2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་ཧྲའན་ཤིས་སུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་པ།

སྤེལ་དུས 2019-11-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས་1ཉིན་ནས་ཚེས་3ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་པའི་སྣེ་ཁྲིད་དེ་ཧྲའན་ཤིས་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་སྦྲགས། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧུའུ་ཧོ་ཕིང་དང་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ལིའུ་གོ་ཀྲུང་དང་བཞུགས་མོལ་གནང་ནས་ལྷག་བསམ་ཟོལ་མེད་ངང་དཀའ་དྲིན་གྱི་བསམ་པ་དང་ཐུགས་རྗེའི་བསམ་པ་མཚོན་པར་བྱས་པ་དང་། ས་གནས་གཉིས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཟབ་ཏུ་གཏོང་བ། ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་ཇུས་ཆེན་མཉམ་དུ་གྲོས་བསྡུར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་ཇུས་འགོད་བཅས་གནང་བ་རེད། 
             ཧུའུ་ཧོ་ཕིང་དང་ལིའུ་གོ་ཀྲུང་གིས་ཆེ་དགྲ་ལྷ་དང་བཅས་པ་ཧྲའན་ཤིས་སུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཧུའུ་ཧོ་ཕིང་གིས་ཉེ་བའི་ལོའི་ནང་ཧྲའན་ཤིས་ཀྱིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་སྐྱོར་ལས་དོན་གནས་བབ་གལ་ཆེའི་ཐོག་འཇོག་པ་དང་།དཔལ་འབྱོར་བོད་སྐྱོར་དང་། ལས་བྱེད་པའི་བོད་སྐྱོར། སློབ་གསོའི་བོད་སྐྱོར། ལག་རྩལ་བོད་སྐྱོར་སོགས་ཀྱི་བྱ་ཐབས་སྤྱི་འདོམས་བྱེད་པ། མངའ་རིས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས། ལས་བྱེད་པའི་དཔུང་ཁག་ལ་ཞུན་བརྡར་ཐེབས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མཛའ་གྲོགས་ཀྱང་ཟབ་ཏུ་ཕྱིན་ཡོད། ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཁ་གཏད་བོད་སྐྱོར་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་མཐའ་འཁྱོངས་རྩི་བ་དང་། སྤྱི་ཚོགས་ཀྱི་བྱ་གཞག་དང་། རྨང་གཞིའི་སྒྲིག་བཀོད། ལས་བྱེད་ཤེས་ལྡན་པ་སོགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེམས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། 
             ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཧྲའན་ཤིས་ཀྱིས་་ཡུན་རིང་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 
             ཆེ་དགྲ་ལྷས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ། མངའ་རིས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ། ཧྲའན་ཤིས་སུ་བཅའ་སྡོད་བོད་ཀྱི་ཚན་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་ས་གནས་གཉིས་ཀྱི་མི་དམངས་ཀྱིས་ཡུན་རིང་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་བརྒྱུད་རིམ་ཁྲོད་བརྩེ་སེམས་ཟབ་མོ་ཆགས་ཡོད། སླད་ཕྱིན་ཧྲའན་ཤིས་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་གནང་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སློབ་གསོ། འཕྲོད་བསྟེན་སོགས་ལ་སྔར་བས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད། བོད་ཀྱིས་མུ་མཐུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་དང་ཟུང་འབྲེལ་བྱེད་རྒྱུ་མ་ཟད། ད་དུང་ཧྲའན་ཤིས་ཀྱི་བསམ་ཕྱོགས་བཟང་པོ་དང་། ཉམས་མྱོང་བཟང་པོ། བྱ་ཐབས་བཟང་པོ་བཅས་དཔྱད་གཞིར་བཟུང་བ་དང་སློབ་སྦྱོང་གང་ལེགས་བྱས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་གཟིགས་སྐྱོང་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས་པ་རེད།