2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཏང་ཡོན་གྱིས་དབུལ་སྒྲོལ་ལམ་བུའི་ཐོག་སྣེ་ཁྲིད་པ་བྱ་རྒྱུའི་བརྩོན་ལེན་བྱེད་པ།

མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྒྲིལ་གླེང་། (སྨད་ཆ)

སྤེལ་དུས 2019-12-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ་བོད་ནུབ་ཀྱི་གདོང་ལེན·གསར་བརྗེའི་མངའ་རིས་ཀྱི་ཏང་འཛུགས་སྐྱོང་སྤུས་རྟགས་གཏོད་རྒྱུ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་རྒྱུར་སྣེ་ཁྲིད་བྱས་པ་རེད།
             དམག་འཐབ་མཁར་རྫོང་བརྟན་པོ་བསྐྲུན་པ།
             གངས་རིན་པོ་ཆེའི་ཟིལ་ཉམས་དགུང་དུ་འཕྱུར་ཞིང་། མ་ཕམ་གཡུ་མཚོའི་རླབས་སྔོན་ཡམ་ཡོམ་དུ་གཡོ། གནས་མཇལ་ལ་ཡོང་མཁན་དང་ཡུལ་སྐོར་བ་མཚམས་མི་ཆད། ཞོགས་པ་སྔ་པོར་གནས་རིའི་གཤམ་འོག་ཏུ་གནས་པའི་སྤུ་ཧྲེང་རྫོང་གངས་ས་གྲོང་ཚོ་འཁྲུག་ཆ་དོད་དུ་སོང་ནས་གྲོང་མི་ཚོས་གླུ་ཆུང་ལེན་བཞིན་དུ་རྡོག་ཆས་བསྡོགས་པ་དང་རྟའི་རྨིག་ལྕགས་བརྗེ་བ་སོགས་བྲེལ་བརྩོན་གྱི་རྣམ་པས་ཁེངས།
             ཁལ་གཡག་སྐྱེལ་འདྲེན་རུ་ཁག་བཙུགས་པ་ནི་གངས་ས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། གངས་ས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་གང་ལེགས་བཏོན་པ་དང་ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ་བཅས་གང་ལེགས་སྤྱད་དེ་དུད་ཚང་322ཀྱི་མི་གྲངས་1103ལ་སྐུལ་སློང་རྒྱ་ཁྱབ་བྱས་ཤིང་། ངལ་ནུས་མ་རྐང་ནང་ཞུགས་པའི་ཐབས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།
             གངས་ས་གྲོང་ཚོའི་ཏང་ཀྲི་པུའུ་དང་འདྲ་བར་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་པའི་གཞི་རིམ་གྱི་ཏང་རྩ་འཛུགས་མངའ་རིས་སུ་ད་དུང་མི་ཉུང་བ་ཞིག་ཡོད།
             གཞི་རིམ་ཏང་རྩ་འཛུགས་བརྟན་པོ་བསྐྲུན་པ་ནི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན། འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་16གྲལ་བཤེར་ངང་གཏན་འཁེལ་བྱས་ཏེ“གྲོང་ཚོ་རེར་བྱ་ཐབས་རེའི”རྩ་དོན་མཐའ་འཁྱོངས་དང་། “གཅིག་རེ་བཞིའི”བྱ་ཐབས་དོན་འཁྱོལ། རྫོང་རིམ་པའི་ལས་བྱེད་པ་16འདེམས་མངགས་ཀྱིས་གྲོང་ཚོར་འབྲེལ་གཏུག ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་16འདེམས་མངགས་ཀྱིས་གྲོང་ཚོ་འགན་གཙང་ལེན་པ། ཧྲུའུ་ཅི་དང་པོ་16འདེམས་མངགས་ཀྱིས་གྲོང་ཚོར་བཅའ་སྡོད། གྲོང་སྡོད་ལས་དོན་རུ་ཁག་16གི་མངགས་གཏོང་ཚན་པ་དང་ཆ་སྒྲིག་བཅས་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ་རེད། གཞན་ཡང་། མངའ་རིས་ས་ཁུལ་གྱིས་ས་ཁུལ་དང་། རྫོང་། ཤང(གྲོང་རྡལ)བཅས་ནས་ཕུལ་བྱུང་ལས་བྱེད་པ་741འདེམས་མངགས་བྱས་ཏེ་གྲོང་ཚོ(གྲོང་ལྷན)145རུ་དཔལ་འབྱོར་གྱི་མཛུབ་ཁྲིད་པ་དང་