2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་བརྐོས་རིས་སྤེལ་རེས་འགྲེམས་སྟོན་པེར་ལིན་དུ་འགོ་ཚུགས་པ།

སྤེལ་དུས 2019-12-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་དགོང་མོ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་བརྐོས་རིས་སྤེལ་རེས་འགྲེམས་སྟོན་འཇར་མན་གྱི་གྲོང་ཁྱེར་པེར་ལིན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་དང་ལྟད་མོ་བ་བརྒྱ་ཙམ་གྱིས་ཀྲུང་གོའི་བརྐོས་རིས་སྒྱུ་རྩལ་ལ་ལྟ་སྐོར་བྱས་པ་དང་འབྲེལ་ཕན་ཚུན་སྤེལ་རེས་ཀྱང་བྱས་པ་རེད།
          པེར་ལིན་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཀྲེ་ཧུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ད་ཐེངས་ཀྱི་འགྲེམས་སྟོན་དེ་བརྒྱུད་ཀྲུང་གོ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་བརྐོས་རིས་སྒྱུ་རྩལ་གྲུབ་འབྲས་སྟོན་རྒྱུའི་རེ་བ་ཡོད་ལ། བརྐོས་རིས་སྒྱུ་རྩལ་དང་འཇར་མན་གྱི་རིག་གནས་སྒྱུ་རྩལ་ལས་རིགས་དབར་སྤེལ་རེས་དེ་བས་མང་པོ་བྱེད་པར་བརྟེན་ནས། རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་ཀྱི་ཤེས་རྟོགས་དང་མཛའ་བཤེས་དེ་བས་ཟབ་ཏུ་གཏོང་རྒྱུའི་རེ་བའང་ཡོད་ཅེས་བརྗོད་པ་རེད།
          འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་བརྐོས་རིས་སྒྱུ་རྩལ་མཁས་ཅན་སུའུ་ཀྲོའུ་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཀྲེ་ཅུན་གྱིས《དུས་རབས་ཀྱི་རྗེས་ཤུལ། ཀྲུང་གོའི་སྲོལ་རྒྱུན་བརྐོས་རིས》ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་སྐུ་མགྲོན་ཚོར་ཀྲུང་གོའི་ཆུ་དཔར་བརྐོས་རིས་ཀྱི་ལོ་རྒྱུས་མདོར་བསྡུས་དང་། འཕེལ་རྒྱས་ཀྱི་གནས་ཚུལ། བརྐོས་རིས་ཀྱི་སྲོལ་རྒྱུན་ལག་ཆ། རྒྱུ་ཆ་བཀོལ་སྤྱོད། གསར་རྩོམ་བྱེད་ཐབས་སོགས་ངོ་སྤྲོད་བྱས་པ་རེད།
          ལྟད་མོ་བ་སྨི་ཤཱ་ཨེར·ནུའོ་ཏེ་མེར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ང་རང་ཀྲུང་གོའི་བརྐོས་རིས་ལག་རྩལ་གྱི་ལོ་རྒྱུས་འཕེལ་རིམ་ལ་དབྱིངས་ཆེན་པོ་ཞུགས་སོང་། འགྲེམས་སྟོན་དེས་པར་རྒྱག་མཁན་ཡིན་པའི་ང་རང་ལ་གསར་རྩོམ་གྱི་ལམ་སྣེ་ཁྲིད་བྱུང་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།