“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ལོ་གསར་པ་ནས་བོད་ཀྱི་སྨན་བཅོས་འགན་བཅོལ་གཅིག་གྱུར་བྱེད་རྩིས་འདུག

སྤེལ་དུས 2019-12-31 ཡོང་ཁུངས། བོད་ལྗོངས་ཉིན་ཚགས་ལས། རྩོམ་པ་པོ།

         2019ལོར་རང་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་གྱུར་དངོས་སུ་བྱེད་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་2019ལོའི་ཟླ་12པར《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཟླ་སྒྲིལ་གཏོང་བའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ཡོད། 《བརྡ་ཐོར》ཁྱབ་ཁྱོན་དང་།  མ་རྩ་གྲབས་གསོག་གི་སྲིད་ཇུས།  ཐོབ་ཐང་འགན་ལེན།  སྨན་བཅོས་འགན་བཅོལ་གྱི་དཀར་ཆག གནས་གཏན་འཁེལ་གྱི་དོ་དམ།  ཐེབས་རྩའི་དོ་དམ་བཅས་དྲུག་ཟླ་སྒྲིལ་གཏོང་རྒྱུ་དང་ཆབས་ཅིག 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལམ་ལུགས་གཅིག་གྱུར་བྱས་ནས་དངོས་སུ་ལག་ལེན་བསྟར་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད། 
         གཤམ་གྱི་ཐོབ་ཐང་དང་སྲིད་ཇུས་དག་ལོངས་སུ་སྤྱོད་ཆོག་གི་འདུག 
         ཤེས་རྟོགས་བྱུང་བར་གཞིགས་ན།  《བརྡ་ཐོའི》གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་འགན་བཅོལ་ལ་ཞུགས་མཁན་ཚོས་དངུལ་སྐྱེལ་བའི་རིམ་པ་མཐོ་ཤོས་བདམས་ཚེ། གཤམ་གྱི་ཐོབ་ཐང་དང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་འདུག  
         1.སྨན་ཁང་དུ་བསྡད་ནས་ཐོན་པའི་ལུགས་མཐུན་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུ་མཐོ་ཤོས་ཀྱི་སྡུར་ཚད་90%ཡན་ཟིན་པ་བྱ་རྒྱུ། 
         2.སྒོ་བསྟེན་སྨན་བཅོས་སྡེ་ཁག་ནས་དམིགས་བསལ་ནད་བལྟས་ནས་ཐོན་པའི་ལུགས་མཐུན་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུ་མཐོ་ཤོས་ཀྱི་སྡུར་ཚད་90%ཟིན་པ་བྱ་རྒྱུ། 
         3.སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་སྡེ་ཁག་ནས་ཐོན་པའི་ལུགས་མཐུན་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུའི་སྡུར་ཚད་60%ཟིན་པ་བྱ་རྒྱུ། 
         4.གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནས་ལོ་འཁོར་མོར་དངུལ་མང་ཤོས་སྒོར་ཁྲི་6སྤྲོད་རྒྱུ། 
         5.དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ལ་དམིགས་ཏེ་མི་སྒེར་འགན་བཅོལ་ལ་ཞུགས་པའི་ཁ་གསབ་ཀྱི་སྲིད་ཇུས་དང་། དབུལ་པོ་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་བཅོས་སྡེ་ཁག་ནས་དམིགས་བསལ་ནད་བལྟས་པའི་འགྲོ་སོང་རྩིས་ཞུའི་སྡུར་ཚད་བརྒྱ་ཆའི་གྲངས་5མཐོ་རུ་གཏོང་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ། 
         6.གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦྲུམ་མ་ཕྲུ་གུ་བཙའ་བ་དང་ཕྲུ་གུ་དམར་འབྱར་གྱི་མྱུར་སྐྱོབ་སྨན་བཅོས་ཀྱི་གྲོན་དངུལ་གཏན་འབེབས་ལྟར་འགྲོ་སོང་ཡོངས་རྫོགས་རྩིས་ཞུ་བྱ་རྒྱུ་བཅས་རེད།  
རྩོམ་སྒྲིག་པ།སྣང་རྡོར།