2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་ཁྱབ་འགྱེད་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ།

སྤེལ་དུས 2019-12-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
              ཟླ་7ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས“གྱོད་དཔེ་འདི་དག་ཁྲོད་ཀྱི་རུལ་སུངས་མི་སྣ་དག་གིས་དེ་སྔ་ལས་གནས་མི་འདྲ་བའི་ཐོག་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ལེགས་སྐྱེས་ཕུལ་མྱོང་ནའང་། ད་ཆ་ཁྲིམས་འགལ་ཉེས་གསོག་གི་ལམ་དུ་བསྐྱོད་ནས་མི་དམངས་ཀྱི་ཉེས་ཅན་པར་གྱུར་པ་དེ་ཐོག་ནས་ང་ཚོར་བསམ་གཞིག་དང་ཉེན་བརྡ་མང་པོ་ཞིག་བཏང་ཡོད”ཅེས་གསུངས་པ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་གྱོད་དཔེ་མེ་ལོང་དུ་འཛིན་པ་དང་རང་སྐྱོན་རང་བརྟག་གིས་མི་གཞན་གྱི་གྱོད་དཔེ་དེ་རང་ཉིད་ཀྱི་བསླབ་བྱར་དངོས་འབྲེལ་བརྩིས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་དེ་བཞིན་གུང་ཁྲན་ཏང་ཡོན་གྱི་ཚད་གཞིའི་ཐོག་ནས་རང་ཉིད་ལ་རེ་བ་བཅོལ་དགོས་པའི་ནན་བཤད་གནང་བ་རེད།
              2019ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་གྱི་ཕན་འབྲས་ཕྱོགས་སྡོམ་དང་ཁྱབ་གདལ་དུ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱ་རྒྱུར་དམ་པོར་དམིགས་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་མདོ་གནད་དང་གླེང་ཆ་ཆེ་བའི་གནད་དོན་ལ་དམ་པོར་དམིགས་པ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ་བཅས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཚོས་རང་རྟོགས་ངང་སྤྱོད་གཙང་རྟོགས་པ་དང་། སྤྱོད་གཙང་སྲུང་བ། སྤྱོད་གཙང་དར་སྤེལ་བཅས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་གླེང་ཕྱོགས་རྣམ་པ་ཟབ་མོ་བཏོད་པ་རེད།
              བོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ཆ་འཕྲིན་འགྲེམས་སྤེལ་གྱི་དབང་གྲགས་ལས་སྟེགས་བཏོད་དེ་ཞིབ་བཤེར་བརྟག་དཔྱད་ཆ་འཕྲིན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་བརྡ་ཁྱབ། ནག་གཤེད་དང་དེའི་རྒྱབ་རྩ་དང་འབྲེལ་བའི་དཔེ་མཚོན་གྱི་གྱོད་དཔེ་བཅས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་ནི་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་གི་དྲིལ་བསྒྲགས་སློབ་གསོའི་ཐད་ཐོག་མཐའ་བར་གསུམ་དུ་སྤྱོད་པའི་བྱ་ཐབས་ཤིག་རེད། འདི་ལོ་ཚུན་དུ། བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་དྲ་བའི་ཐོག་ཆ་འཕྲིན་ཁག་9200ལྷག་ཙམ་སྤེལ་བར་ལྟ་ཚད་ཐེངས་ཁྲི་3000ལྷག་ཙམ་ཟིན་པ་དང་ཆ་སྙོམས་ཉིན་རེར་ལྟ་ཚད་ཐེངས་ཁྲི་9.2ལྷག་ཙམ་ཟིན་པ་དང་། “གངས་ལྗོངས་དྭངས་གཙང་བསིལ་རླུང”སྐད་འཕྲིན་སྤྱི་རྟགས་ནས་ཆ་འཕྲིན་950ལྷག་ཙམ་སྤེལ་བའི་ནང་དམིགས་འཛུགས་མིང་འདོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་དང་། མང་ཚོགས་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་དུས་ཐེངས་13གྱི་ཁག་40བརྡ་ཁྱབ་བཏང་ནས་དམར་རྗེན་དུ་བཏོན་པ། ཞིབ་བཤེར་བརྟག་དཔྱད་ཀྱི་ཆ་འཕྲིན་48སྤེལ་བ་བཅས་ལས་ཟིལ་ཤུགས་ནུས་ལྡན་ཆགས་ཏེ་སྒྲིག་ཁྲིམས་ལག་བསྟར་ཇི་ཙམ་ཕྱིས་ན་དེ་ཙམ་གྱིས་ནན་པའི་བརྡ་ཆེན་པོ་ཞིག་བཏང་ཡོད།
              བསམ་བློ་ནི་བྱ་སྤྱོད་ཀྱི་གཙོ་ཁྲིད་ཡིན། ཏང་ཡོན་ལས་བྱེད་པས་བསླུ་བྲིད་བཟློག་མ་ཐུབ་པར་མཐའ་མ་ཁྲིམས་འགལ་ཉེས་གསོག་གི་གཡང་གཟར་དུ་ལྷུངས་པའི་རྩ་བ་ནི་མི་སྒེར་གྱི་ཏང་གཤིས་འདུ་ཤེས་ཉམས་པ་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པས་རེད།
