“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རྐུ་ཤོར་བའི་རྩ་ཆེའི་རིག་དངོས་འདི་དག་ཚུར་རག་འདུག

སྤེལ་དུས 2019-12-24 ཡོང་ཁུངས། རྩོམ་པ་པོ།
           རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་གཅིག་དང་། རིམ་པ་གསུམ་པའི་རིག་དངོས་གཉིས།  རིག་དངོས་དཀྱུས་མ་བརྒྱད། དེ་མིན་སྐུ་འདྲ་གསར་པ་གཅིག་བཅས་ཁྱོན་ལྷ་སྐུ་12ཚང་མ་སྐྱོན་ཆག་ཅི་ཡང་མེད་པར་གཏེར་སྒྲོམ་དགོན་པར་རྩིས་སྤྲད་པ་རེད།

           ཟླ་12ཚེས་17ཉིན། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་གི་གཏེར་སྒྲོམ་དགོན་པར་རྐུ་ཤོར་བའི་རིག་དངོས་རྩིས་སྤྲོད་པའི་མཛད་སྒོ།
           འདི་ལོའི་ཟླ་1ཚེས་15ཉིན། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ། གཏེར་སྒྲོམ་དགོན་དུ་རིག་དངོས་མང་པོ་རྐུ་ཤོར་བའི་གྱོད་གཞི་ཚབས་ཆེན་ཞིག་གཏེར་སྒྲོམ་དགོན་མངགས་གཏོང་ཁང་གིས་གྱོད་དོན་སྙན་སེང་ཞུས་པ་རེད། 
           “1.15”རིག་དངོས་རྐུ་རྒྱག་གི་གྱོད་གཞི་གང་མགྱོགས་རྩད་ཆོད་ཐུབ་ཆེད། ལྷ་ས་གྲོང་ཨུད་དང་སྲིད་གཞུང་དང་། མལ་གྲོ་གུང་དཀར་རྫོང་ཨུད་དང་སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ་གཏེར་སྒྲོམ་དགོན་དུ་བསྐྱོད་ནས། གྱོད་གཞི་ཐོན་ཡུལ་དུ་བརྟག་དཔྱད་དཔང་ལེན་བྱས་པ་དང་། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་དཔང་ལེན་ལས་དོན་འབོར་ཆེན་བསྒྲུབས་པ་བརྒྱུད། འདུ་ཁང་ཆེ་མོའི་ཕྱིར་ལུས་པའི་ཉེས་གསོག་དོགས་ཅན་གྱི་དངོས་པོ་སོགས་ཁུངས་སྣེ་གལ་ཆེན་རྩད་ཆོད་པ་རེད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་། དེ་བཞིན་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་སོགས་སྡེ་ཚན་གྱི་ཤུགས་ཆེའི་མཛུབ་ཁྲིད་འོག  མཉམ་དུ་རྩད་གཅོད་དང་དབྱེ་ཞིབ་བརྡར་གཅོད་བྱས་མཐར། ཉེས་གསོག་དོགས་ཅན་གསུམ་གཏན་འཁེལ་བྱས་པ་རེད། གྱོད་གཞི་ཐོན་ནས་ཉིན་དྲུག་ལས་ཕྱིན་མེད་ཀྱང་། ཉེས་གསོག་དོགས་ཅན་3ཁྲིམས་ལ་སྦྱར་ནས་རྐུ་ཤོར་བའི་རིག་དངོས་ཚང་མ་ཕྱིར་བླངས་པ་རེད།

གཏེར་སྒྲོམ་དགོན་པར་རིག་དངོས་རྩིས་སྤྲོད་བྱེད་པ།
           2019ལོའི་ཟླ་3ཚེས་18ཉིན། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་མལ་གྲོ་གུང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་དང་། མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་རྩད་ཆོད་པའི་དོན་དངོས་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དྲུག་ཅུ་རེ་བཞི་པ་སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། རྐུ་རྒྱག་གི་ནག་ཉེས་ཐོག་ནས་ཞུ་སྦྱོར་ཕྱི་མ་ཁོ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་དང་ཟླ་བ་གསུམ་བྱས་པ་དང་། དེ་མིན་དངུལ་ཆད་སྒོར་ཁྲི་གཉིས་བཏང་བ། ཞུ་སྦྱོར་ཕྱི་མ་མིང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་བདུན་དང་ཟླ་བ་བདུན་བྱས་པ་དང་། དངུལ་ཆད་སྒོར་ཁྲི་གཅིག་བཏང་བ། ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་བདུན་དང་ཟླ་བ་བདུན་བྱས་པ་དང་། དངུལ་ཆད་སྒོར་ཁྲི་གཅིག་བཅས་བཏང་བ་རེད། 

གཏེར་སྒྲོམ་དགོན་གྱིས་མི་དམངས་ཉེན་རྟོག་པར་གོས་དར་ཕུལ་བ།
           ཉེས་ཅན་པ་གཙོ་བོ་ཁོ་ཆེ་གེ་མོས་འདྲི་གཅོད་དང་པོའི་ཁྲུན་ཐག་དང་ལེན་མ་བྱས་པར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་བྱས་པ་དང་། ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་ཤིང་། ཁྲིམས་རའི་ཐོག་ཞུ་སྦྱོར་དང་དག་འབུད་བྱེད་མཁན་ཕྱོགས་གཉིས་དང་། དེ་བཞིན་ཞུ་སྦྱོར་ཕྱི་མ་གསུམ་གྱི་བསམ་འཆར་གང་ལེགས་ཉན་མཐར་གྱོད་གཞི་དེའི་འདྲི་གཅོད་དང་པོའི་ཁྲུན་ཐག་དོན་དངོས་ཁ་གསལ་ཞིང་དཔང་རྟགས་ཁུངས་བཙན་པ་དང་། བཅའ་ཁྲིམས་ལག་བསྟར་ཡང་དག་པ། ཉེས་ཆད་གཅོད་ཚད་རན་པ་བཅས་ཡིན་པའི་ངོས་འཛིན་བྱས་ནས་འདྲི་གཅོད་དང་པོའི་ཁྲུན་ཐག་སོར་བཞག་བྱས་ཏེ།“1.15”གཏེར་སྒྲོམ་དགོན་པའི་རིག་དངོས་རྐུ་ཤོར་གྱི་གྱོད་གཞི་ཡོངས་སུ་ཐག་བཅད་པ་རེད། 
མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཕྲིན་ལས་བསོད་ནམས་ཀྱིས། ས་གནས་ས་ཐོག་ཏུ་རྐུ་ཤོར་བའི་རིག་དངོས་རྩིས་སྤྲོད་དོན་ནི། གྱོད་གཞི་འདི་བརྒྱུད་དགོན་སྡེའི་གྲྭ་བཙུན་ཚོའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཐོག་རིག་དངོས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཉེན་བརྡ་རྒྱུན་གཏོང་གིས་གྱོད་གཞི་འདི་རིགས་བསྐྱར་དུ་མི་ཐོན་པར་བྱ་ཆེད་ཡིན་ཞེས་བརྗོད། 
རྩོམ་སྒྲིག་པ། བདེ་སྒྲོལ།