། “གྲོང་དཔོན”སློབ་གྲྭ་ཆེ་མོ་བ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ། གྲོང་སྡོད་སྤྱི་བདེའི་མི་དམངས་ཉེན་རྟོག་པ། གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་བཅས་སུ་བཏང་ནས་གཞི་རིམ་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ལ་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ་བཅས་ལ་གཞི་ཚུགས་པར་གཞོགས་འདེགས་བྱས་ཏེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་རེད།
             ལོ་3གྱི་གོང་། སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་སྡེ་ཞིག་ཡིན་ཞིང་། འབྲོག་པར་ཡོང་འབབ་ཡོང་ཁུངས་གཅིག་ཁོ་ན་ལས་མེད་པ་དང་། གྲོང་ཚོ་ཡོངས་ལ་དུད་ཚང་86གི་མི་301ཡོད་པའི་ཁྲོད་ནས་མི་འབོར་དབུལ་པོ་དུད་ཚང་21གི་མི་60ཡོད་པ་རེད། སྒྱུར་བཅོས་བརྟག་ཞིབ་ཚོགས་ཆུང་འཆམ་གུག་གྲོང་ཚོར་འབྱོར་སྐབས་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས“འཆམ་གུག་གྲོང་ཚོར་སྒྱུར་བཅོས་ཚོད་ལྟ་གནང་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་བཏང་སྟེ་འབྲོག་པ་རྣམས་མཉམ་དུ་ཕྱུག་པོ་ཆགས་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད། ཁ་བཤད་བྱ་བ་འཕྲལ་དུ་རྩོམ་ཞེས་པ་ལྟར་ཉི་མ་དོན་གྲུབ་ཀྱིས་འཕྲལ་དུ་གྲོང་ཚོའི་ཏང་ཡོན་40སྒྲིག་འཛུགས་བྱས་ཏེ་སྒྱུར་བཅོས་ཀྱི་དོན་གནད་ལ་གྲོས་བསྡུར་བྱས།
             ཉི་མ་དོན་གྲུབ་ཀྱི་སྣེ་ཁྲིད་འོག འཆམ་གུག་གྲོང་ཚོས་འབྲོག་ལས་སྒྱུར་བཅོས་ཀྱི་ཚོད་ལྟ་གོ་སྐབས་སུ་བྱས་ཏེ“མ་རྐང་ནང་ཞུགས་སྟངས་བཞི”དང“གཅིག་གྱུར་དྲུག”ཁྱད་ཆོས་གཙོ་བོར་བྱས་པའི་འབྲོག་ལས་གཉེར་སྟངས་གསར་པ་འཚོལ་ཞིབ་གསར་གཏོད་བྱས་པས་སྲོལ་རྒྱུན་གྱི་འབྲོག་ལས་དེ་ཉིད་ཁ་ཐོར་རྣམ་པ་དང་རགས་ལས་རྣམ་པ་ནས་ལེགས་བསྡུས་ཞིབ་གཉེར་ཅན་དང་ཕན་འབྲས་ཅན་དུ་འགྱུར་བ་དང་། འབྲོག་ལས་སྤུས་འཕར་ནུས་འཕར་དང་འབྲོག་པར་འབབ་འཕར་ཕྱུག་འགྱུར་བྱུང་བའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཐུབ་ཡོད།
             འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྒྲུབ་རིང་གི་མཚོན་ཚུལ་དངོས་དེ་ཉིད་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་འདེམས་བཀོད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་པ་དང་། ཞིབ་དཔྱད་ཐད་དབུལ་སྒྲོལ་འགག་སྒྲོལ་ལ་ལྟ་བ་དང་མི་སྣ་འདེམས་པར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ནས་འདེམས་པའི་སྟོན་ཕྱོགས་ཁ་གསལ་བཟོས་ཏེ་ཕྱུག་འགྱུར་གྱི་ཐབས་ལ་མཁས་པ་དང་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་ཐུབ་པའི་མི་སྣ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ནང་བདམས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མངའ་རིས་ས་ཁུལ་གྱི་གྲོང་ཚོའི་ལས་བྱེད་པ་850ཡི་ཁྲོད་དུ་ཕྱུག་འགྱུར་སྣེ་ཁྲིད་པ་158ཡོད་པ་རེད།
