2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་ཞེར་དང་ཞལ་པར་བསྐྱོན་གནང་བ།

སྤེལ་དུས 2019-12-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་9ཉིན་གྱི་དགོང་མོ་ཞལ་ཆད་ལྟར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མི་ཞེར་དང་ཞལ་པར་བསྐྱོན་གནང་ཡོད། ཞི་ཅིན་ཕིང་གིས་མི་ཞེར་སྐབས་གསར་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་ནས་འགན་གནས་བཞེས་པར་རྟེན་འབྲེལ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་གཉིས་ཀས་ཕྱོགས་མང་རིང་ལུགས་དང་། རང་མོས་ཉོ་ཚོང་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཁག་ནས་སྒྲིག་སྲོལ་ལྟར་བྱ་དོན་སྤེལ་རྒྱུའི་འདོད་ཚུལ་འཛིན་པ་བཅས་བྱེད་ཀྱི་ཡོད། མིག་སྔའི་དུས་བབ་འོག ཀྲུང་གོ་དང་ཡོ་རོབ་ཀྱིས་ཕན་ཚུན་འགྲོ་འོང་དང་། མཐུན་སྦྱོར། མཉམ་ལས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་འགན་ལེན་བྱེད་ཀྱི་ཡོད་པས། དེ་གཅིག་ནས་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་དང་འཚམ་གྱི་ཡོད་ལ། གཉིས་ནས་འཛམ་གླིང་ལ་སྔར་བས་ལྷག་པའི་བརྟན་ལྷིང་རང་བཞིན་དང་། གཏན་འཁེལ་རང་བཞིན། དྲང་ནུས་བཅས་བསྐྲུན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མིག་རྒྱང་ཐོག་ནས་ཡོ་རོབ་མནའ་འབྲེལ་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད། ཀྲུང་གོ་དང་ཡོ་རོབ་ནི་གཉིས་ཕན་མཉམ་ལས་ཀྱི་རོགས་ཟླ་བཟང་པོ་ཡིན་པ་ལས་མཐུན་ཐབས་མེད་པའི་འགྲན་རྩོད་ཁ་གཏད་མིན། ཀྲུང་གོའི་གོང་འཕེལ་ནི་ཡོ་རོབ་ཀྱི་ངོས་ནས་བརྗོད་ན་གོ་སྐབས་ཤིག་ཡིན་པ་ལས་འགྲན་རྩོད་མིན། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་གོང་འཕེལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ལ་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་དང་། སྔར་རྒྱུན་བཞིན་ཡོ་རོབ་མནའ་འབྲེལ་གྱི་གོང་འཕེལ་ལ་རྒྱབ་སྐྱོར་ཞུ་རྒྱུ། ཡོ་རོབ་མནའ་འབྲེལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དགེ་མཚན་ལྡན་པ་དང་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་ལས་ཁུངས་ཀྱིས་ཀྱང་ཀྲུང་གོར་བཟུང་བའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་ཕུགས་ཕན་རང་བཞིན་རྒྱུན་མཐུད་བྱེད་པ་དང་། ཧུར་བརྩོན་དང་། དགེ་མཚན་རང་བཞིན་ལྡན་པའི་སྒོ་ནས་མུ་མཐུད་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་བ། ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། འཕར་སྣོན། བསྒྱུར་བཅོས། ཤེས་དཔལ་བཅས་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་བྱ་རྒྱུར་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ལྷན་དུ་འབད་བརྩོན་བྱས་ནས། སང་ལོའི་ཀྲུང་གོ་དང་ཡོ་རོབ་བར་གྱི་གལ་ཆེའི་འགྲོ་འོང་དང་ལས་རིམ་རབ་དང་རིམ་པ་ལེགས་འགྲུབ་ཐུབ་རྒྱུར་འགན་ལེན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འགོ་དང་། ཡོ་རོབ་མནའ་འབྲེལ་དང་ཡོ་རོབ་དང་ཨེ་ཤ་ཡའི་མཉམ་འབྲེལ་མཉམ་མཐུད་ཀྱི་འཐབ་ཇུས་བར་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས། གང་མགྱོགས་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་འཇོག་ཐུབ་པ་དང་། ཁྱོན་ཡོངས་ནས་གནས་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཕ་རི་སིའི་གྲོས་ཆོད་ནུས་ལྡན་སྒོ་ནས་དོན་འཁྱོལ་བྱས་ཏེ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་དེ་ཕྱོགས་ཁག་ལ་ཕན་པའི་ཡང་དག་པའི་ཁ་ཕྱོགས་སྟེང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
            མེ་ཞེར་གྱིས། ངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་བཏོན་པའི་གཟིགས་སྟངས་དང་གྲོས་འགོར་རྦད་དེ་མོས་མཐུན་ཡོད། ཡོ་རོབ་དང་ཀྲུང་གོར་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་གལ་ཆེའི་ཐུན་མོང་ངོས་འཛིན་ལྡན་ཡོད། ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་ཕྱོགས་གཉིས་པོ་དང་དེ་བཞིན་འཛམ་གླིང་གི་ཐུན་མོང་ཁེ་ཕན་དང་འཚམ་གྱི་ཡོད། སང་ལོ་ཡོ་རོབ་དང་ཀྲུང་གོའི་བར་གལ་ཆེའི་མཐོ་རིམ་འགྲོ་འོང་དང་གལ་ཆེའི་མཉམ་ལས་བྱ་གཞི་རབ་དང་རིམ་པ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ནས། འབྲེལ་ཡོད་བྱེད་སྒོ་དང་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་འགན་ལེན་བྱ་རྒྱུ་དང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་མ་ཟད་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་དང་། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་སོགས་ཀྱི་ཐད་མཐུན་སྦྱོར་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་བར་གྱི་འབྲེལ་བ་ཟབ་པོ་རྒྱུན་འཁྱོངས་བྱས་ནས། ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་དང་བཟང་ཆ་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།