས། བྱང་ཁོ་རེ་ཡ་ཕྱོགས་ལ་ལས་སླ་པོར་འོས་མེད་འགྲིག་ཐབས་བྱེད་མི་སྲིད་ལ་བྱེད་འདོད་ཀྱང་མེད་པ་ཞིག་རེད།
             ཕྱེད་གླིང་གི་གནད་དོན་ལོ་མང་ནར་འགྱངས་བྱས་པ་དང་། ཀྱག་ཀྱོག་དང་ཡང་སྐོར་བསྐྱར་སྐོར་གྱི་བརྒྱུད་རིམ་ཐོག་ནས་སྐད་ཆ་ཤོད་རེས་དེ་འགལ་ཟླ་ལས་ལེགས་པ་དང་། འགྲན་རྒོལ་ལ་འགྲོ་ལམ་མེད་པ་ཡང་མཚོན་ཡོད། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པར་བརྟེན་ནས་ངོས་འཛིན་གཅིག་མཐུན་ཡོང་ཐབས་དང་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཡང་དག་པའི་ཐབས་ལམ་ཉག་ཅིག་དེ་ཡིན།
             སྤྱི་ལོ་༢༠༡༨ལོའི་ཟླ་བ་༦པར་སིང་ཀ་ཕོར་ཐུག་འཕྲད་ཐེངས་དང་པོ་བྱས་རྗེས། ཅིན་ཀྲེང་ཨེན་དང་ཐེ་རོན་ཕུས་སྤྱི་ལོ་༢༠༡༩ལོའི་ཟླ་བ་༢པར་ཝེ་ཐེ་ནམ་གྱི་ཧོ་ནེ་རུ་ཐུག་འཕྲད་ཐེངས་གཉིས་བྱས་པ་དང་། སྤྱི་ཟླ་༦པའི་ཚེས་༣༠ཉིན་བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡའི་དམག་དོན་མིན་པའི་ཁུལ་པན་མོན་ཏན་དུ་ཐུག་འཕྲད་ཐེངས་གསུམ་པ་བྱས་ཡོད།
             འདི་ལོའི་སྤྱི་ཟླ་༤པར། ཅིན་ཀྲེང་ཨེན་གྱིས་གཏམ་བཤད་སྤེལ་སྐབས། ཨ་རི་ཕྱོགས་ཀྱིས་ལོ་མཇུག་གོང་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པའི་ཇུས་གཞི་འདོན་དགོས་པའི་བླང་བྱ་བཏོན་ཡོད།
             ཅིན་ཀྲེང་ཨེན་གྱིས་དུས་བཀག་དེ་གཏན་འཁེལ་བྱས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཁོ་རེ་ཡར་བཀག་སྡོམ་བྱེད་པའི་དུས་ཚོད་རེའུ་མིག་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་༢༣༧༥གཞིར་བཟུང་། བྱང་ཁོ་རེ་ཡའི་ཕྱི་རྒྱལ་གྱི་ལས་མི་ངེས་པར་དུ་འདི་ལོའི་སྤྱི་ཟླ་༡༢པའི་ཚེས་༢༢ཉིན་བྱང་ཁོ་རེ་ཡའི་མངའ་ཁོངས་སུ་ཕྱིར་ལོག་བྱེད་དགོས་པ་དང་། དེས་བྱང་ཁོ་རེ་ཡའི་ཕྱི་དངུལ་ཡོང་འབབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།