             དཀའ་སྤྱད་ཕྱུག་འགྱུར་བྱེད་པར་ཏང་གི་བཀའ་དྲིན་ཚོར་བ།
             “ལོ་འདི་དག་གི་རིང་། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རོགས་རམ་འོག་ངེད་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་། ཟ་གོས་སྡོད་གསུམ་ལ་སེམས་ཁྲལ་མི་འདུག དབང་པོ་སྐྱོན་ཅན་གྱི་གཅུང་པོར་ཡང་རོགས་རམ་ཐོབ་པས་སེམས་གཏིང་ནས་རང་རེའི་ཏང་བཀའ་དྲིན་ཆེན་པོ་ཡིན་སྙམ་གྱི་འདུག ང་ཏང་ཡོན་ཞིག་ཡིན་ལ་གྲོང་ཚོའི་ལས་བྱེད་པ་ཞིག་ཀྱང་ཡིན་པས་ཧུར་ཐག་འབད་ཐག་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྲོག་ཤིང་ལ་གོང་བཀུར་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་། རང་ཉིད་ཀྱི་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་རྒྱུ་ཡིན”ཞེས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་ཆུ་ལྷོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་བས་འཛུམ་འཚེར་འཚེར་ངང་བཤད། ཟླ་བས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ངག་ཏུ་སྐྱོར་ཐུབ་པར་བརྟེན་ཉེ་རྒྱང་གང་སར་སྐད་གྲགས་ཡོད་པ་རེད།
             མངའ་རིས་ས་ཁུལ་དུ། ཟླ་བ་དང་འདྲ་བའི་མི་ད་དུང་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ“དུས་ཆེན་གསུམ”དང“བདུན་གཅིག”“རྒྱལ་སྟོན”སོགས་དུས་ཆེན་གལ་ཆེ་རིགས་ཀྱི་གོ་སྐབས་གང་ལེགས་སྤྱད་དེ། བོད་གསར་རྙིང་བསྡུར་བ་དང་། “ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་གྱི་ཡོད། དེ་དང་ཆབས་ཅིག སློབ་གསོར་བརྟེན་ནས་དབུལ་སྒྲོལ་བྱུང་བའི་མང་ཚོགས་ཚོར་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་དང་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཚོར་བར་བྱེད་པ་དང་། ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་ཏང་གི་བཀའ་དྲིན་དྲན་པ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱེད་ཀྱི་ཡོད།
             མིག་སྔར། མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་འབད་འབུངས་ཡར་བརྩོན་དང་གདོང་མཆོང་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་མཐོན་པོར་གཡོ་བའི་ཏང་དར་སྔར་བས་དམར་མདངས་བཀྲ་བར་འབད་བཞིན་ཡོད།
དགེ་རྒྱས་རྫོང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོ་ཨུ་ལྷན་གྱི་ཚན་ཁག་མི་སྣའི་སྣེ་ཁྲིད་འོག་དམངས་ཕན་མཉམ་ལས་ཁང་བཙུགས་ཏེ་མང་ཚོགས་ལ་ཐོན་ལས་གཉེར་སྐྱོང་སྣ་ཚོགས་བྱ་རྒྱུར་ཁྲིད་སྟོན་བྱས་ཤིང་། འདི་ནི་བྱང་སྨད་གྲོང་ཚོའི་མང་ཚོགས་ཀྱིས་མཉམ་ལས་ཁང་ནས་བགོས་པའི་ཐོབ་ཆ་ལེན་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།