ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

པད་མ་རྫོང་གིས་ཏང་གི་སློབ་གྲྭའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

སྤེལ་དུས 2024-05-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             ཉེ་བའི་ལོ་འགའི་རིང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭས་དགེ་རྒན་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ་དང་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱེད་པ། རང་ངོས་འཛུགས་སྐྲུན་ཇེ་ལེགས་སུ་བཏང་ནས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཁྲོད་ཀྱི་གཡུལ་ས་གཙོ་བོ་དང་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རྫོང་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བ་དང་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་ནུས་ཕྱོགས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་ཕྱོགས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས།
             སློབ་ཁྲིད་བྱེད་སྟངས་གསར་གཏོད་དང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་ཆེད། པད་མ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭས“དམར་དམག་གྲོག་རོང”གི་གསར་བརྗེ་ཐོན་ཁུངས་ལེགས་ཆ་ལ་བརྟེན་ནས་ཆེད་དོན་སློབ་ཁྲིད་དང་། ཡུལ་དངོས་ཀྱི་སློབ་ཁྲིད། ཉམས་ལེན་རྣམ་པའི་སློབ་ཁྲིད། མཉམ་འགུལ་བཅར་གླེང་རྣམ་པའི་སློབ་ཁྲིད་དང་། ཡུལ་དངོས་ཀྱི་ལྟ་སྐོར་ཟུང་འབྲེལ་ཕན་འབྲས་ཡོད་པའི་སྒོ་ནས་ཟུང་འབྲེལ་བྱས་ཐོག སློབ་མས་རང་སྦྱོང་དང་དགེ་རྒན་གྱི་ཟུར་ཁྲིད། དགེ་རྒན་གྱི་སློབ་ཁྲིད་དང་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཟུར་ཁྲིད་བྱེད་པ་སོགས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་མི་རྩ་བར་འཛིན་པ་དང་། མི་ལ་གཞིགས་ནས་སློབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས། མིག་སྔའི་བར་གསོ་སྦྱོང་འཛིན་གྲྭ་དང་བགྲོ་གླེང་འཛིན་གྲྭ་ཁག70ལྷག་སྒྲུབ་པ་དང་། བསྡོམས་པས་མི་ཐེངས4500ལྷག་གསོ་སྦྱོང་བྱས་པ་དང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་ཁ་ཕྱོགས་པའི་མིང་མི་འགོད་པའི་གློག་རྡུལ་འདྲི་ཤོག་གི་རྣམ་པ་བརྒྱུད། སློབ་གསོ་གསོ་སྦྱོང་གི་དགོས་མཁོར་བརྟག་ཞིབ་བྱེད་པ་དང་། དགོས་མཁོ་ལྟར་སློབ་ཁྲིད་ཀྱི་ནང་དོན་ལེགས་སྒྲིག་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སློབ་ཁྲིད་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་སློབ་གསོ་གསོ་སྦྱོང་ལ་སྤུས་ཚད་དང་ཕན་འབྲས་ལྡན་པར་བརྩོན་ལེན་བྱས།
             དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་ཚན་ཞིབ་བྱེད་ཤུགས་ཆེ་རུ་གཏོང་ཆེད། པད་མ་རྫོང་ཨུའི་ཏང་གི་སློབ་གྲྭས་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པ་བརྒྱུད་དེ། དགེ་རྒན་ཞིང་ཆེན་ཕྱི་ནང་དུ་གསོ་སྦྱོང་དང་ཟབ་སྦྱོང་བྱེད་པར་མངགས་པ་དང་། མིག་སྔར་དགེ་རྒན6ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་བཅས་ཀྱི་ཏང་གི་སློབ་གྲྭས་སྒྲུབ་བའི་དགེ་རྒན་གསོ་སྦྱོང་སྣ་ཚོགས་ནང་ཞུགས་ཡོད་པ་དང་དུས་མཚུངས་སུ། རྣམ་པ་མང་པོའི་བརྟག་དཔྱད་ཞིབ་འཇུག་རྩ་འཛུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་སྣ་ཚོགས་སྤེལ་བ་དང་། ཏང་གི་སློབ་གྲྭའི་སློབ་ཁྲིད་ཆོས་ཉིད་ཕྱོགས་བསྡོམས་བྱས་ནས་ཏང་གི་སློབ་གྲྭའི་སློབ་ཁྲིད་བྱེད་སྟངས་བསྒྱུར་བཅོས་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས། མིག་སྔར་པད་མའི་གསར་བརྗེའི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་བྱས་ནས《མཚོ་སྔོན་མགོ་ལོག་པན་མའི་ས་ཁུལ་གྱི་དྲན་བྱང》(བོད་ཡིག་པར་གཞི)དང་། 《ཆེས་མཛེས་པའི་བོད་ཤང་གི་མདོག་གསུམ་པན་མ》(རྒྱ་ཡིག་པར་གཞི)《གསར་བརྗེ་པད་མ》(སྐད་གཉིས་པར་གཞི)སོགས་སློབ་དེབ3རྩོམ་སྒྲིག་བྱས་པ་དང་། དེ་བཞིན《ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་རྒྱུ》དང《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ》སོགས་སློབ་ཚན་ཁག6དང《དམར་དམག་རྒྱང་སྐྱོད་པད་མ》《ཏང་འཛུགས་སྐྱོང་དང་པད་མའི་ཉམས་མྱོང》སོགས་ཁྱད་ལྡན་ཆེད་དོན་སློབ་ཚན་ཁག6རྩོམ་སྒྲིག་བྱས་ཏེ་ལེགས་འགྲུབ་བྱུང་།
 
རྩོམ་སྒྲིག་པ། དཔལ་གཡང་།