2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་ལོ་ཆུང་གདོང་ལེན་རུ་མིའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2019-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
 སྐར་མ་དང་དཔལ་འབར་གྱི་དར་ཆའི་འོག་བདེ་ཐང་ངང་འཚར་ལོངས་བྱུང་བ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆུང་དུས་ནས་མི་ཚུལ་ལྡན་ཞིག་བྱེད་སྟངས་སྦྱོང་དགོས་པ་དང་། ཆུང་དུས་ནས་ཕུགས་བསམ་ཆེན་པོ་འཛུགས་རྒྱུ་སྦྱོང་དགོས་པ། ཆུང་དུས་ནས་གསར་གཏོད་སྦྱོང་དགོས་པ”བཅས་ཀྱི་ཐུགས་རེ་དང་བླང་བྱ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ཏེ་ཏང་གི་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་ཆུང་དུས་ནས་ཕུགས་བསམ་ཆེན་པོ་འཛུགས་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་ས་བོན་འདེབས་པ། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ། བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚོ་བ་སྐྱེལ་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་གསོན་ཤུགས་མངོན་པར་བྱས་ཡོད།
        ཆབ་སྲིད་ཀྱི་སྣེ་ཁྲིད་དང་རིན་ཐང་གི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱས་པ།
        གསར་བརྗེའི་ས་བོན་གྱི་སློབ་གསོར་དམིགས་ཤིང་། བོད་ལྗོངས་ཀྱིས་ལོ་ཆུང་གདོང་ལེན་རུ་མི་ཚོར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བའི་སྣེ་ཁྲིད་ནུས་ལྡན་བྱས་ཏེ་ཏང་གཅེས་རྒྱལ་གཅེས་ཀྱི་གླུ་གཞས་མཉམ་ལེན་དང་། རྒྱལ་དར་དང་མཉམ་དུ་པར་རྒྱག་པ། “ལྟེ་བའི་རིན་ཐང་ལྟ་བ་སེམས་ལ་ངེས་པ” “ང་ནི་ཕུགས་བསམ་དོན་གཉེར་བ་ཆུང་ཆུང་ཡིན” “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱེད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་བ་མ་ཟད། ལོ་ཆུང་གདོང་ལེན་རུ་མིའི་རྨང་གཞིའི་ཤེས་བྱའི་སློབ་གསོའང་སྤེལ་བ་རེད། དེ་དང་ཆབས་ཅིག་ལོ་ཆུང་གདོང་ལེན་རུ་མི་རུ་ཁག་ནང་ཞུགས་པ་དང་རུ་མི་ནས་བྲལ་བའི་མཛད་སྒོའི་སློབ་གསོ་ཚད་ལྡན་ངང་སྤེལ་བ་དང་། རུ་དར་དང་། རུ་རྟགས། མཚོན་རྟགས། རུ་ཁག་གི་གུས་འདུད་ཞུ་ལུགས། འབོད་ཚིག་སོགས་ལོ་ཆུང་གདོང་ལེན་རུ་མིའི་མཚོན་རྟགས་ཚད་ལྡན་དུ་བཏང་བ། རུ་དར་དང་། རུ་རྟགས། སྐེ་དར་དམར་པོ་སོགས་ལོ་ཆུང་གདོང་ལེན་རུ་མིའི་རིག་གནས་ཀྱི་དམིགས་བསལ་མཚོན་རྟགས་ལས་ལོ་ཆུང་བྱིས་པར་སློབ་གསོའི་དོན་སྙིང་དང་རིམ་བཞིན་ཤུགས་རྐྱེན་ཐེབས་པའི་སློབ་གསོའི་ཕན་འབྲས་ཐོན་རྒྱུར་མཐོང་ཆེན་བྱས་པ་རེད། གདོང་ལེན་དཔེ་བཟང་གི་སློབ་གསོ་བརྒྱབ་ཅིང་། རང་ལྗོངས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་ངལ་རྩོལ་དཔེ་བཟང་དང་། སྒྱུར་བཅོས་ཀྱི་གདོང་ལེན་བ། དུས་རབས་ཀྱི་མིག་དཔེ་སོགས་སྔོན་ཐོན་མི་སྣའི་བྱས་རྗེས་ཀྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་བརྒྱབ་པ་དང་ལོ་ཆུང་དཔའ་བོ་དྲིལ་བསྒྲགས་བྱས་ཏེ། ཉེ་འགྲམ་གྱི“ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་མི”དང“ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་མཉམ་སྡེབ”ལ་སློབ་སྦྱོང་གིས་ལོ་ཆུང་བྱིས་པའི་སེམས་ལ་མིག་དཔེ་ཡོད་པ་དང་ཆུང་དུས་ནས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས་པ་རེད། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིས་དུས་རབས་གསར་པ་དང་། གྲུབ་འབྲས་གསར་པ། དམིགས་ཚད་གསར་པ་བཅས་ལ་ངོས་འཛིན་དང་རྒྱུས་མངའ་སྔར་བས་ཟབ་ཏུ་སོང་བ་དང་། ཡར་རྒྱས་དང་བཟང་ཕྱོགས་ལ་བརྩོན་པའི་དྲང་ནུས་ཟམ་མི་ཆད་པར་བསྡུས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་སློབ་སྦྱོང་དང་ལག་ལེན་བྱེད་པའི་དཔེ་བཟང་བ་ཆུང་ཆུང་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།