              2019ལོར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེན་ཟོན་སློབ་གསོ་དེ་ཉིད་ཏང་ཡོན་ལས་བྱེད་པའི་སྲིད་གཙང་སློབ་གསོའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ་སྲིད་གཙང་སློབ་གསོ་གཏོང་སྟངས་ཟམ་མི་ཆད་པར་འཚོལ་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་གཉེར་ཞིང་། འགྲེམས་སྟོན་གཉེར་བ་ནས་བཟུང་འགྲེམས་ཁང་ཨ་མར་ལྟ་སྐོར་ལ་ཡོང་མཁན་7100ལྷག་ཙམ་ཟིན་པ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་དུ་བཙུགས་པའི་ཡན་ལག་འགྲེམས་ཁང་དུ་ལྟ་སྐོར་ལ་ཡོང་མཁན་ཁྲི་3ལྷག་ཙམ་ཟིན་ཏེ“སྤྱོད་གཙང་དྲག་རླུང”ཞིག་ལྡང་བ་དང་གྲོས་བསྡུར་གྱི་ཚ་རླབས་འཕྱུར་བ་དང་། 《ཚོད་བགམ》དང་། 《སྟེས་དབང་དང་ལྡོག་མེད》《ཆོས་འཕེལ་གྱིས་འབུལ་ཚན་སྐྱེལ་བ》ཞེས་པ་སོགས་བོད་ཀྱི་སྲིད་གཙང་གི་གཏམ་རྒྱུད་ཀྱི་བརྙན་ཐུང་30ལྷག་ཙམ་པར་ལེན་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བརྙན་ལམ་དུ་མཚོན་པར་བྱས་ནས་ཏང་ཡོན་ལས་བྱེད་པའི་བསམ་བློའི་སློབ་གསོ་ནན་དུ་བཏང་བ། གྱོད་དཔེ་དྲངས་ཏེ་སྒྲིག་ཁྲིམས་གསལ་འགྲེལ་དང་གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་ཉེན་ཟོན་གློག་བརྙན《སྲོག་རྩ་ཡིན་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་སྟེ། གུང་ཁྲན་ཏང་ཡོན་གྱིས་ཆོས་ལ་དད་པ་བྱེད་མི་ཆོག》ཅེས་པ་པར་ལེན་བྱས་ནས“ཉེ་འགྲམ་དུ་ཐོན་པའི་གྱོད་དཔེས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བ”དང“ཁྲིམས་ཚུད་མི་སྣར་བརྟེན་ནས་རུལ་སུངས་ཀྱི་རྨི་ལམ་གཏོང་མཁན་ཚོ”རྨོངས་གཉིད་ལས་སད་དུ་བཅུག་པ། 《པར་རིས་ནས་ཆབ་སྲིད་སྒྲིག་ཁྲིམས་གླེང་བ》ཞེས་པའི་ཁུག་དེབ་སྒྲིག་བཟོ་དཔེ་སྐྲུན་བྱས་ཏེ་སྲིད་གཙང་གི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ་དང་སྲིད་གཙང་གི་སྒྲིག་ཁྲིམས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་དྲང་ནུས་བརྒྱུད་སྤྲོད་དང་དྲང་ཕྱོགས་ཀྱི་ཕན་ནུས་ཆེ་རུ་བཏང་བ་རེད།
              རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འགན་འཁྲི་གསར་པ་ཐོན་པ་དང་། ལས་འགན་གསར་པར་ལས་རྗེས་གསར་པ་འཇོག 2019ལོར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྒྱུན་མཐུད་དེ་དྲིལ་བསྒྲགས་དཔུང་ཁག་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ཐབས་ལམ་ཡངས་སུ་གཏོང་རྒྱུར་འབད་པ། རྣམ་པ་བཟང་པོ་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ཁྱབ་འགྱེད་ནུས་པ་དང་ཡིད་དབང་འགུག་ནུས་ཆེ་རུ་ཏན་ཏིག་བཏང་བ་དང་། ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན་སོགས་སྲོལ་རྒྱུན་སྨྱན་སྦྱོར་དང་དེ་བཞིན་དྲ་ཚིགས་དང་སྐད་འཕྲིན་སོགས་སྨྱན་སྦྱོར་གསར་པ་གང་ལེགས་སྤྱོད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་གཏམ་རྒྱུད་ཡག་ཤོས་བརྗོད་པ། སྤྱོད་བཟང་རུལ་རྒོལ་གྱི་སྐད་སྒྲ་མི་སེམས་ལ་ཟུག་པ་དང་། མི་སེམས་དྲོས་པ། མི་སེམས་ལ་སྐུལ་ལྕག མི་སེམས་གཅིག་སྒྲིལ་བཅས་བྱས་ཏེ་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་སྐད་སྒྲ་ཆེ་ཤོས་བསྒྲགས་པ་རེད། བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་འཆར་ལ་ཉེ་བའི་2020ལོར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མུ་མཐུད་དྲ་རྒྱའི་དུས་རབས་ཀྱི་སྒྲིག་བཤེར་ལྟ་ཞིབ་དྲིལ་བསྒྲགས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་རང་གཉེར་སྨྱན་སྦྱོར་ནུས་ཤུགས་ཡོད་རྒུས་ཡག་པོ་གཉེར་བ་དང་། སྒྲིག་བཤེར་ལྟ་ཞིབ་དྲིལ་བསྒྲགས་ཀྱི་འཐབ་ས་ཡག་པོ་སྲུང་བ། སྨྱན་སྦྱོར་གསར་པའི་ཁྱབ་གདལ་ནུས་པ་ཆེ་རུ་གཏོང་བ་བཅས་ལ་བརྟེན་ནས་སྲིད་གཙང་དྲིལ་བསྒྲགས་སློབ་གསོའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ་ཤུགས་སྣོན་ཚད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསུང་སྒྲ་ཡག་པོ་མི་སེམས་སུ་ཟུག་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།