2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

སློབ་གྲྭའི་རྐང་རྩེད་སྤོ་ལོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ།

སྤེལ་དུས 2019-12-20 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་མ་ལག་འཛུགས་པའི་བགྲོ་གླེང་ཚོགས་འདུ་འཚོགས་པ།
          ཉིན་ཤས་གོང“སློབ་གྲྭའི་རྐང་རྩེད་སྤོ་ལོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་མ་ལག་འཛུགས་པའི་བགྲོ་གླེང་ཚོགས་འདུ”རྒྱལ་སའི་ལུས་རྩལ་སློབ་གླིང་དུ་འཚོགས་པ་རེད།
          རྒྱལ་ཡོངས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་གཞུང་ལས་ཁང་གི་ཀྲུའུ་རེན་སློབ་གསོའི་པུའི་ལུས་རྩལ་དང་། འཕྲོད་བསྟེན། སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏིང་ཧྥུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          ཝང་ཏིང་ཧྥུང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་མ་ལག་ནི་ཁྱད་ལྡན་སློབ་གྲྭའི་སློབ་ཁྲིད་དང་། སྦྱོང་བརྡར། འགྲན་བསྡུར་མ་ལག་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་དང་། ཁྱབ་ཁོངས་དེ་བས་མང་བའི་ཁྲོད་རྐང་རྩེད་སྤོ་ལོ་ཁྱབ་གདལ་གཏོང་བ་དང་དུས་མཚུངས། འགྲན་བསྡུར་མ་ལག་དང་གདམ་གསེས་མ་ལག་བརྒྱུད། ཕུལ་བྱུང་རུ་མི་རིམ་པ་བཞིན་འདེམས་པ་དང་། སློབ་གསོ་དང་ལུས་རྩལ་ཕྱོགས་གཉིས་ཀར་གཞིགས་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོའི“སྐར་ཚོགས”སྦྱོང་བརྡར་རྟེན་གཞི་བསྐྲུན་པ་རེད། “སྐར་ཚོགས”སྦྱོང་བརྡར་རྟེན་གཞི་ནི་རྫོང་ཁོངས་སུ་བསྐྲུན་པ་དང་། རྒྱལ་ཡོངས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་གཞུང་ལས་ཁང་གིས་ཆུ་ཚད་མཐོ་བའི་རྩལ་ཁྲིད་པ་སྦྱོང་བརྡར་རྟེན་གཞིའི་དབུ་བཞུགས་རིགས་གཅིག་མཁས་ཅན་ལ་གདན་དྲངས་ཡོད། དབུ་བཞུགས་རིགས་གཅིག་མཁས་ཅན་གྱི་ལས་འགན་གཙོ་བོ་ནི་གཅིག་ནས་རྫོང་ཁོངས་ཀྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན་གསོ་སྦྱོང་དང་མཛུབ་ཁྲིད་བྱས་ཏེ། ཁྱད་ལྡན་སློབ་གྲྭའི་གཟའ་འཁོར་རེའི་རྐང་རྩེད་སྤོ་ལོའི་སློབ་ཚན་ཡག་པོ་འཚོག་རྒྱུ་དང་། གཉིས་ནས་ཁྱད་ལྡན་སློབ་གྲྭ་ཚང་མར་མཛུབ་ཁྲིད་བྱས་ཏེ་སློབ་གྲྭའི་ནང་གི་སློབ་གསེང་སྦྱོང་བརྡར་དང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྒྲིག་འཛུགས་ཡག་པོ་བྱེད་རྒྱུ། གསུམ་ནས་རྫོང་ཁོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་སློབ་གྲྭའི་དབར་གྱི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར་གཉེར་རྒྱུའི་མཛུབ་ཁྲིད་བྱེད་རྒྱུ། བཞི་ནས་རྫོང་ཁོངས་ཀྱི་རིམ་མཚུངས་འགྲན་བསྡུར་སྒྲིག་འཛུགས་བྱེད་པའི་རྨང་གཞིའི་ཐོག་རྫོང་ཁོངས་སུ་ལོ་ཚད་མི་འདྲ་བའི་ཚོགས་ཆུང་གི་ཕུལ་བྱུང་རྐང་རྩེད་སྤོ་ལོ་རྒྱག་མཁན་བདམས་ཏེ་གཟའ་མཇུག་དང་དུས་ཆེན་དང་ངལ་གསོའི་དུས་ཚོད་བེད་སྤྱད་ནས་ཁོང་ཚོར་བརྒྱུད་རིམ་ལྡན་པའི་སྦྱོང་བརྡར་བྱེད་པ་དང་སྦྱོང་བརྡར་མཇུག་འགྲིལ་རྗེས་སློབ་ཕྲུག་དེ་དག་རང་སོ་སོའི་སློབ་གྲྭར་ལོག་ཏུ་འཇུག་རྒྱུ་བཅས་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།