        ལོ་ཆུང་གདོང་ལེན་རུ་ཁག་གི་སྒྱུར་བཅོས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོའི་སློབ་ཚན་ཚད་ལྡན་ཅན་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་རིག་ཚན་འཛུགས་སྐྱོང་དང་ཟུར་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ནས། ལོ་ཆུང་གདོང་ལེན་རུ་ཁག་སྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཤིང་། ཕྱོགས་མང་ཤུགས་འདོན་དང་ཐབས་མང་མཉམ་སྤྱོད་ཀྱིས་གཟའ་འཁོར་རེའི་སློབ་དུས་1གི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོའི་སློབ་ཚན་དེ་ཚད་ལྡན་ཅན་གྱི་སློབ་ཁྲིད་རེའུ་མིག་ནང་འཇུག་པར་སྐུལ་འདེད་ཤུགས་ཆེན་བཏང་བས། དོན་འཁྱོལ་བྱེད་ཚད་མངོན་གསལ་གྱིས་མཐོ་རུ་སོང་བ་དང་། རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་དཔུང་ཁག་འཐུས་ཚང་དང་ཧྲག་ཏུ་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཁྱབ་ཟུར་ཁྲིད་པ་བཀོད་སྒྲིག་དང་དོ་དམ་བྱ་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་རིམ་པ་དབྱེ་ནས་ཆ་ཚང་གསོ་སྦྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རང་སྐྱོང་ལྗོངས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སློབ་ཚོགས་འཛུགས་པར་རིམ་བཞིན་སྐུལ་འདེད་གཏོང་བ། མཚན་འཛིན་སྤྱི་ཁྱབ་ཟུར་ཁྲིད་པ་བསྐོ་སྤྱོད་ལམ་ལུགས་བཟོ་བ་བཅས་བྱས་པ། ལྗོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱི་སྐད་འཕྲིན་སྤྱི་རྟགས“བོད་ཀྱི་སྐེ་དར་དམར་པོ”ཤར་གཏོང་གིས་ཚོད་ལྟའི་ངང་སྤྱད་དེ་བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་དང་། འབྲེལ་གཏུག ཞབས་ཞུ་བཅས་ཀྱི་སྨྱན་སྦྱོར་གསར་པའི་ལས་སྟེགས་ཧུར་ཐག་བཏོད་པ། “ཆུང་དུས་ནས་ཀྲུང་གོའི་དྲ་དམངས་ཡག་པོ་བརྩོན་ལེན་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་དྲ་ཐོག་གི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལས་སྟེགས་དང་། བྱེད་སྒོའི་འགྲེམས་སྟེགས། སྤྱི་ཕན་རྣམ་གྲངས་ལས་སྟེགས། ཁེ་དབང་ཞབས་ཞུའི་ལས་སྟེགས་སོཌ་ཐོན་ཁུངས་མཛོད་འཚོལ་ཞིབ་ཀྱིས་བསྐྲུན་ཏེ། ལོ་ཆུང་བྱིས་པར་འཚམ་པའི་དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་ཧུར་ཐག་བཏོད་ཡོད།
        འབྱུང་འགྱུར་ལ་དམིགས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་བསྐྱངས་པ།
        “དུས་རབས་གསར་པའི་ལོ་ཆུང་བྱིས་པའི་ལས་དོན་ཡག་པོ་སྒྲུབ་པར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། རུ་ཁག་ཡོངས་ཀྱིས་གཞི་རིམ་ལ་དམ་འཛིན་དང་རུ་ཁག་ཡོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན’གྱི་སྤྱིའི་བླང་བྱ་གཞིར་བཟུང་། མིག་རྒྱང་དང་གཙོ་གནད་གཤམ་སྒྱུར་མཐའ་འཁྱོངས་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་དང་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་སྐྱོང་བའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་པ། བརྟན་ཐོག་ལེགས་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ལོ་ཆུང་གདོང་ལེན་རུ་མི་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། བསམ་བློའི་སྣེ་ཁྲིད་དང་། རྩ་འཛུགས་ཀྱི་སློབ་གསོ། ལག་ལེན་གྱི་འཚར་ལོངས། ཁེ་དབང་ཞབས་ཞུ་བཅས་ལ་དམ་འཛིན་ནུས་ལྡན། ལོ་ཆུང་གདོང་ལེན་རུ་ཁག་གི་སྒྱུར་བཅོས་བསྐྱར་མར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ལ་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་དང་བསྐྱར་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལམ་ལུགས་ཅན་དང་། ཆེད་ལས་ཅན། དུས་རབས་ཅན། བརྒྱུད་རིམ་ཅན་བཅས་དང་དེ་བཞིན་སློབ་གྲྭའི་སློབ་གསོའི་ཁྱད་ཆོས་ཧེ་བག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་ཡིད་དབང་འགུགས་ཤུགས་དང་། གོང་བུ་འགྲིལ་ཤུགས། གསར་གཏོད་བྱེད་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལོ་ཆུང་བྱིས་པར་ཕན་འབྲས་དེ་བས་ཆེ་བའི་ངང་སློབ་གསོ་དང་། ཞབས་ཞུ། ཁྲིད་སྟོན་བཅས་བྱེད་དགོས”ཞེས་སྡེ་ཚོགས་ལྗོངས་ཨུ་ལྷན་ལོ་ཆུང་པུའི་པུའུ་ཀྲང་བདེ་སྐྱིད་ཀྱིས་བརྗོད་པ་རེད།
        ལོ་ངོ་70ཡི་འབད་འབུངས་མདུན་སྐྱོད་ལས་ལོ་ངོ་70ཡི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། དུས་རབས་གསར་པར་ཏང་གི་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་གངས་ལྗོངས་ས་མཐོའི་ལོ་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་ནས་མ་འོངས་པར་མེས་རྒྱལ་དང་བོད་ལྗོངས་འཛུགས་སྐྲུན་བྱེད་མཁན་གྱི་འཇོན་ཐང་ཅན་དུ་འགྱུར་ངེས་པར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།